སུམ་པ་གླང་གི་ལྗང་གསར།
 
ཟིན་བྲིས་ལི་ཐོ།
<<  < 2021 - >  >>
123456
78910111213
14151617181920
21222324252627
28293031
སྤྱི་བསྒྲགས།

 

རང་ཅག་གཞུང་ལུགས་ཟབ་མོའི་ཐང་ཆེན་སྟེང་དུ་ཤེས་རིག་སྦྲང་རྩིའི་བཅུད་ལ་ངོམ་མེད་བརྩོན་ལ་བརྩོན་འགྲུས་ཀྱི་ཅང་ཤེས་ལྕག་གི་བསྐུལ་ནས་མདུན་བསྐྱོད་གྱི་གོམ་ཁ་གློད་དེ་ཕེབས་དང་ཕེབས་བཞིན་པའི་སྒང་།     ཕྱིས་ཤེས་རིག་གི་དབལ་ཁ་རྣོ་བའི་སྤུན་གྲོགས་ཚོ།   འདི་ཕྱིའི་མདུན་ལམ་དང་རང་གི་སྐད་ཡིག་རིག་གནས་སོགས་ལ་བསམ་ཞིག་ནན་པོ་བྱས་ནས་ཤེས་རིག་གི་གླིང་ཁ་ལ་མདུན་བསྐྱོད་ཀྱི་གོམ་པ་སྤོས་ནས་ཕེབས་ཤོག་སྤུན་གྲོགས་ཚོ།།    རུས་མིང་བསོད་ནམས་བློ་གྲོས།      དྲྭ་མིང་ཁྱུང་ནག་བློ་གྲོས།      ཁ་པར་ ༡༨༧༠༨༠༨༤༡༩༩            

སྒེར་ཁུང་།  ༡༥༩༨༣༧༩༨༤༦

ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 230
  • དཔྱད་བརྗོད། 178
  • ཆེམས། 0
  • ཀློག་གྲངས། 38601


 
འཛུབ་བཙུགས།
[ 2013/7/1 15:05:00 | By: vase ]
 
འཛུབ་བཙུགས།

                                    བསོད་བློ།
           
              ཟ་ཁ་གནམ་ལ་གདང་གདང་།།
               ཟ་ཡུན་ལྷ་ལས་རིང་རིང་།།
               ཟ་འགམ་དཔོན་ངན་ཁག་ཅིག།
               ཟ་མཚམས་འཇོག་རྒྱུ་མི་འདུག།

                མཐོ་དེད་མ་ཆེ་དགུ་ཆེ།།
               མཐོན་པོའི་ཞལ་ངོ་ལྡག་བལྡག།
               མཐོན་པོའི་ཞབས་ཞུ་འགའ་ལ།།
              མཐོ་དེད་མཚམས་འཇོག་མི་འདུག།

                ཨ་ངན་ཁེར་རྐྱང་འགའ་ཡིས།།
                ཨ་ར་རྫ་རིས་གསོག་གསོག།
                ཨ་ཚོད་རང་གི་མི་ཟིན།།
               ཨ་ཁའི་ལས་ཚབས་ཆེ་ཉན།།

                 དྲང་པོའི་ལམ་བུ་ཐོག་ཏུ།།
                དྲང་བདེན་སྐད་ཆ་ཡོད་མདོག།
                དྲང་པོའི་ཐིག་ཤིང་འཚོལ་ཀྱང་།།
               དྲང་གཏམ་ཡེ་ནས་མེད་ཀི།

                ཡོད་ཚད་མགུ་སའི་མཛེས་མ།།
                ཡོད་ཚད་མིག་གི་དགའ་སྟོན།།
                ཡོད་ཚད་སེམས་ཀྱི་འཁོར་རྟེན།།
                ཡོད་ཚད་དབྱར་རྩ་དགུན་འབུ།།

               སྲ་བརྟན་སྲོག་ལས་གཅེས་དགོས།།
               སྲ་ཉམས་རྡོ་ལས་ཆེ་ཆེ།།
               སྲ་མཛེས་འཁོར་ཡུག་བཟང་པོ།།
              སྲ་བརྟན་འགྱུར་མེད་གསེར་རེད།།
          ༢༠༡༣-༧-༡-ཉིན་བྲིས།།
          
          
 
 
Re:འཛུབ་བཙུགས།
[ 2013/7/1 17:17:10 | By: luobian ]
 
luobianདེང་གི་སྲོལ་དང་དེང་གི་གང་ཟག།།
ཁ་དང་ཁོག་པའི་ཁ་ཐག་སྟོང་རེད།།
རིག་དུས་མཚར་རེད་རེག་ན་ཚར་རེད།།
ཤེས་བཞིན་གཡང་དུ་འཆོང་བ་དེ་བས་མང་རེད།།
 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.