སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
མ་འདྲིས་བྱད་གཟུགས་ལོ་རྒྱུས་རིང་།།
[ 2013/10/12 20:17:00 | By: vase ]
 
     མ་འདྲིས་བྱད་གཟུགས་ལོ་རྒྱུས་རིང་།
                        ཁྱུང་བསོད་བློ།

བྱད་གཟུགས་གཅིག་གི་བྱུང་ཚུལ་གླེང་ན་བདེན་པའི་ཕུགས་ཐག་དེ་ལས་རིང་།།
ཡིད་གཏད་གཅིག་གིས་བློ་གཏད་བྱས་ན་མི་འགྱུར་དོགས་པ་སེལ་མ་ནུས།།  
རྩེ་གཉིས་སེམས་ཀྱི་གསང་བ་ཐེ་ཚོམ་ཕྱི་ལ་མ་མངོན་ནང་དུ་ཉར།།
ངོ་བསྟོད་ཚིག་གིས་བསྟོད་ར་འཐེན་བཞིན་ཤིང་ལོ་ཡར་བྱུག་མི་ཚེ་ཟད།།

ཐད་ཀའི་གཏམ་དེ་ངོ་གནོང་མེད་པར་ངོས་ལ་བསྒྲགས་རྒྱུ་གལ་ཆེ་བས།།
བདེན་པ་ཡོད་ཀྱང་ལྐོག་ལབ་ཚིག་གི་བདེན་དཔང་མི་ཐུབ་བརྒྱ་ཆ་བརྒྱ།།
ཐད་ཀར་མ་བསྒྲགས་རང་གི་གྱོང་གུད་རང་གིས་སྤྲད་པ་སུ་ཡིས་མཐོང་།།
དེ་དུས་ཕྲག་གི་སྡུག་གྱོང་ཁུར་པོ་འབད་མེད་རང་ཤུགས་བརྡོལ་ཉེན་འདུག།

མ་འདྲིས་གོང་ནས་ཨ་གསར་མི་དགོས་མ་མྱོང་གོང་གི་མྱི་གསར་རེད།།
ཇེ་འདྲིས་སོང་རྗེས་ཇེ་ངན་མ་འགྲོ་བོང་བུ་ཚ་བོ་འགྱུར་ཉེན་ཡོད།།
དུས་རྒྱུན་ཞིག་ཏུ་དབུ་མའི་ལམ་ཆེན་ཡོ་འཁྱོག་མེད་པར་བསྒྲོད་གལ་ཆེ།།
བྱ་བ་ཆུང་ཆུང་ཕྲག་ཏུ་བཀལ་རྗེས་སྒྲུབ་ཏུ་མ་ཕོད་འདི་འདྲ་དྲན།།
༢༠༡༣-༡༠-༡༢-དགོང་མོར་བྲིས།།

 
 
Re:མ་འདྲིས་བྱད་གཟུགས་ལོ་རྒྱུས་རིང་།།
[ 2013/10/14 22:53:23 | By: སྐུ་མགྲོན་t85Bre(སྐུ་མགྲོན) ]
 
སྐུ་མགྲོན་t85Bre(སྐུ་མགྲོན)ཡག་པོ་བྲིས་འདུག་ཧི་བོན་ཟིན་བྲིས་ཀློག་པ་པོ་ལྡོང་སྐལ་བཟང་ནས།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.