ལོ་གསར་ལ་བཀྲིས་བདེ་ལེགས།
ལོ་རྙིང་དུག་གི་སྦྲུལ་ནད་གཏིང་ནས་ཕུད།།
གདོན་མེད་གྱི་ལིང་མགྲོན་གྱིས་ལོ་གསར་བསུས།།
བདེ་ཐང་ཁ་ཁྱིམ་རྟེན་འབྲེལ་རང་འགྲིགས་རེད།།
གཞིས་བྱས་དགའ་ཉེ་སྤུན་ཚོ་ལོ་གསར་བཟང་།།
དགའ་བའི་བྲོ་དང་སྐྱིད་པའི་གླུ་ཞིག་འཁྲབ།།
འཇམ་པའི་གོས་དང་ཞིམ་པའི་ཟས་ལ་རོལ།།
ཁྱིམ་མཐུན་ངག་འཇམ་ཞི་དུལ་ལྷོད་བབ་ངང་།།
གཞིས་བྱས་དགའ་ཉེ་སྤུན་ཚོ་ལོ་གསར་བཟང་།།
བཀྲིསྃ་དུང་གི་ཟླ་བ་ཀླད་ནས་འཆར།།
བདེྃ་ལེགྃས་བརྩེ་བའི་ཉི་མ་ཤར་ནས་འཕྲོས།།
ཕུྃན་སུྃམ་ཚོྃགས་པའི་སྐར་མ་དགུང་དུ་བཀྲ།
གཞིས་བྱས་དགའ་ཉེ་སྤུན་ཚོ་ལོ་གསར་བཟང་།།
ཨཾ་མཾ་དྲིན་ཅན་གཙོས་པའི་སྤུན་ཟླ་ཡོངས་།།
བཾག་དྲོཾ་བདེ་ཐང་ཕྱུག་པའི་སྐལ་བཟང་འདིར།།
སྐུཾ་ཁཾམས་བཟཾང་སྐྱིད་རྟེན་འབྲེལ་རང་འགྲིག་རེད།།
གཞིས་བྱས་དགའ་ཉེ་སྤུན་ཚོ་ལོ་གསར་བཟང་།།
བཀྲིསྃ་ཀྱི་ནམ་མཁའ་གང་བར་ཤོག།
བདེྃ་ལེགྃས་ཀྱི་ས་གཞི་ཁྱབ་པར་ཤོག།
ཕུྃན་སུྃམ་གྱི་ཡིད་སེམས་ཁེངས་པར་ཤོག།
ཚོགྃས་མི་ཚོ་ཚེ་རིང་ནད་མེད་བཞུགས།།
༢༠༡༤-༡-༣༡-བོད་ལོའི་ལོ་གསར་ཚེས-༡-ཉིན་གྱི་འཁོར་དུས་-༩-ཐོག་ཏུ་ཁྱུང་བསོད་བློ་ནས་བྲིས།།