སུམ་པ་གླང་གི་ལྗང་གསར།
 
ཟིན་བྲིས་ལི་ཐོ།
<<  < 2021 - >  >>
1
2345678
9101112131415
16171819202122
23242526272829
30
སྤྱི་བསྒྲགས།

 

རང་ཅག་གཞུང་ལུགས་ཟབ་མོའི་ཐང་ཆེན་སྟེང་དུ་ཤེས་རིག་སྦྲང་རྩིའི་བཅུད་ལ་ངོམ་མེད་བརྩོན་ལ་བརྩོན་འགྲུས་ཀྱི་ཅང་ཤེས་ལྕག་གི་བསྐུལ་ནས་མདུན་བསྐྱོད་གྱི་གོམ་ཁ་གློད་དེ་ཕེབས་དང་ཕེབས་བཞིན་པའི་སྒང་།     ཕྱིས་ཤེས་རིག་གི་དབལ་ཁ་རྣོ་བའི་སྤུན་གྲོགས་ཚོ།   འདི་ཕྱིའི་མདུན་ལམ་དང་རང་གི་སྐད་ཡིག་རིག་གནས་སོགས་ལ་བསམ་ཞིག་ནན་པོ་བྱས་ནས་ཤེས་རིག་གི་གླིང་ཁ་ལ་མདུན་བསྐྱོད་ཀྱི་གོམ་པ་སྤོས་ནས་ཕེབས་ཤོག་སྤུན་གྲོགས་ཚོ།།    རུས་མིང་བསོད་ནམས་བློ་གྲོས།      དྲྭ་མིང་ཁྱུང་ནག་བློ་གྲོས།      ཁ་པར་ ༡༨༧༠༨༠༨༤༡༩༩            

སྒེར་ཁུང་།  ༡༥༩༨༣༧༩༨༤༦

ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 230
  • དཔྱད་བརྗོད། 178
  • ཆེམས། 0
  • ཀློག་གྲངས། 38854


 
ཆ་མི་སྙོམ་པའི་མི་བུ་འགའ།
[ 2013/6/11 11:34:00 | By: vase ]
 
       ངོ་ཚ་ཚབས་ཆེན་བཟོས་བཞག།
      
       དུས་རབས་གསར་པའི་ཁུག་སོ།།
       འཇིག་རྟེན་ཟང་ཟིང་ཁྲོད་དུ།།
       ཡ་མེད་མགོ་ཟླུམ་འགའ་ཡིས།།
     ཤམས་ཐབས་ཤིང་ལ་བཀལ་བཞིན།།
      སྒོ་དམར་ནང་དུ་འཛུལ་ནས། །
     ངོ་ཚ་ཚབས་ཆེན་བཟོས་བཞག།
      
         འཇིག་རྟེན་སྣང་བ་བསླུ་མཁས།།
          རྣམ་རྟོག་འགྱུར་ལྡོག་ཆེ་དྲག །
          བཙུན་པའི་ཁྱུ་ཚོགས་ཞིག་ལ།།
         མཛངས་མ་མཆོད་མཇལ་ཕེབས་དུས།།
          བཙུན་པས་སྤྱན་སྐོར་རྒྱག་ནས།།
           ངོ་ཚ་ཚབས་ཆེན་བཟོས་བཞག །

             དུས་རྒྱུན་འདོད་ཆུང་ཆོག་ཤེས།།
            ཕུག་གི་མཚམས་ཆུང་འགའ་ཡི།།
            ཞལ་གྱིས་བསྟན་པ་ཞོར་ཉམས།།
           མཐོང་བའི་རྐྱེན་ལ་གཟིགས་སྟེ།།
            སྣ་མང་སྡོམ་ཁ་གཡར་བཞིན། །
            ངོ་ཚ་ཚབས་ཆེན་བཟོས་བཞག །
    
          དཀའ་སྤྱད་སེམས་ཁྲལ་བྱེད་སའི།།
           རྔུལ་ནག་ཁྲག་གི་ཐིགས་པ། །
           དེ་རིང་གསེར་མདོག་རྭ་ཅོ། །
           དཔྱིད་མིག་འབུ་ལ་ཟུག་པའི།།
            མགོ་ཟླུམ་ཡ་ཧོ་ཁྱོད་ཀྱིས།།
           དེ་དགོང་རེ་སྒུག་བྱས་བྱས།།
         ངོ་ཚ་ཚབས་ཆེན་བཟོས་བཞག།

          དཔྱིད་མིག་སེར་ལ་ཟུག་ཟུག།
          དབྱར་མིག་དཀར་ལ་ཟུག་ཟུག།
            སྟོན་མིག་དམར་ལ་ཟུག་ཟུག །
            དགུན་མིག་སྔོན་ལ་ཟུག་པའི།།
             ཁྲེལ་མེད་མགོ་ཟླུམ་ངེད་ཚོས།།
             དྲིན་ཆེན་ལྷ་སྡེ་ཡོངས་ལ།།
           ངོ་ཚ་ཚབས་ཆེན་བཟོས་བཟོས།།

           ད་ལྟ་མ་གཏོགས་མ་མཐོང་།།
          དེ་རིང་མ་གཏོགས་མི་དགོས།
          སང་ཉིན་དྲན་རྒྱུ་མེད་པའི།།
        སྟོང་སྟོང་གཏེ་ཕྲུག་འགའ་ཡིས།།
         འབུ་རྫ་བརྐོ་ལ་ཟིན་རྗེས།།
         ཁ་སང་རྫོང་ཀྲམ་ཅི་ཟོས།།
         དེ་རིང་ཟ་དགོས་ཟེར་ནས།།
        ངོ་ཚ་ཚབས་ཆེན་བཟོས་བཞག།

        རང་འདྲའི་བློ་དམན་འགའ་ཡིས།།
           ཧི་ཟིན་གྲོང་ཁྱེར་ཁྲོད་དུ། །
         གོར་སའི་ས་མིག་བགགས་ནས།།
         གང་དྲན་གང་སར་སྤེལ་ནས།།
         ངོ་ཚ་ཚབས་ཆེན་བཟོས་བཞག།
  ༢༠༡༣  ༦་   ཚེས་ ༡༠  ཁྱུང་ནག་བསོད་ནམས་བློ་གྲོས་ནས།

            
 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.