སུམ་པ་གླང་གི་ལྗང་གསར།
 
ཟིན་བྲིས་ལི་ཐོ།
<<  < 2021 - >  >>
1234567
891011121314
15161718192021
22232425262728
2930
སྤྱི་བསྒྲགས།

 

རང་ཅག་གཞུང་ལུགས་ཟབ་མོའི་ཐང་ཆེན་སྟེང་དུ་ཤེས་རིག་སྦྲང་རྩིའི་བཅུད་ལ་ངོམ་མེད་བརྩོན་ལ་བརྩོན་འགྲུས་ཀྱི་ཅང་ཤེས་ལྕག་གི་བསྐུལ་ནས་མདུན་བསྐྱོད་གྱི་གོམ་ཁ་གློད་དེ་ཕེབས་དང་ཕེབས་བཞིན་པའི་སྒང་།     ཕྱིས་ཤེས་རིག་གི་དབལ་ཁ་རྣོ་བའི་སྤུན་གྲོགས་ཚོ།   འདི་ཕྱིའི་མདུན་ལམ་དང་རང་གི་སྐད་ཡིག་རིག་གནས་སོགས་ལ་བསམ་ཞིག་ནན་པོ་བྱས་ནས་ཤེས་རིག་གི་གླིང་ཁ་ལ་མདུན་བསྐྱོད་ཀྱི་གོམ་པ་སྤོས་ནས་ཕེབས་ཤོག་སྤུན་གྲོགས་ཚོ།།    རུས་མིང་བསོད་ནམས་བློ་གྲོས།      དྲྭ་མིང་ཁྱུང་ནག་བློ་གྲོས།      ཁ་པར་ ༡༨༧༠༨༠༨༤༡༩༩            

སྒེར་ཁུང་།  ༡༥༩༨༣༧༩༨༤༦

ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 230
  • དཔྱད་བརྗོད། 178
  • ཆེམས། 0
  • ཀློག་གྲངས། 38875


 
བདེ་བ་ཙམ་དང་འགྱུར་ལྡོག།
[ 2013/9/24 21:36:00 | By: vase ]
 
          བདེ་བ་ཙམ་དང་འགྱུར་ལྡོག།
                              ཁྱུང་བསོད་བློ།
               
                སྲིད་པ་རྒད་པོས་ཐོང་གཤོལ་ཕྲག་ཏུ་ཁྱེར།།
                ཞིང་ས་གཤིན་པོ་འབྲུ་དྲུག་སྟོང་གི་ཁེངས།།
                  ཕ་ཞིང་ཆུ་མ་ཕ་བཟང་བུ་ཡིས་བདག།
              དབྱངས་ཅན་ཁུ་བྱུག་མགྲོན་དུ་བསུ་གྲོས་བྱས།།
                 ཀུན་འབྱུང་དཔྱིད་ཀྱི་རྒྱལ་མོ་ཨེ་མ་རྨད།།

                རྒྱ་ཞིང་སྙེ་མའི་མགོ་ལྕོག་ལྡེམ་སེ་ལྡེམ།།
                 བརྒྱ་ལོ་དམར་པོའི་རྔམ་ཁ་ཕྱུ་རུ་རུ།།
                 ལྷ་འབྲི་སྟོང་གི་འོ་མཚོ་འཁྱིལ་སེ་འཁྱིལ།།
                 གཡང་དཀར་ལུག་ཁྱུའི་འབའ་སྒྲ་ལྡི་རི་རི།།
                 སྤྲོ་སྐྱིད་དབྱར་གྱི་རྒྱལ་མོ་ཨེ་མ་རྨད།།

                སྦྲང་དཀར་རྩམ་པའི་སྙིང་བཅུད་རྔ་བརྡུ་འཚུབ།།
               འབྲས་ལྡན་ཐིག་ལེ་སྒྲིབ་མེད་དགུང་ནས་འཆར།།
               ཀུན་ལ་ཀུན་དགའ་འཚོགས་པའི་དུས་བཟང་སྟེ།།
                ཁུག་མ་མ་ལུས་ཡོང་འབབ་ནོར་གྱི་ཁེངས།།
                 སྟོན་ཟླའི་སྐྱ་རེངས་ནམ་ཡང་བསུ་འགྱུར་ཅིག།

               རང་བྱུང་ལྷུན་གྲུབ་དབུ་ཡི་རྨོག་དཀར་མཛེས།།
               རང་བྱུང་གཏེར་ཁ་བརྡོལ་བའི་ཁམས་ཡུལ་ལ།།             
                རང་བྱུང་འབྱུང་ཆེན་ཆུ་ཡིས་དར་དཀར་འཐེན།།
                  བསིལ་ལྡན་བདེ་བ་སྟོང་གི་ཉམས་ཕྱུག་པ།།
                དགུན་དུས་རྒྱལ་མོའི་གྲང་ངར་རྒྱས་འགྱུར་ཅིག།

                      ༧ འགྱུར་ལྡོག་ནི།
                   སྣང་བ་མི་རྟག་རྩ་མགོའི་ཟིལ་པ་འདྲ།།
                དུས་བཞི་མི་རྟག་འབྱུང་བཞི་རེས་མོས་ལྡང་།།
                  གཟུཊ་བཞི་མི་རྟག་འབྱུང་བའི་རྟེན་འབྲེལ་ཙམ།།
                 ཕྱི་སྣོད་མི་རྟག་དུས་ཆེན་སྟོབས་ཀྱིས་འཇིག།
                  ནང་བཅུད་མི་རྟག་ནད་མུག་མཚོན་གྱི་སྟོང་།།

                 སྐྱིད་སྡུག་མི་འདྲ་དབྱར་དགུན་གྲང་དྲོད་བཞིན།།
                  ལས་ཉོན་ལས་འབྲས་སྨིན་པའི་སྲིད་པ་ཚོ།།
                  ནམ་ཡང་འགྱུར་མེད་རྟག་ཏུ་རེ་མ་བཅའ།།
                 འགག་འཕྲང་དབུག་ཐག་ཆད་པའི་ཉིན་མོ་ལ།།         
                  འགྱོད་མེད་བློ་ཆོད་རྒོད་པའི་སྟ་བོན་སྒྲུབ།།
 
                   འདས་པའི་དུས་ཚོད་ཤི་བའི་བེམ་རོ་འདྲ།།
                   མ་འོངས་དུས་ཚོད་བཟང་ངན་ངེས་མེད་ཞིག།  
                    ད་ལྟའི་དུས་ཚོད་གསེར་གྱི་རི་རྒྱལ་འདི།།
                     ཆོ་མེད་རྣམ་གཡེང་གསེང་དུ་མ་བོར་བར།།
                    དོན་གྱི་གསེར་ངོ་ཤེས་མིན་རག་ལས་སོ།།
                    ༢༠༡༣-༩-༢༤-དགོང་མོར་བྲིས།།

 
 
Re:བདེ་བ་ཙམ་དང་འགྱུར་ལྡོག།
[ 2013/9/27 13:04:28 | By: luobian ]
 
luobianཁོམ་ཞོར་བསྟུན་ནས་དལ་གྱིས་ཀློག་གིན་ཡོད།
 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.