སུམ་པ་གླང་གི་ལྗང་གསར།
 
ཟིན་བྲིས་ལི་ཐོ།
<<  < 2021 - >  >>
1234
567891011
12131415161718
19202122232425
262728293031
སྤྱི་བསྒྲགས།

 

རང་ཅག་གཞུང་ལུགས་ཟབ་མོའི་ཐང་ཆེན་སྟེང་དུ་ཤེས་རིག་སྦྲང་རྩིའི་བཅུད་ལ་ངོམ་མེད་བརྩོན་ལ་བརྩོན་འགྲུས་ཀྱི་ཅང་ཤེས་ལྕག་གི་བསྐུལ་ནས་མདུན་བསྐྱོད་གྱི་གོམ་ཁ་གློད་དེ་ཕེབས་དང་ཕེབས་བཞིན་པའི་སྒང་།     ཕྱིས་ཤེས་རིག་གི་དབལ་ཁ་རྣོ་བའི་སྤུན་གྲོགས་ཚོ།   འདི་ཕྱིའི་མདུན་ལམ་དང་རང་གི་སྐད་ཡིག་རིག་གནས་སོགས་ལ་བསམ་ཞིག་ནན་པོ་བྱས་ནས་ཤེས་རིག་གི་གླིང་ཁ་ལ་མདུན་བསྐྱོད་ཀྱི་གོམ་པ་སྤོས་ནས་ཕེབས་ཤོག་སྤུན་གྲོགས་ཚོ།།    རུས་མིང་བསོད་ནམས་བློ་གྲོས།      དྲྭ་མིང་ཁྱུང་ནག་བློ་གྲོས།      ཁ་པར་ ༡༨༧༠༨༠༨༤༡༩༩            

སྒེར་ཁུང་།  ༡༥༩༨༣༧༩༨༤༦

ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 230
  • དཔྱད་བརྗོད། 178
  • ཆེམས། 0
  • ཀློག་གྲངས། 39590


 
གྲ་རྐྱང་ཚོ་ལ་དཔལ་འབྱོར་ནམ་ཡང་དཀོན།
[ 2014/1/19 16:59:00 | By: vase ]
 
གྲྭ་རྐྱང་ཚོ་ལ་དཔལ་འབྱོར་ནམ་ཡང་དཀོན།       
                     ཁྱུང་བསོད་བློ།

ཕྱི་ཡི་སྣང་བ་བསླུ་མཁས་ལ།།
 ནང་གི་རྣམ་རྟོག་འགྱུར་སླ་བས།།
བདག་ཡིད་མགུ་བའི་རྫས་མང་ཀྱང་།།
གྲྭ་རྐྱང་ལག་ཏུ་ནམ་ཡང་དཀོན།།

ཡོད་པའི་བློ་རིག་དཔེ་ཆས་འཕྲོག།
མེད་པའི་ཀུན་དགའ་བཙལ་མ་ཁོམ།།
ཚན་རྩལ་མཐུན་རྐྱེན་ཁྱབ་ཆེ་ཡང་།།
གྲྭ་རྐྱང་ལག་ཏུ་ནམ་ཡང་དཀོན།།

སྣ་བརྒྱ་འཛོམས་པའི་ཟས་མཐོང་ཀྱང་།།
 མཐུན་རྐྱེན་ཞན་པའི་ཞལ་ཁ་དེ།།
ནམ་ཡང་ཡོན་བདག་རྒད་པོའི་གཡོག།
 གྲྭ་རྐྱང་ལག་ཏུ་ནམ་ཡང་དཀོན།།

ཕྱི་ནི་ཆོས་རྒྱལ་བས་ཀྱང་རྫིག།
ནང་དུ་ཀླུ་རྒྱལ་བས་ཕྱུག་ཀྱང་།།
 ཡོན་བདག་སེར་སྣ་ཅན་འཕྲད་རྗེས།།
གྲྭ་རྐྱང་ལག་ཏུ་ནམ་ཡང་དཀོན།།

མཐོང་ཚད་མི་ལེན་སྡོམ་པས་བཅིང་།།
 ཡོད་ཚད་མི་དབང་ཁྲིམས་ཀྱིས་བཅིང་།།
སྐྱེ་བ་ཕྱུག་པོའི་བུ་ཡིན་ཀྱང་།།
གྲྭ་རྐྱང་ལག་ཏུ་ནམ་ཡང་དཀོན།།

མཛེས་པའི་གཟུགས་ལ་བལྟ་མ་ཕོད།།
 སྙན་པའི་སྒྲ་ལ་གསན་མ་ཕོད།།
ཡིད་འོང་ལང་ཚོའི་འབྱོར་བ་དེ།།
གྲྭ་རྐྱང་ལག་ཏུ་ནམ་ཡང་དཀོན།།

 ཞིམ་པའི་རོ་ལ་རོལ་མ་ཕོད།།
འཇམ་པའི་རེག་ལ་མྱོང་མ་ཕོད།།
འདོད་ཡོན་སྒྱུ་མའི་བདེ་བ་དེ།།
གྲྭ་རྐྱང་ལག་ཏུ་ནམ་ཡང་དཀོན།།

     ༧དཔལ་འབྱོར་མི་དགོས།
     
 སྣང་བ་འདི་ལ་སེམས་མ་ཆགས།།
 སྟོང་པ་འདི་ལ་བློ་མ་ལོག།
སྣང་སྟོང་ཟུང་འབྲེལ་ངོ་འཕྲོད་པའི།།
གྲྭ་རྐྱང་འདི་ཕྱི་གཉིས་ལ་སྐྱིད།།

 དགོས་པའི་དགེ་བ་དངོས་སུ་འགྲུབ།།
 མི་དགོས་དུག་ལྔ་ཤུགས་ཀྱིས་ནོན།།
 འདོན་ཡོན་སྣང་བའི་མ་བསླུས་བའི།།
གྲྭ་རྐྱང་འདི་ཕྱི་གཉིས་ལ་སྐྱིད།།

མཐོང་ཚད་ལག་ཏུ་མི་ལེན་ལ།།
ཡོད་ཚད་དགོས་མདོག་ཡེ་ནས་སྤངས།།
རན་ཚོད་རང་གི་ཚོད་ཟིན་པའི།།
གྲྭ་རྐྱང་འདི་ཕྱི་གཉིས་ལ་སྐྱིད།།

ཕྱི་ཚུལ་གོས་དྲུག་ན་བཟས་སྤུད།།
ནང་ཚུལ་བསླབ་གསུམ་སྡོམ་པས་བརྒྱན།།
གསང་བ་ཀུན་གཞི་ངོ་འཕྲོད་པའི།།
 གྲྭ་རྐྱང་འདི་ཕྱི་གཉིས་ལ་སྐྱིད།།

འཆད་ན་གཞུང་བརྒྱ་ཤ་ར་ར།།
རྩོད་ན་ལོག་རྟོག་ཤིགས་སེ་གཤིགས།།
 རྩོམ་ན་དབྱངས་སྙན་ཉི་ལི་ལི།།
གྲྭ་རྐྱང་འདི་ཕྱི་གཉིས་ལ་སྐྱིད།།

མི་དབང་ནོར་ལ་སེམས་མ་ཆགས།།
མ་བྱིན་རྒྱུ་ལ་ལག་མ་བརྙབ།།
གང་འཚམས་འདོད་ཆུང་ཆོག་ཤེས་ཀྱི།།
 གྲྭ་རྐྱང་འདི་ཕྱི་གཉིས་ལ་སྐྱིད།།
       
ཆུང་དུས་དགའ་རོགས་མ་ཚུད་དུས།།
ཆེ་དུས་སྡུག་རོགས་ག་ལ་ཡོད།།
འདི་ཕྱིའི་མདུན་ལམ་མ་འཆུག་པའི།།
 གྲྭ་རྐྱང་འདི་ཕྱི་གཉིས་ལ་སྐྱིད།།
    
ཐུགས་ལྷོད་དུ་བབས་པའི་གྲྭ་རྐྱང་ཚོ།།      
དཔྱད་རྒྱག་ན་སངས་རྒྱས་གསོན་པོ་རེད།།
འདུག་ཤེས་ན་རང་ཁ་རང་སོས་རེད།།
འདུག་མ་ཤེས་རྒད་མོའི་རྐུབ་གཡོག་རེད།།
      
  ༢༠༡༤-༡-༡༩-ཉིན་ཁྱུང་བསོད་བློ་ནས་བྲིས།


     
      
 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.