སུམ་པ་གླང་གི་ལྗང་གསར།
 
ཟིན་བྲིས་ལི་ཐོ།
<<  < 2021 - >  >>
123
45678910
11121314151617
18192021222324
25262728293031
སྤྱི་བསྒྲགས།

 

རང་ཅག་གཞུང་ལུགས་ཟབ་མོའི་ཐང་ཆེན་སྟེང་དུ་ཤེས་རིག་སྦྲང་རྩིའི་བཅུད་ལ་ངོམ་མེད་བརྩོན་ལ་བརྩོན་འགྲུས་ཀྱི་ཅང་ཤེས་ལྕག་གི་བསྐུལ་ནས་མདུན་བསྐྱོད་གྱི་གོམ་ཁ་གློད་དེ་ཕེབས་དང་ཕེབས་བཞིན་པའི་སྒང་།     ཕྱིས་ཤེས་རིག་གི་དབལ་ཁ་རྣོ་བའི་སྤུན་གྲོགས་ཚོ།   འདི་ཕྱིའི་མདུན་ལམ་དང་རང་གི་སྐད་ཡིག་རིག་གནས་སོགས་ལ་བསམ་ཞིག་ནན་པོ་བྱས་ནས་ཤེས་རིག་གི་གླིང་ཁ་ལ་མདུན་བསྐྱོད་ཀྱི་གོམ་པ་སྤོས་ནས་ཕེབས་ཤོག་སྤུན་གྲོགས་ཚོ།།    རུས་མིང་བསོད་ནམས་བློ་གྲོས།      དྲྭ་མིང་ཁྱུང་ནག་བློ་གྲོས།      ཁ་པར་ ༡༨༧༠༨༠༨༤༡༩༩            

སྒེར་ཁུང་།  ༡༥༩༨༣༧༩༨༤༦

ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 230
  • དཔྱད་བརྗོད། 178
  • ཆེམས། 0
  • ཀློག་གྲངས། 38557


 
སྐྱབས་སུ་མཆི།
[ 2013/8/14 3:17:00 | By: vase ]
 
སྐྱབས་སུ་མཆི།།


གྲངས་མེད་ཚོགས་བསཊ་གྲངས་མེད་སྒྲིབ་སྦྱང་ཀུན་གསལ་མཁྱེན་པའི་སྤྱན་མངའ་བ།།
གང་ལ་གང་འདུལ་དེ་ལ་དེ་སྟོན་སྤྲུལ་བསྒྱུར་མཁས་པའི་ཐོད་དཀར་སྲས།།
མཛད་ཆེན་བཅུ་གཉིས་འཕྲིན་ལས་སྐྱོང་བཞིན་བཀའ་འཁོར་ཐོག་མཐའ་བར་གསུམ་ཕབས།།
ཁྱེད་ཉིད་ཕེབས་པ་གཡུང་དྲུང་བོན་གྱི་སྲིད་པ་ཐོག་མ་མགོ་རྩོམ་སྟེ།།    

ཁྱེད་ལ་ཉོན་མོང་སྒྲིབ་ཚོགས་མེད་པས་དེ་ཚོ་འདུལ་བྱེད་བོན་སྒོ་ཞིག།
སངས་འཕགས་ཁྱེད་ལ་མཁོ་དགོས་མེད་ཀྱང་སྙིང་རྗེས་མ་ལ་མ་བཟོད་ནས།།
གདུལ་བྱ་དབང་པོ་རབས་འབྲིང་བསྟུན་ཏེ་འདེགས་ཚོད་གླེག་བམ་ཁུར་པོ་རེ།།
རང་རང་སོ་སོའི་ཕྲག་ཏུ་བཀལ་བཞིན་ཁྱེད་ཉིད་ཞང་བོད་ལྗོངས་སུ་ཕེབས།།།

གདུལ་བྱའི་ཉོན་མོང་བརྒྱད་ཁྲི་བཞི་སྟོང་འདུལ་བའི་བོན་སྒོ་བརྒྱད་ཁྲི་སྟོང་།།
དེ་ལས་ངོ་བོ་ལོག་སུ་མེད་པའི་ཐེག་པ་རིམ་དགུའི་རྣམ་བཞག་ཞིག།
དབང་པོ་རབས་འབྲིང་དགུ་ལ་ལྟོས་བཞིན་རེ་ལ་སྤྱི་དོན་བདུན་བདུན་ཕྱེས།།
མི་མཐུན་སྤང་བྱ་དུག་གསུམ་འདུལ་བྱེད་གཉེན་པོ་ཕྱི་ནང་གསང་གསུམ་ཟབ།།
  
     ༢༠༡༣-༨-༡༣ དགོང་མོར་ཁྱུང་ནག་བསོད་བློ་ནས།


 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.