མཁར་དཔའ་བསོད་ནམས་བློ་གྲོས།
ཧི་མ་ལ་ཡའི་རི་རྒྱུད་འདི་ནས་བོན་གཤེན་གྲངས་མེད་འཚར་ལོངས་བྱུང་།།
གཤེན་སྲས་བུ་ཡི་བསྟན་འཛིན་རྣམ་པས་གཤེན་གྱི་གདུག་དཀར་དབྱིངས་སུ་བསྒྲེངས།།
མ་གྲོས་བསམ་དཀར་གཅིག་ཏུ་སྒྲིལ་བའི་གཡུང་དྲུང་བོན་གྱི་འཛིན་སྐྱོང་མཐུན།།
བྱམས་ལྡན་བློ་ཕུག་གངས་ལས་དཀར་བའི་བླ་རུ་འཕཊ་པའི་བླ་ཆེན་བཞུགས།།
དེའི་འོག་གཡུང་དྲུང་བོན་གྱི་སྲོག་འཛིན་རིག་སྨྲའི་ཁྱུ་ཚོགས་འདུ་ཁ་བཙན།།
ཐལ་འགྱུར་སེང་སྐད་སྒྲོགས་ཐེངས་རེ་ལ་མི་མཐུན་སྡུག་གི་གཞུར་སྒྲ་བཅོམ།།
རིག་པའི་གར་སྟབས་མཉམ་འགྱིང་རེ་ལ་དྭངས་བ་འདྲེན་པའི་འཆད་རྩོད་རེ།།
བྱ་དུར་དགའ་མལ་དགོན་ཆེན་འདི་ནི་ཕུན་སུམ་ཚོགས་པ་ལྔ་ལྡན་ཞིག།
སྟོན་པ་ཕུན་ཚོགས་ཐོད་དཀར་སྲས་པོས་བོན་འཁོར་བསྐོར་སའི་གདུལ་ཞིང་སྟེ།།
གནས་ཡུལ་ཕུན་ཚོཊ་དགེ་མཚན་ཆེ་བ་གནས་ཆེན་མཁའ་འགྲོ་འུག་གདོང་འདབས།།
གདུལ་འཁོར་ཕུན་ཚོཊ་སེམས་དཔའ་ཆེན་པོ་ཁྲི་གཙུག་རྒྱལ་བའི་རྒྱུད་འཛིན་ཁོ།།
དུས་བཟང་ཕུན་ཚོགས་དི་རིང་ཞིག་སྟེ་སྔག་རྫོགས་གསུམ་གྱི་དཀའ་གནད་བགྲོ།།
བཀའ་ལུང་ཕུན་ཚོཊ་གཞུང་ལུཊ་ཀུན་གྱི་མགོ་ཕུག་གཡུང་དྲུང་བོན་ཞལ་ཕྱེས།།
བོན་སྒོ་བརྒྱད་ཁྲི་ཁོང་དུ་ཆུད་སྟེ་བོན་དང་འབྲེལ་བའི་བགྲོ་གླེང་རྒྱས།།
བོན་ལ་དཀར་བའི་བོན་བརྒྱ་གཙོས་པའི་མཁས་དབང་རྣམ་གསུམ་འདི་ན་ཕེབས།།
མདོ་སྔག་སེམས་ཀྱི་ལྟ་བ་ཆེན་མོའི་དཀའ་གནད་དཀྲོལ་བའི་གདམ་དོན་ཟབ།།
བསྟན་པ་འཛིན་ལ་འབྲུག་ལྟར་གྲཊ་པའི་བོན་གྱི་བཤེས་གཉེན་དེ་ལས་འཛོམས།།
འཆད་ན་གཞུང་བརྒྱའི་ཚིག་མཛོད་ཡིན་ལ་མཁས་མིང་ཕར་ཆེར་འདར་སིག་སིག།
རྩོད་ན་རིག་པའི་ཐོག་མདའ་ཡིན་ལ་ལོག་རྟོག་བྲག་རི་འགུལ་ཤིག་ཤིག།
རྩོམ་ན་སྡེ་སྣོད་རྒྱ་མཚོ་ཡིན་ལ་རིས་མེད་གཞུང་ལུགས་གསལ་ལམ་ལམ།།
བོན་གྱི་བསྟན་པའི་མཛེས་རྒྱན་ཆེན་མོ་སྨྲ་སེང་རྣམ་གསུམ་འདིར་ཕེབས་བཟང་།།
བོན་གཤེན་གྲངས་མེད་འདུར་རྒྱུག་དིར་དིར་འདི་ན་ཕེབས་པ་སྐལ་བཟང་ཞིག།
ཆོལ་གསུམ་བོན་གྱི་འཛིན་སྐྱོང་མཐུན་མི་འདི་ན་འཛོམས་པ་རྟེན་འབྲེལ་ཞིག།
མཁན་སློབ་གཤེན་གསུམ་འདུས་སྡེས་བསུས་ནས་འདི་ན་ཕེབས་པ་གཟི་བརྗིད་ཞིག།
འགྲོ་མགོན་བླ་མའི་གཞེད་གཞུང་ཆེན་མོ་ལྷན་དུ་འཆད་པའི་དུས་བཟང་ཞིག།
འཛིན་སྐྱོང་ལྷན་ཚོགས་མཉམ་དུ་འཛོམས་པའི་རང་ཉིད་དགའ་བའི་དགའ་བ་དེ།།
འདེགས་རྒྱུ་ཡོད་ན་འོག་གཞི་རླུང་གི་དཀྱིལ་འཁོར་ཆེན་པོའི་མི་ཐེག་མོད།
སྟོན་རྒྱུ་ཡོད་ན་འཛམ་གླིང་གོ་ལ་འདི་ཡི་སྟེང་དུ་ཤོང་ཐབས་བྲལ།།
ཕྱི་དགྲའི་དགྲ་ལ་ངོ་གནོང་མེད་པའི་འཛིན་སྐྱོང་ལྷན་ཚོགས་བརྟན་པར་ཤོག།
བཀྲིས་མ་གང་ཨ་སྔོན་མེད་སྟེ་མ་ཚོགས་མེད་པའི་བཀྲིས་ཚོགས།།
བདེ་ལེགས་མ་ཁྱབ་ས་གཞི་མེད་སྟེ་མི་བདེ་མེད་པའི་བདེ་ལེགས་འཛོམས།།
ཕུན་སུམ་མ་ཚོགས་འདི་ན་མེད་སྟེ་དགོས་འདོད་ཀུན་གྱི་སྒོ་ཆེན་ཕྱེས།།
ཚོཊ་གདའ་ཚོཊ་གདའ་འདི་ན་ཚོཊ་གདའ་མ་འོངས་འདི་བཞིན་ཚོཊ་པར་སྨོན།།
༢༠༡༣-༩-༣-དགོང་མོར་བསོད་བློ་ནས་བྲིས།།