སུམ་པ་གླང་གི་ལྗང་གསར།
 
ཟིན་བྲིས་ལི་ཐོ།
<<  < 2021 - >  >>
1234
567891011
12131415161718
19202122232425
262728293031
སྤྱི་བསྒྲགས།

 

རང་ཅག་གཞུང་ལུགས་ཟབ་མོའི་ཐང་ཆེན་སྟེང་དུ་ཤེས་རིག་སྦྲང་རྩིའི་བཅུད་ལ་ངོམ་མེད་བརྩོན་ལ་བརྩོན་འགྲུས་ཀྱི་ཅང་ཤེས་ལྕག་གི་བསྐུལ་ནས་མདུན་བསྐྱོད་གྱི་གོམ་ཁ་གློད་དེ་ཕེབས་དང་ཕེབས་བཞིན་པའི་སྒང་།     ཕྱིས་ཤེས་རིག་གི་དབལ་ཁ་རྣོ་བའི་སྤུན་གྲོགས་ཚོ།   འདི་ཕྱིའི་མདུན་ལམ་དང་རང་གི་སྐད་ཡིག་རིག་གནས་སོགས་ལ་བསམ་ཞིག་ནན་པོ་བྱས་ནས་ཤེས་རིག་གི་གླིང་ཁ་ལ་མདུན་བསྐྱོད་ཀྱི་གོམ་པ་སྤོས་ནས་ཕེབས་ཤོག་སྤུན་གྲོགས་ཚོ།།    རུས་མིང་བསོད་ནམས་བློ་གྲོས།      དྲྭ་མིང་ཁྱུང་ནག་བློ་གྲོས།      ཁ་པར་ ༡༨༧༠༨༠༨༤༡༩༩            

སྒེར་ཁུང་།  ༡༥༩༨༣༧༩༨༤༦

ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 230
  • དཔྱད་བརྗོད། 178
  • ཆེམས། 0
  • ཀློག་གྲངས། 38253


 
ནམ་ཡང་བཀུར་དགོས།
[ 2014/1/3 12:27:00 | By: vase ]
 
ནམ་ཡང་བཀུར།
                                       ཁྱུང་བསོད་བློ།

  ཞྭ་དཀར་བསྟན་པའི་ཨ་མྱེ་རྒད་པོ་ཨ་ཕྲུག་ངེད་ཚོས་ནམ་ཡང་བཀུར།། 
  གོ་ལའི་ལྗོངས་སུ་སྲིད་པ་གསུམ་གྱི་བསྟན་པའི་སྒྲོན་མེ་ནམ་ཡང་འབར།། བདུད་རྩི་ཆར་བསིལ་ཟེཊ་མའི་གསེང་དུ་ཐུཊ་རྗེའི་བྱིན་རླབས་ཤུཊ་ཀྱིས་བརྡོལ།།   
རླབས་ཆེན་བསྟན་པའི་ས་གསུམ་མཛད་འཕྲིན་ཡང་སྟེང་ནང་གི་ཡང་སྟེང་ཁྱབ།།   

རྒྱལ་བ་གཉིས་པའི་བསླབ་གསུམ་བསྟན་པའི་སྲོག་རྩའི་དམུ་ཐག་ཆད་མ་མྱོང་།།  
སྡེ་སྣོད་གསུམ་གྱི་ལུང་གི་གྲོལ་ཕུགས་མེས་པོ་གཤེན་གྱི་ཆུ་མགོའི་སྦུག།  
སྒོ་བཞི་མཛོད་ལྔ་ཕྱི་ནང་གསང་གསུམ་ཐེག་པ་རིམ་དགུའི་དེ་ནས་གྲོལ།།    
ཐོག་མ་ཞིག་གི་ལྟ་བའི་རྒྱལ་པོ་རྫོགས་ཆེན་ཐེག་པའི་ལྟ་བ་འཕགས།།  

མ་སྒོས་སྤྱི་ཡི་ནོར་བུ་གསོན་པོ་གྱེར་བསྟན་འདི་ལས་སུ་ཞིག་དགོས།།  
 གྱེར་མི་ངེད་ཚོའི་གྱེར་བསྟན་འདི་ལ་ཉམས་རྩ་ཞིག་དང་གཅེས་འཛིན་ཞིག།།   
ནམ་ཡང་དགོས་རྒྱུ་འོས་འགན་ཁུར་པོ་བགོ་སྐལ་ནང་གི་བགོ་སྐལ་རེད།།   
ཨ་ར་ཆུང་ཡང་གཟུགས་བཞི་ཚང་བའི་གྱེར་བུ་ང་ཡི་རེ་སྨོན་ཡིན།།
        ༢༠༡༤-༡-༣-  ཁྱུང་བསོད་བློ་ནས།
 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.