ཚེ་ཕྱི་མར་བདེ་བའི་ཚུལ་ཁྲིམས་ཞུས།།
དྲིན་ཕ་མར་བདེ་བའི་དྲིན་ལན་འཇལ།།
རང་ཤོང་སའི་རང་ཤག་གྲུ་བཞི་ནང་།།
ཚེ་སྡུག་རོགས་བྲལ་བའི་གྲྭ་རྐྱང་སྐྱིད།།
རྒྱུ་འབྱོར་བའི་དཔོན་ངོ་བསྟོད་མི་དགོས།།
མཐོ་ཕྱུག་པོའི་ཕྱུག་ངོ་བསྲུང་མི་དགོས།།
དམའ་ཉམ་ཆུང་བརྡུང་བརྡེག་རྩོད་མི་དགོས།།
ཚོད་ཆོག་ཤེས་ཟིན་པའི་གྲྭ་རྐྱང་སྐྱིད།།
རྫུན་མི་ལབ་རྩ་བཞི་སྡོམ་ཕྱུག་ཡིན།།
རྐུ་མི་བྱེད་གཞན་ནོར་རྔམ་སེམས་སྤང་།།
སྲོག་མི་གཅོད་བརྩེ་བའི་བདག་པོ་ཡིན།།
ལོག་མི་གཡེམ་བསླམ་གསུམ་ལམ་པ་ཡིན།།
དབྱིབས་འདོད་ཡོན་རི་མོ་མ་མཛེས་ཀྱང་།།
ལུས་སྒྲིབ་མེད་ཕྱི་གཙང་ནང་གཙང་ཡིན།།
གདོང་ཐལ་སྐྱའི་ཚོན་གྱིས་མ་བརྒྱན་ཡང་།།
བེམ་གཟུགས་ཁོག་ཕྱི་དཀར་ནང་དཀར་ཡིན།།
དཔོན་མིན་ཡང་རྐུབ་གཡོག་གྲལ་དུ་མེད།།
ཞབས་ཞུ་སའི་བླ་ཆེན་མ་ཡིན་ཡང་།།
བློ་འགེལ་སའི་མི་བུ་གྲུང་མ་ཡིན།།
ང་ཁེར་རྐྱང་བློ་བདེ་སེམས་སྐྱིད་ཡིན།།
༢༠༡༤-༢-༡༢-དགོང་མོར་ཁྱུང་བསོད་བློ་ནས།