སུམ་པ་གླང་གི་ལྗང་གསར།
 
ཟིན་བྲིས་ལི་ཐོ།
<<  < 2021 - 10 >  >>
12345
6789101112
13141516171819
20212223242526
2728293031
སྤྱི་བསྒྲགས།

 

རང་ཅག་གཞུང་ལུགས་ཟབ་མོའི་ཐང་ཆེན་སྟེང་དུ་ཤེས་རིག་སྦྲང་རྩིའི་བཅུད་ལ་ངོམ་མེད་བརྩོན་ལ་བརྩོན་འགྲུས་ཀྱི་ཅང་ཤེས་ལྕག་གི་བསྐུལ་ནས་མདུན་བསྐྱོད་གྱི་གོམ་ཁ་གློད་དེ་ཕེབས་དང་ཕེབས་བཞིན་པའི་སྒང་།     ཕྱིས་ཤེས་རིག་གི་དབལ་ཁ་རྣོ་བའི་སྤུན་གྲོགས་ཚོ།   འདི་ཕྱིའི་མདུན་ལམ་དང་རང་གི་སྐད་ཡིག་རིག་གནས་སོགས་ལ་བསམ་ཞིག་ནན་པོ་བྱས་ནས་ཤེས་རིག་གི་གླིང་ཁ་ལ་མདུན་བསྐྱོད་ཀྱི་གོམ་པ་སྤོས་ནས་ཕེབས་ཤོག་སྤུན་གྲོགས་ཚོ།།    རུས་མིང་བསོད་ནམས་བློ་གྲོས།      དྲྭ་མིང་ཁྱུང་ནག་བློ་གྲོས།      ཁ་པར་ ༡༨༧༠༨༠༨༤༡༩༩            

སྒེར་ཁུང་།  ༡༥༩༨༣༧༩༨༤༦

ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 230
  • དཔྱད་བརྗོད། 178
  • ཆེམས། 0
  • ཀློག་གྲངས། 38551


 
དད་པའི་ཐལ་མོ།
[ 2013/10/12 15:27:00 | By: vase ]
 
དད་པའི་ཐལ་མོ།།
                            ཁྱུང་བསོད་བློ།
གྲུབ་རྒྱལ་གཡུང་དྲུང་བོན་གྱི་གཙུག་རྒྱན་མཁན་སློབ་ཉི་ཟླ་མཁའ་ནས་ཤར།།   
དགག་སྒྲུབ་བླང་དོར་དམ་བཅའ་ཆེན་མོའི་ཡོ་སྲང་དཔང་པོ་ཁྱེད་ཉིད་ཡིན།།   
མ་རྟོཊ་གནད་ཀྱི་དཀའ་མདུད་བཀྲོལ་བས་ཤན་འབྱེད་དཔང་པོ་ཁྱེད་ཉིད་ཡིན།།    
ཐེ་ཚོམ་དྲྭ་རྒྱ་ཧལ་གྱིས་གཤགས་པའི་རིག་པའི་སྤུ་གྲི་ཁྱེད་ཉིད་ཡིན།།    

གཞུང་ཆེན་ལམ་གྱི་བཞི་མདོ་ཞིག་ནས་ལམ་སྟོན་སྒྲོན་མེ་ཁྱེད་ཉིད་ཡིན།།    
ཞི་དུལ་ལྷོད་གསུམ་གཤིས་རྒྱུད་ཕྱུག་པའི་མཚན་བཟང་སེམས་དཔའི་མཚན་གཞི་ཁྱེད།།     
བཅུ་རིག་སྟོང་གི་འཕེལ་ཁ་གང་བའི་རབ་འབྱམས་གཟི་བརྗིད་མ་ཉམས་ངང་།།   
འཆད་རྩོད་རིག་པའི་བགྲོ་གླེང་གནང་བཞིན་བདག་གི་མགོན་དུ་བཞུཊ་པར་སྨོན།།   

བོན་བསྟན་འདི་ལ་བཀའ་དྲིན་ཆེ་བའི་ལྷག་བསམ་རང་གཤིས་གཙང་མ་ཡིན།།
བལ་བོད་ཡུལ་གྲུ་ཕྱོཊ་མཚམས་བརྒྱད་ལ་ཐུཊ་རྗེའི་མཛད་འཕྲིན་མ་སྤེལ་མེད།།
སྨན་རིའི་མཁན་སློབ་ཉི་ཟླ་ཟུང་འབྲེལ་ཡུན་རིང་མི་འགྱུར་བརྟན་པར་ཤོག།
བསྟན་པའི་རྒྱལ་མཚན་དགུང་དུ་སྒྲེང་བཞིན་སྟོང་གསལ་ཐུཊ་དམ་བདེ་མོར་བཞུགས།།༢༠༡༣-༡༠-༡༢  ཁྱུང་བསོད་བློ་ནས།
 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.