སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
བཟང་ངན་འདྲེས་མའི་ཀུན་དགའ་དོན་འགྲུབ།།
[ 2013/7/1 14:09:00 | By: vase ]
 
བཟང་ངན་འདྲེས་མའི་ཀུན་དགའ་དོན་འགྲུབ།།

                        ཁྱུང་ནག་བསོད་ནམས་བློ་གྲོས།
                      

              མི་དབང་མི་མགུ་མེད་པའི་ཚངས་སྲས་མ།།
              དྲང་བདེན་ལམ་གྱི་མདའ་ཁ་དཀྱུས་བཙན་པ།།
              མཐོ་དམན་དབྱེ་དཀྲུག་འབྱེད་ལ་མཁས་པ་དེ།།
           ཀུན་དགའ་དོན་འགྲུབ་སྟེང་དུ་ནམ་ཡང་འཚོགས།།

             དགེ་ལ་ཕྱི་བཤོལ་བྱེད་པའི་རྗེས་ལུས་པ།།
             སློབ་ལ་ལེ་ལོ་བསླབ་པའི་དགེ་རྒན་འདྲ།།
            མི་ཚེ་རྣམ་གཡེང་གཏོང་བའི་གཏེ་ཧོ་དངོས།།
            ཀུན་དགའ་དོན་འགྲུབ་སྟེང་དུ་ཅི་མི་ཚང་།།

             གཅིན་ཚེ་བློ་དགུ་འཁྲབ་པའི་སྐྱང་གྲུང་འཛོམས།  
            ལས་འབྲས་རྡོག་བརྫིས་གཏོང་བའི་ཕུང་རྒན་དངོས།།
             ཡིན་མིན་ཁ་ཚོན་གཅོད་པའི་དྲང་བདེན་རྫུན།།
            དོན་འགྲུབ་ཀུན་དགའི་འཁྲབ་སྟོན་ཡ་རེ་མཚར།།

            མཐོ་བའི་སྤྱི་དཔོན་རྒྱལ་པོ་མན་ཆད་དང་།།
              དམའ་བའི་ར་རྫི་སྐྱ་ངོ་ཡན་ཆད་ཀྱི།།
            ཡིད་སྨོན་ཤོར་སའི་འདོད་ཡོན་མིག་གི་ཟས།།
        ཀུན་དགའ་དོན་འགྲུབ་སྟེང་དུ་ཡོད་ཚད་འཚོགས།།

              ཤ་ལ་མི་དགའ་བ་ཡི་ཞི་མི་དང་།།
               རྒྱུ་ལ་མི་དགའ་བ་ཡི་ཕྱུག་པོ་ཞིག། 
           འཛིན་མའི་གོ་ལ་འདིའི་སྟེང་མི་འདུག་སྟེ།།
           ཀུན་དགའ་དོན་འགྲུབ་ཀུན་ལ་མཛེས་མ་ཡིན།།
               
             བྱ་བ་ཀུན་གྱི་བསྒུལ་སྤྱོད་དཔུང་དུ་སྒྲིལ།།
             སྟག་ཁྱུ་དར་མས་གར་སྟབས་རྔམ་རྫིག་འགྱིང་།།
             ཕྲ་མྱུར་ལྡེམ་མའི་སྐད་འགྱུར་གྲེ་དབྱངས་འཐེན།།  
           མཉམ་འཛོམ་དགའ་སྟོན་ལྟད་མོ་ཁྱོད་ཀྱིས་བཤམ།།

                བ་སྤུ་ཟིང་ཟིང་རྒྱུ་བའི་ཚོར་བདེའི་མ།།
           རྣམ་རྟོག་མྱུར་མགྱོགས་དྲག་པའི་གར་མཁན་མ།།
            སྒྱུ་རྩལ་དམངས་ཁྲོད་འཚོགས་པའི་ལྡེམ་མྱུར་དེ།།
             ཀུན་དགའ་དོན་འགྲུབ་ཁྱོད་ལ་ནམ་ཡང་འཁོར།།

               ཨ་ཞང་མགོ་ཟླུམ་འགའ་ཡི་འགྲོ་དོན་དང་།།
           ལུས་ངན་ཨ་མཆོད་སྤྲང་པོའི་མཆོད་དབྱངས་གཉིས།།
             མཛེས་པའི་མིང་གི་བརྒྱན་པ་མ་མཚུང་ལས།།
            དམིགས་པ་ཀུན་དགའ་དོན་འགྲུབ་ཅི་ལ་ཁྱད།།

             གསོན་ན་གསོག་སེམས་འཁོར་སའི་ཨ་མ་འདྲ།།
                 ཤི་ན་ཕྱི་མིག་བསྒྲད་སའི་ཨ་ཕ་འདྲ།།
             དུས་རྒྱུན་སྤུན་མཆེད་བས་ཀྱང་གཅེས་སྤྲས་ཆེ།།
              ཀུན་དགའ་དོན་འགྲུབ་ནམ་ཡང་ཨེ་མ་ཧོ།།

               ཁྱོད་རང་མེད་ན་ལམ་སྟོན་གང་གི་ཞུ།།
                 ཁྱོད་རང་མེད་འཚོ་རྟེན་སུ་ཡི་བྱེད།།
            ཁྱོད་རང་མེད་ན་འཕེལ་རྒྱས་སུ་ཡི་གཏོང་།།
           ཀུན་གྱི་གྲོགས་པོ་ཀུན་དགའ་དོན་འགྲུབ་རྒྱལ།།
                 ༢༠༡༣-༧-༡-ཉིན་བྲིས།།
      
        
      
     
 
 
Re:བཟང་ངན་འདྲེས་མའི་ཀུན་དགའ་དོན་འགྲུབ།།
[ 2013/7/3 12:51:46 | By: yongzhoglangda ]
 
yongzhoglangdaཡག་པོ་འདུག
 
 
Re:བཟང་ངན་འདྲེས་མའི་ཀུན་དགའ་དོན་འགྲུབ།།
[ 2013/7/1 17:13:16 | By: luobian ]
 
luobianརྒྱུན་དུ་ལེགས་བཤད་འདྲ་བ་ཏག་ཏག་སྤེལ་བར་ངཏོ་མ་ཐུགས་རྗེས་ཆེ།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.