སུམ་པ་གླང་གི་ལྗང་གསར།
 
ཟིན་བྲིས་ལི་ཐོ།
<<  < 2021 - >  >>
1234
567891011
12131415161718
19202122232425
262728293031
སྤྱི་བསྒྲགས།

 

རང་ཅག་གཞུང་ལུགས་ཟབ་མོའི་ཐང་ཆེན་སྟེང་དུ་ཤེས་རིག་སྦྲང་རྩིའི་བཅུད་ལ་ངོམ་མེད་བརྩོན་ལ་བརྩོན་འགྲུས་ཀྱི་ཅང་ཤེས་ལྕག་གི་བསྐུལ་ནས་མདུན་བསྐྱོད་གྱི་གོམ་ཁ་གློད་དེ་ཕེབས་དང་ཕེབས་བཞིན་པའི་སྒང་།     ཕྱིས་ཤེས་རིག་གི་དབལ་ཁ་རྣོ་བའི་སྤུན་གྲོགས་ཚོ།   འདི་ཕྱིའི་མདུན་ལམ་དང་རང་གི་སྐད་ཡིག་རིག་གནས་སོགས་ལ་བསམ་ཞིག་ནན་པོ་བྱས་ནས་ཤེས་རིག་གི་གླིང་ཁ་ལ་མདུན་བསྐྱོད་ཀྱི་གོམ་པ་སྤོས་ནས་ཕེབས་ཤོག་སྤུན་གྲོགས་ཚོ།།    རུས་མིང་བསོད་ནམས་བློ་གྲོས།      དྲྭ་མིང་ཁྱུང་ནག་བློ་གྲོས།      ཁ་པར་ ༡༨༧༠༨༠༨༤༡༩༩            

སྒེར་ཁུང་།  ༡༥༩༨༣༧༩༨༤༦

ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 230
  • དཔྱད་བརྗོད། 178
  • ཆེམས། 0
  • ཀློག་གྲངས། 38597


 
ཁྱད་འཕགས་མཐོ་སྒང་།
[ 2014/1/10 11:54:00 | By: vase ]
 
ཁྱད་འཕགས་ཀྱི་མཐོ་སྒང་།
                     ཁྱུང་བསོད་བློ།

མཐོང་ཡངས་དགུང་གི་ཤར་མཐའི་རི་རྩེ་དམར་སྨུག་མཚམས་སྤྲིན་ན་བཟས་སྤུད།།
བར་འདོམ་སྨྲིག་རྒྱུ་ཆུ་འཛིན་དཀར་དམར་ཟིམ་ཟིམ་འཁྱུག་སའི་མཐོ་སྒང་སྟེ།།
ཁ་དབུགས་ཁྲུས་གཙང་ཆབ་བསིལ་དྭངས་མའི་རེག་རྡུལ་རིམ་པ་སྟོང་བརྩེགས་ཆགས།།
ངུར་པ་སེར་པོས་ངང་འགྲོས་འཆམ་བཞིན་འཇོལ་མོའི་ཁུ་བྱུག་གཉིས་ཆར་བསྡེབ།།
ཡངས་སྟེང་དགུང་དུ་སྐད་གསང་ཐོས་འཛིན་དགའ་བ་འབུམ་གྱི་འཁྱུད་པ་བསྒྲགས།།

གངས་རིའི་ལྗོངས་ཀྱི་གོ་ལ་འདི་ནི་མཐོ་སྒང་ནང་གི་མཐོ་སྒང་ཞིག།
གསེར་མདོག་རྭ་ཅོའི་མ་ལག་གཞིས་ཀྱི་ཀླུ་རྒྱལ་གཙུག་གི་མཛོད་ཕུག་ཞིག།
འབུར་དུ་དོད་པའི་རི་རབ་ཡོད་དོ་རིན་ཆེན་སྣ་ལྔའི་གྲམ་དཔུང་ཞིག།
ལུགས་སུ་བླུགས་པའི་ནོར་འཛིན་སྒེག་མོ་འགངས་ཆེན་གསེར་གྱི་ཨ་ཐང་ཞིག།

ལུས་ཁམས་བདེ་བའི་ལྭ་བའི་གྱོན་ཆས་སྤུད་བཟང་སྣམ་བུའི་ཐོན་ཁུང་ཡངས།།
སེམས་ཁམས་བདེ་བའི་ས་མཐོའི་ཆུ་གཙང་བསྙོག་མེད་གཏེར་ཆུ་བཞུར་རུ་རུ།།
མ་བཅོས་རང་བྱུང་ལྷུན་གྱི་གྲུབ་པའི་གངས་རིའི་ཏི་སེ་ལོ་རྒྱུས་རིང་།།
མ་བཀོད་རང་བྱུང་བཀོད་པ་མཛེས་ཏེ་ཡིད་འོང་མཛེས་མའི་ཁོར་ཡུག་གཅིག།
               ༢-༡༤-༡-༡༠- ཁྱུང་བསོད་བློ།

 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.