སུམ་པ་གླང་གི་ལྗང་གསར།
 
ཟིན་བྲིས་ལི་ཐོ།
<<  < 2021 - >  >>
1234567
891011121314
15161718192021
22232425262728
2930
སྤྱི་བསྒྲགས།

 

རང་ཅག་གཞུང་ལུགས་ཟབ་མོའི་ཐང་ཆེན་སྟེང་དུ་ཤེས་རིག་སྦྲང་རྩིའི་བཅུད་ལ་ངོམ་མེད་བརྩོན་ལ་བརྩོན་འགྲུས་ཀྱི་ཅང་ཤེས་ལྕག་གི་བསྐུལ་ནས་མདུན་བསྐྱོད་གྱི་གོམ་ཁ་གློད་དེ་ཕེབས་དང་ཕེབས་བཞིན་པའི་སྒང་།     ཕྱིས་ཤེས་རིག་གི་དབལ་ཁ་རྣོ་བའི་སྤུན་གྲོགས་ཚོ།   འདི་ཕྱིའི་མདུན་ལམ་དང་རང་གི་སྐད་ཡིག་རིག་གནས་སོགས་ལ་བསམ་ཞིག་ནན་པོ་བྱས་ནས་ཤེས་རིག་གི་གླིང་ཁ་ལ་མདུན་བསྐྱོད་ཀྱི་གོམ་པ་སྤོས་ནས་ཕེབས་ཤོག་སྤུན་གྲོགས་ཚོ།།    རུས་མིང་བསོད་ནམས་བློ་གྲོས།      དྲྭ་མིང་ཁྱུང་ནག་བློ་གྲོས།      ཁ་པར་ ༡༨༧༠༨༠༨༤༡༩༩            

སྒེར་ཁུང་།  ༡༥༩༨༣༧༩༨༤༦

ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 230
  • དཔྱད་བརྗོད། 178
  • ཆེམས། 0
  • ཀློག་གྲངས། 39994


 
བཀའ་དྲིན་ཡིན་པ་ངོ་ཤེས་དགོས།
[ 2013/9/21 10:28:00 | By: vase ]
 

       བཀའ་དྲིན་ཡིན་པ་ངོ་ཤེས་དགོས།
                       
                     མཁར་པ་བསོད་ནམས་བློ་གྲོས།
      
         སློབ་གསོ་ཞིག་གིས་བསྒུལ་བསྐྱོད་གཏོང་།།
           བསམ་བློའི་ཁ་ཕྱོགས་ཡང་དག་ལམ།།    
           བདེ་བཀོད་དགེ་རྒན་དྲིན་ཆེན་དེ།།
           ནམ་ཡང་མ་བརྗེད་སློབ་ཕྲུག་ཚོ།།

         འཛུབ་སྟོན་གཅིག་གི་ཤུལ་རྗེས་ནས།།
        དོགས་གནད་མང་པོའི་རྒྱ་མདུད་དཀྲོལ།།
         འདི་ཕྱི་མདུན་ལམ་སྟོན་ལ་མཁས།།
         བསམ་བཟང་དགེ་རྒན་མ་བརྗེད་དགོས།

            ཁོང་དུ་ཆུད་པའི་རིག་གནས་དེ།།
           ཁུར་ན་མི་ལྕི་བལ་བས་ཡང་།།
            རྒྱུག་ན་མི་གྱེས་ངོ་བོ་གཅིག།
          བསྡད་ན་རྟེན་གྱི་འཚོ་རྟེན་མཆོག།

           འབྲས་རྟགས་ལོན་པའི་སློབ་མ་དེ།།
           གཞན་ཚོགས་གསེང་དུ་མཐོ་ཟིང་ཟིང་།།
           ཁེར་རྐྱང་བསྡད་ན་བརྟན་རླིང་རླིང་།།
          དགེན་དྲིན་ཡིན་པ་ངོ་ཤེས་དགོས།།
      
           སློབ་ཚོགས་བྱེ་བའི་འདུ་ར་ནང་།།
          ཕྱི་ལ་བསྒྲགས་ན་འཚེ་བ་མེད།།
          ནང་དུ་དཔྱད་ན་དོན་གནད་ཁྲོལ།།
          དགེན་བཟང་དྲིན་དེ་མ་བརྗེད་རྒྱུ།།

         བྱིས་དུས་ཨ་མས་སྐྱོང་སྐྱོང་དང་།།    
         གཞོན་དུས་དགེན་གྱི་བསླབ་བསླབ་ཞིག།
        དར་དུས་ཨ་ཕས་ཞལ་ཏྭ་གསུམ།།
          དྲིན་གྱིས་སྐྱོང་བའི་དྲན་རྟེན་གྱིས།།

           སློབ་གྲྭ་བ་ཡི་མདུན་ལམ་དང་།།
           དགེ་སྦྱོང་བ་ཡི་འདི་ཕྱི་གཉིས།།
         དགེ་རྒན་བཟང་པོའི་དམིཊ་ཡུལ་ཡིན།།
           སྐྱོང་བ་ནམ་ཡང་མ་བརྗེད་རོགས།།

          སློབ་ཁྲིད་གསེང་གི་སློབ་གསོ་དང་།།
         དཔེ་ཁྲིད་གསེང་གི་དོགས་དཀྲོལ་སོཊ།།
          ཀླུ་གཙུག་རིན་ཆེན་ཡིན་ཀྱང་རུང་།།
        ཉོ་ཚོང་མེད་པ་ངོས་ཟིན་དགོས། ། 

           དཀར་པོ་དངུལ་གྱི་མ་སླད་ལ་།
           སྔོན་པོ་ལྕགས་དང་མ་འདྲེས་པའི།།
           སེར་པོ་གསེར་གྱི་གདམ་ངག་དེ།།       
          དོན་གྱི་གསེར་ངོ་ཤེས་པར་གྱིས།།
༢༠༡༣-༩-༡༢-ཉིན་གྱི་ཕྱི་དྲོ་དུས་ཚོད་༦-ཐོག་རྒྱ་ནག་ཁྲིན་ཏུའི་གྲོང་དུ་བྲིས།
           
           
 
 
Re:བཀའ་དྲིན་ཡིན་པ་ངོ་ཤེས་དགོས།
[ 2013/9/27 13:10:21 | By: luobian ]
 
luobian ཡོང་ནས་བཀླགས་ནས་ཡིད་ལ་བཅུག་ནས་བསམ་གཞིག་ཀློང་དུ་ཕྱིན་སོང་།
 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.