སུམ་པ་གླང་གི་ལྗང་གསར།
 
ཟིན་བྲིས་ལི་ཐོ།
<<  < 2021 - >  >>
1234
567891011
12131415161718
19202122232425
262728293031
སྤྱི་བསྒྲགས།

 

རང་ཅག་གཞུང་ལུགས་ཟབ་མོའི་ཐང་ཆེན་སྟེང་དུ་ཤེས་རིག་སྦྲང་རྩིའི་བཅུད་ལ་ངོམ་མེད་བརྩོན་ལ་བརྩོན་འགྲུས་ཀྱི་ཅང་ཤེས་ལྕག་གི་བསྐུལ་ནས་མདུན་བསྐྱོད་གྱི་གོམ་ཁ་གློད་དེ་ཕེབས་དང་ཕེབས་བཞིན་པའི་སྒང་།     ཕྱིས་ཤེས་རིག་གི་དབལ་ཁ་རྣོ་བའི་སྤུན་གྲོགས་ཚོ།   འདི་ཕྱིའི་མདུན་ལམ་དང་རང་གི་སྐད་ཡིག་རིག་གནས་སོགས་ལ་བསམ་ཞིག་ནན་པོ་བྱས་ནས་ཤེས་རིག་གི་གླིང་ཁ་ལ་མདུན་བསྐྱོད་ཀྱི་གོམ་པ་སྤོས་ནས་ཕེབས་ཤོག་སྤུན་གྲོགས་ཚོ།།    རུས་མིང་བསོད་ནམས་བློ་གྲོས།      དྲྭ་མིང་ཁྱུང་ནག་བློ་གྲོས།      ཁ་པར་ ༡༨༧༠༨༠༨༤༡༩༩            

སྒེར་ཁུང་།  ༡༥༩༨༣༧༩༨༤༦

ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 230
  • དཔྱད་བརྗོད། 178
  • ཆེམས། 0
  • ཀློག་གྲངས། 38691


 
དེང་དུས་ཀྱི་ཕོ་གཞོན་མོ་གཞོན་འགའ་ལ་ལྟོས་དང་།
[ 2014/1/16 16:51:00 | By: vase ]
 
དེང་རབས་ཀྱི་ཕོ་གཞོན་མོ་གཞོན་འགའ་ལ་ལྟོས་དང་།

     ཀ་ལིའི་སྐྲ་ལོ་དེ་ཕོ་འདྲ་དང་ལྟག་པའི་སྐྲ་ལོ་བྱིའི་རྔ་འདྲ།།
 དབུ་ཡི་མཐའ་མཚམས་ཟླུམ་པོ་འདྲ་དང་སྟེང་དུ་སྐྲ་འཇག་ལྷབ་ལྷུབ་བཞག།
རྣ་གཡས་གྲོ་ག་ལྕགས་ཀྱིས་གཟེར་ནས་རྣ་གཡོན་ཐོས་འཛིན་ལྗིག་གིས་གཟེར།།
ཞལ་རས་སྐྱ་བོའི་རྫས་ཀྱི་ཐུམ་ནས་སྨིན་མ་གོང་འོག་གཉིས་བརྩེགས་བཟོ།།

      མེས་པོའི་བོད་དྲི་ཡེ་ནས་ཡལ་ཏེ་བོད་ལྭ་གྱོན་རྒྱུ་རྣམ་རྟོག་བརྩི།།
    བྲང་ཤ་མ་ཐུམ་རྐེད་ཤ་མ་ཁེབས་ལྭ་བ་གསར་པའི་མཛེས་མཛེས་གཏོད།།
    གཡང་གི་སྒྲ་བླའི་དྲི་མ་མེད་པའི་དེང་གི་ཕོ་གསར་ཧྲེང་ཧྲེང་འགའ།།
    རྐུབ་ཤ་དམར་རྒྱན་སྒོ་ལ་ངོམ་ནས་སྟག་ཤར་ཕོ་རྒོད་ཡིན་མདོག་མདོག།

    ཨ་མ་རྒད་མོའི་ཆས་ལུགས་མ་ཟིན་ཉིན་རེ་ཆ་ལུགས་བརྗེ་ལེན་མང་།།    
ཨ་གསར་ཆེ་བའི་གཞོན་གསར་མ་འགའི་གོམ་སྲོལ་གསར་པ་གཏོད་མདོག་ཞིག།
རིན་ཆེན་གཟི་བྱུར་མགོ་ནས་ཕུད་ནས་ལྕགས་ཐུར་ལྗིག་ཐུར་དབུ་ལ་བརྒྱན།།
དུས་རབས་གསར་པའི་རྗེས་འབྲེང་ཡིན་མདོག་སྐྲ་ལོ་ཨོ་འགུག་ལྟག་ཏུ་བཅིང་།།

ལྷན་སྐྱེས་ཞལ་རས་འཁུར་ཚོས་ཐོག་ཏུ་ཐལ་སྐྱ་དཀར་དམར་ཚུབས་སེ་ཚུབས།།
མི་སྟོན་གདོང་པ་ཁྱི་སྟོན་ཉ་རྐང་ཁ་ཤའི་ཡུག་ཕྱོགས་རས་ཀྱི་ཐུམ།།
གོམ་པ་ཆེ་ཆེ་སྤོ་ཐབས་མེད་པའི་གོམ་འགྲོས་འཆམ་པའི་གོས་ལྭ་གྱོན།། 
ངོ་ཚ་ཁྲེལ་མེད་ཤ་རྒྱན་ངོམ་བཞིན་གངས་རིའི་མཛེས་མ་ཡིན་མདོག་མདོག།
༢༠༡༤-༡-༡༦-ཞོགས་པ་དུས་ཚོད་-༨-སྟེང་དུ་ཁྱུང་བསོད་བློ་ནས་བྲིས།

 
 
Re:དེང་དུས་ཀྱི་ཕོ་གཞོན་མོ་གཞོན་འགའ་ལ་ལྟོས་དང་།
[ 2014/1/28 14:06:38 | By: སྐུ་མགྲོན་13Yl05(སྐུ་མགྲོན) ]
 
སྐུ་མགྲོན་13Yl05(སྐུ་མགྲོན)རྒན་ལགས་ནས་ཟིན་ཐོ་སྤེལ་སྐབས་བྱུང་ན་འབྲུ་གཟུགས་ཆེ་ཙམ་དང་དག་སྦྱོར་ལེགས་ཙམ་བྱུང་ན་སྙམ་པའི་རེ་བ་ཡོད། གཞན་ཟིན་གྲངས་དང་རྩོམ་ལ་དང་དོད་བཟང་པོ་འདུག་པར་ཡི་རངས་ཞུ།
 
 
Re:དེང་དུས་ཀྱི་ཕོ་གཞོན་མོ་གཞོན་འགའ་ལ་ལྟོས་དང་།
[ 2014/1/18 9:59:13 | By: སྐུ་མགྲོན་w06Eui(སྐུ་མགྲོན) ]
 
སྐུ་མགྲོན་w06Eui(སྐུ་མགྲོན)ཐུགས་རྗེ་ཆེ་དངོས་བྲིས་རང་བྲིས་བཞག། ཞུ་རྒྱུ་ཞིག་ལ་འགྱིག་རྒྱལ་ཁབ་ཅེས་པའི་འགྱིག་ལ་ལྗིག་མིན་པར་འགྱིག་ཡིན་སྣང་ཡོད། ཞིབ་ཏུ་གཟིགས་དང་། ཀུ་རེ་ཡིན།
 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.