སུམ་པ་གླང་གི་ལྗང་གསར།
 
ཟིན་བྲིས་ལི་ཐོ།
<<  < 2021 - >  >>
1
2345678
9101112131415
16171819202122
23242526272829
30
སྤྱི་བསྒྲགས།

 

རང་ཅག་གཞུང་ལུགས་ཟབ་མོའི་ཐང་ཆེན་སྟེང་དུ་ཤེས་རིག་སྦྲང་རྩིའི་བཅུད་ལ་ངོམ་མེད་བརྩོན་ལ་བརྩོན་འགྲུས་ཀྱི་ཅང་ཤེས་ལྕག་གི་བསྐུལ་ནས་མདུན་བསྐྱོད་གྱི་གོམ་ཁ་གློད་དེ་ཕེབས་དང་ཕེབས་བཞིན་པའི་སྒང་།     ཕྱིས་ཤེས་རིག་གི་དབལ་ཁ་རྣོ་བའི་སྤུན་གྲོགས་ཚོ།   འདི་ཕྱིའི་མདུན་ལམ་དང་རང་གི་སྐད་ཡིག་རིག་གནས་སོགས་ལ་བསམ་ཞིག་ནན་པོ་བྱས་ནས་ཤེས་རིག་གི་གླིང་ཁ་ལ་མདུན་བསྐྱོད་ཀྱི་གོམ་པ་སྤོས་ནས་ཕེབས་ཤོག་སྤུན་གྲོགས་ཚོ།།    རུས་མིང་བསོད་ནམས་བློ་གྲོས།      དྲྭ་མིང་ཁྱུང་ནག་བློ་གྲོས།      ཁ་པར་ ༡༨༧༠༨༠༨༤༡༩༩            

སྒེར་ཁུང་།  ༡༥༩༨༣༧༩༨༤༦

ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 230
  • དཔྱད་བརྗོད། 178
  • ཆེམས། 0
  • ཀློག་གྲངས། 38496


 
ཆར་ཟིམ་ཟིམ།
[ 2013/6/17 22:28:00 | By: vase ]
 
        ཆར་ཟིམ་ཟིམ།

རིན་ཆེན་གཏེར་ཁ་སྣུམ་གྱི་ཕྱུག་པའི་བྲག་དམར་རིན་ཆེན་འབར་བའི་རྩེར།།
ན་བུན་ཁ་རླང་གཡས་སྐོར་ལྡིང་ལྡིང་ཟིགས་མའི་སྦྲང་ཆར་ཟིམ་སེ་ཟིམ།།
ཕར་ཀའི་རི་ཡི་རི་དམར་དབང་ལྷའི་མཛེས་པའི་ཉམ་འགྱུར་དེ་རིང་མཛེས།།
ཚུར་ཀའི་རི་ཡི་སྟག་རྒོད་འབར་བའི་སྟག་ཁྱུ་དཔུང་སྒྲིལ་སྒྲ་བླ་འཛོམས།།  

བར་གྱི་ལྔ་རིག་སློབ་གླིང་འདི་ཡི་འཆད་རའི་བར་གསེང་ཆར་ཟིམ་ཟིམ།།
མདུན་གྱི་ལྡུམ་རའི་ན་མར་སྟེང་དུ་ཨུད་དཔལ་མེ་ཏོག་གསར་བཞད་བཞད།།
སྨད་ཀྱི་རྒྱ་གྲོང་མཐའ་སྐོར་མཚམས་ནས་ཁང་གསར་གྲངས་མེད་གསར་བསྐྲུན་བསྐྲུན།།
དེ་རིང་ཞིག་ལ་སྟོད་སྨད་བར་གསུམ་འདི་ན་མཛེས་པའི་ཆར་ཟིམ་ཟིམ།།

དེ་རིང་ཞིག་ལ་ཆར་པ་ཟིམ་ཟིམ་ཁྱོད་ཀྱིས་ཚོར་སྣང་ཟིམ་ཟིམ་ཞིག།
ལུས་ཅན་ང་ཡི་ལུས་ཕུང་ཡོངས་རྫོགས་ཟིམ་ཟིམ་བདེ་བའི་གྲོགས་སུ་བཀུག།
ཟིམ་ཟིམ་ཟེར་བའི་ཚོར་སྣང་འཕར་མ་མི་འདོད་མཁན་ཞིག་ཡོད་རྒྱུ་དཀོན།།
དབྱར་གྱི་རྩི་དང་འོ་ཞོ་མངར་མོ་ཟིམ་ཟིམ་ཆར་གྱིས་མགྲོན་བརྡ་བཏང་།།

ཆར་པ་ཟིམ་ཟིམ་ས་ལ་འཐོར་བས་འབྱུང་བའི་དྭངས་མ་དེ་ལ་འཚོགས།།
ཆར་པ་ཟིམ་ཟིམ་ས་ལ་བབས་པས་ས་འོག་ལྗང་རྩེ་མཁའ་ལ་ཐར།།
ཆར་པ་ཟིམ་ཟིམ་ས་ལ་བབས་པས་གསེར་མདོག་ར་ཅོའི་ས་གཞི་ཁེངས།།
ཆར་པ་ཟིམ་ཟིམ་ཀུན་གྱི་འབྱུང་རྩ་སྐྱེ་སྒོ་དང་པོ་ཁྱོད་ལ་ཐུག།
 ༢༠༡༣-༥-༡༩ཉིན་མོར་སྔ་དྲོ་འཆད་རའི་རྩོད་གྲྭ་གྲོལ་སྐབས་ཆར་ཟིམ་ཟིམ་བབས་གསེང་དུ་ཁྱུང་ནག་བློ་གྲོས་ནས་བྲིས།།

 
 
Re:ཆར་ཟིམ་ཟིམ།
[ 2013/6/18 15:04:48 | By: danzengyixi ]
 
danzengyixi


བམ་ཀློག་ཞིག་བྱས་ཡོད། ཡག་པོ་བྲིས་གདའ་ཟེར་བའི་རྟགས་སུའོ།
ལྷ་གཡག་དར་མས།
 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.