སུམ་པ་གླང་གི་ལྗང་གསར།
 
ཟིན་བྲིས་ལི་ཐོ།
<<  < 2021 - >  >>
1
2345678
9101112131415
16171819202122
23242526272829
30
སྤྱི་བསྒྲགས།

 

རང་ཅག་གཞུང་ལུགས་ཟབ་མོའི་ཐང་ཆེན་སྟེང་དུ་ཤེས་རིག་སྦྲང་རྩིའི་བཅུད་ལ་ངོམ་མེད་བརྩོན་ལ་བརྩོན་འགྲུས་ཀྱི་ཅང་ཤེས་ལྕག་གི་བསྐུལ་ནས་མདུན་བསྐྱོད་གྱི་གོམ་ཁ་གློད་དེ་ཕེབས་དང་ཕེབས་བཞིན་པའི་སྒང་།     ཕྱིས་ཤེས་རིག་གི་དབལ་ཁ་རྣོ་བའི་སྤུན་གྲོགས་ཚོ།   འདི་ཕྱིའི་མདུན་ལམ་དང་རང་གི་སྐད་ཡིག་རིག་གནས་སོགས་ལ་བསམ་ཞིག་ནན་པོ་བྱས་ནས་ཤེས་རིག་གི་གླིང་ཁ་ལ་མདུན་བསྐྱོད་ཀྱི་གོམ་པ་སྤོས་ནས་ཕེབས་ཤོག་སྤུན་གྲོགས་ཚོ།།    རུས་མིང་བསོད་ནམས་བློ་གྲོས།      དྲྭ་མིང་ཁྱུང་ནག་བློ་གྲོས།      ཁ་པར་ ༡༨༧༠༨༠༨༤༡༩༩            

སྒེར་ཁུང་།  ༡༥༩༨༣༧༩༨༤༦

ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 230
  • དཔྱད་བརྗོད། 178
  • ཆེམས། 0
  • ཀློག་གྲངས། 38484


 
བལྟ་འདོད་ཡེ་ནས་མེད་ཀི།
[ 2013/6/20 12:48:00 | By: vase ]
 
      བལྟ་འདོད་ཡེ་ནས་མེད་ཀི།
              
               ཁྱུང་ནག་བསོད་ནམས་བློ་གྲོས།

         མདུན་ལམ་གོམ་འགྲོས་མེད་སྟེ།།
           མ་འོངས་ཕྱི་བསམ་མི་ཤེས།།
         ལོ་གཅིག་འཚོ་བའི་འགྲོ་སོང་།།
            ག་ལེར་ག་ལེར་མེད་པ།།
            ཡ་ཕྲུག་ཡ་ཧོ་འགའ་ཡི།།
           དབྱར་རྩ་དགུན་འབུ་རྙེད་འདྲ།།

           སྐོམ་པའི་ཆུ་ལ་རྔམ་རྔམ།།
          ཞལ་མཆུ་ཡར་རྒྱག་མར་རྒྱག།
           ཁ་ནས་བཤད་དུ་མ་ཕོད།།
            ཁོག་ཏུ་དམ་དྲག་ཚ་བ།།
            ག་ལེར་ག་ལེར་མེད་པ།།
           གྲྭ་པས་མནའ་མ་བཞག་འདྲ།།
       
           ཉི་མ་གཅིག་གི་སྡུག་འབྲས།།
          དེ་རིང་གསེར་མདོག་རྭ་ཅོ།།
          དེ་དགོང་སྡོམ་ཁ་གཡར་ཏེ།།
          ཡོན་བདག་མོས་པ་མེད་ཀྱང་།།
           ག་ལེེར་ག་ལེར་མེད་པ།།
        བཙུན་གཟུགས་འབུ་སྡོམ་བྱོན་འདྲ།།

            དགོས་པའི་དགེ་བ་མི་ཤེས།།
           མི་དགོས་ཡོད་ཚད་ཤེས་མཁན།། 
           གྲོང་ཁྱེར་རྒད་པོ་འགའ་ཡིས།།
           བཟའ་ཚང་གཟིམས་པའི་དངུལ་ལོ།། 
             ག་ལེར་ག་ལེར་མེད་པ།།
            མ་ལྕང་བག་ལ་བརྗེས་འདྲ།།

           ཡོད་ཚད་མགོ་བོ་བསྐོར་བསམ།།
           རིག་ཚད་ཚོང་ལ་བསྒྱུར་བསམ།།
            མཐོང་ཚད་ཉོ་ཚོང་བྱས་ནས།།
            མགོ་སྐོར་ཧམ་སེམས་ཆེ་བ།།
            ག་ལེར་ག་ལེར་མེད་པ།།
          ཚོང་དཔོན་གསར་པའི་ཚོང་འདྲ།།
         
          གྲངས་མང་ལོ་ཡི་སྦྱང་བྱ།།
        གཞུང་ལུགས་རྒྱ་མཚོའི་དཀའ་གནད།།
          ཟླ་བ་རེ་གཉིས་ཞིག་ལ།།
        ཤེས་དགོས་ཧམ་སེམས་ཆེ་བ།།
          ག་ལེར་ག་ལེར་མེད་པ།།
         བསྡུས་གྲྭ་གསར་པའི་སྦྱང་འདྲ།།

            དེ་རིང་ཉི་མ་རིང་རིང་།།
            དེ་དགོང་རེ་སྒུག་བྱས་བྱས།།
            ཨ་གསར་འཛུབ་ཁུག་གང་དེ།།
          རྫོགས་མཚམས་མ་སླེབས་བར་དུ།།
             ག་ལེར་ག་ལེར་མེད་པ།།
          ཕོ་གསར་མནའ་གསར་བཞག་འདྲ།།
                        ༧
            འབྱོར་མེད་ཁྱིམ་ཚང་ཞིག་དུ།།
         ཞག་བཞུགས་བྱེད་ཐག་གཅོད་ཀྱང་།།
           ཞལ་པར་ཨང་གྲངས་རྫིག་པའི།།
         རྒྱ་མོའི་གསུང་སྐད་ཐོས་ཐག།
            ཟླ་གམ་ཕྲག་ཏུ་བསྣམ་ནས།།
           ག་ལེར་ག་ལེར་མེད་པ།།
            རྒྱ་བླའི་རྒྱ་མོ་རྙེད་འདྲ།།

          མཚན་མོ་མཚན་སྙན་མི་བརྗེད།།
          བསམ་བློ་སྟེང་འོག་དགུ་བསྒྱུར།།
          སེམས་པས་རྒྱལ་ཁམས་སྐོར་སྐོར།།
        མི་ཚོགས་ཁྲོམ་ཚོགས་དཀྱིལ་དུ།།
          སྔོན་མགྱོགས་བང་རྩལ་ངོམ་རེས།།
             ག་ལེར་ག་ལེར་མེད་པ།།
           རུས་བླས་སེར་འཕྲེང་སྒྲིག་འདྲ།།
        
         དང་པོ་རུམ་དུ་འཛུལ་ཀྱང་།།
         ད་དུང་རིང་སྐྱོན་ཆེ་དོགས།།
        ཕྱིས་སུ་ལ་ལུང་བསྐལ་ཀྱང་།།
         ད་དུང་ཉེ་དོགས་དྲགས་པའི།།
          སྲིད་པ་རྒད་པོ་ཞིག་གི།
         འཛངས་མས་རྒད་མོ་ཕུད་པའི།།
          གཏམ་གླེང་ལོ་རྒྱུས་ཡིད་ཞོག།

           བྱ་བ་བཟང་ངན་གང་ཡིན།།
            དང་པོ་ཨ་གསར་མ་བྱེད།།
           ཡུན་རིང་འདྲིས་ཟབ་ཆེ་རིམ།། 
          བཟང་རྟགས་ངན་རྟགས་ཐོན་ཡོང་།།
           རང་འདྲའི་ལོ་ཆུང་རྣམ་པ།།
           སྤྲེལ་ལད་འཁྲབ་རྒྱུ་མང་ན།།
           བལྟ་འདོད་ཡེ་ནས་མེད་ཀི།།
         ༢༠༡༣-༦-༢༠-ཉིན་མོར་འཁོར་དུས་༩ནས་༡༢བར་ཆབ་མདོ་སྨན་ཁང་ནང་སྨན་ཁབ་རྒྱག་ཚེ་ཉི་མ་མ་སོང་ནས་ཆོ་མེད་འདི་བྲིས།།
           
 
 
རྩོམ་ཡིག་འདི་གཤམ་གྱི་ཚོགས་མིས་ལེགས་འདེམས་བྱས་ཟིན།
Re:བལྟ་འདོད་ཡེ་ནས་མེད་ཀི།
[ 2013/6/22 16:28:06 | By: སྐུ་མགྲོན་v0QDu2(སྐུ་མགྲོན) ]
 
སྐུ་མགྲོན་v0QDu2(སྐུ་མགྲོན)གྲོགས་དྲེ་བཙུན་ལགས་ཕེབས་པར་དགའ་བསུ་ཞུ།། ཟིན་བདག་ཁྱུང་ནག་བསོད་ནམས་བློ་གྲོས་ནས།།
 
 
Re:བལྟ་འདོད་ཡེ་ནས་མེད་ཀི།
[ 2013/6/21 22:33:13 | By: dzjinpa ]
 
dzjinpaགྲོགས་པོ་འོ་རྒྱལ་ཆེ།།
 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.