སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
གཅེས་ལུགས་ནོར་ཚབ་ཆེ། 
[ 2013/5/8 16:30:00 | By: vase ]
 
   གཅེས་ལུགས་ནོར་ཚབ་ཆེ།
ཡ་དུས་རབ་གསར་པའི་དེ་རིང་གི་བུ་ཕྲུག་གསོ་སྐྱོང་གནང་བའི་ཨ་ཕ་དང་ཨ་མ།  ཁྱེད་རང་ཚོར་ཕལ་ཆེ་བ་གི    བསམ་བློ་ལ་རང་གི་བུ་རྒྱུད་དེ་གཞན་ལས་དོ་བཟླ་མེད་པའི་གོང་བརྒལ་གྱི་ལམ་བུ་ཐོག་བཀྱོན་ནས་སྲོག་དམར་དམར་གྱི་གཅེས་ཕྲུག་ཞིག་བཟོ་བསམ་ཡོད་ས་རེད།  དེ་ལྟར་ཡིན་དུས་ཕྲུ་གུ་དེ་ཚོ་ཆུང་ལོ་ལྔ་དྲུག་ཙམ་སླ྄ེབས་པ་ནས་བཟུང་འདོན་ཀ་ཁའི་དབྱངས་རྟ་ལ་བཀྱོན་ནས་རྒྱ་བོད་དབྱིན་གསུམ་གྱི་སྐད་ཡིག་ལ་འབྲི་ཀློག་འདོན་གསུམ་གྱི་རྨང་གཞི་བརྟན་པོ་བསླབ་དགོས་པ་གལ་ཆེ་བས།   ཁ་གཅིག་གི་རང་གི་བུ་ཕྲུག་གཅེས་སྤྲས་བཟོ་དགོས་བསམ།   བཟོ་ལུགས་མི་ཤེས་སློབ་གླིང་ཆེ་ཆུང་གང་དུ་ཡང་མངགས་གཏོང་མི་ཤེས་རང་གི་མདུན་དུ་ཉར་ཚག་བྱེད་ནས་ཕྲུ་གུ་ལོ་ན་བཅུ་བདུན་བརྒྱད་ཙམ་སླེབས་དུས་རྩམ་ལྡག་བརྫི་མི་ཤེས་པའི་ཉེན་ཁ་ལ་གཏུག་ཡོད། དཔེར་ཕྱི་རྒྱལ་གྱི་ཕ་མ་ལྟ་བུར་མཚོན་ན་བུ་ཕྲུག་རང་ལོ་བཅོ་བརྒྱད་ཟིན་ནས་ཕ་མ་གི་བལྟ་སྲུང་བྱེད་སྲོལ་ཡོད་ས་མ་རེད།  རང་ལོ་བཅོ་བརྒྱད་ཟིན་ནས་བུ་ཕྲུག་ཁོ་རང་ཡིན་ལ་ལ་ཁོ་རང་གི་མི་ཚེའི་མདུན་ལམ་ཁོ་རང་གི་འཚོལ་ཤར་ཤར་ཡིན་ས་རེད།    ཨ་ཕ་དང་ཨ་མ་ཁྱོད་རང་ཚོས་བུ་ཕྲུག་ལ་བརྩེ་བ་ག་ཚད་ཡོད་ཀྱང་།  ནམ་ཞིག་ཁྱོད་དང་ཁ་མི་འབྲལ་རྟག་ཏུ་མཉམ་དུ་བསྡད་ངེས་ཞིག་འཇིག་རྟེན་ཁམས་ལ་ཡོད་མ་རེད།  ཉིན་གཅིག་ཁ་བྲལ་བའི་དུས་ཚིག་ཞིག་སླེབས་ངེས་རེད།   དེས་སྔོན་བུ་ཕྲུག་ལ་ཡོན་ཏན་དང་རིག་གནས་ཀྱི་གོམ་པ་མེད་ན་སྐབས་དེ་དུས་དཀའ་ལས་འོ་རྒྱལ་གྱི་གནས་སུ་ཕྱིན་ངེས་རེད།    དེ་ལྟ་བུའི་དཀའ་ལས་མ་འཕྲད་གོང་དཔེར་ན་ཁ་དཔེ་ལ།   ཆུ་མ་ལོག་གོང་དུ་ཡོལ་རྐ་ཟེར་བའི་དཔེ་ལྟར་སྔོན་དུ་བུ་ཕྲུག་ལོ་ན་ཆུང་སྐབས་རིག་གནས་ཀྱི་སློབ་གླིང་ལ་མངགས་གཏོང་བྱེད་ཤེས་ན་ཕ་མའི་བུ་ཕྲུག་གཅེས་སྤྲས་བཟོ་སྟངས་ཨང་དང་པོ་ཡིན་པས།  དེ་ལྟར་མ་ཡིན་ཕ་མའི་མདུན་དུ་ག་ཚད་ཉར་ཚག་བྱས་བསྡད་པ་ཡིན་ན་ཕྲུ་གུའི་མདུན་ལམ་བརླགས་པའི་ལམ་སྣེ་རུ་བཅུག་པ་མ་གཏོགས།   མདུན་ལམ་འཚོལ་བའི་ལམ་བུ་ཐོག་རྩ་བ་ནས་བཀྱོན་མི་ཐུབ་པའི་ཉེན་ཁ་ཆེན་པོ་ཡོད་པ་རེད།   དཔེར་ན་ཕྲུ་གུ་བུ་གསུམ་ཡོད་པའི་ཁྱིམ་ཚང་ཞིག་ལ་མཚོན་ན།  ད་དུང་ད་ལྟ་ཕ་མ་དེ་ཚོའི་རྫོང་དང་ས་ཁུལ་གྱི་སློབ་གྲྭ་བསྡུ་རུག་བྱེད་སྐབས་ང་ཚོའི་ཕྲུ་གུ་སླ྄ོབ་གྲྭ་གཏོང་གི་མིན།   ངེད་ཚང་ལ་ཕྲུ་གུ་གསུམ་ཡོད་བུ་གཅིག་ནི་གྲྭ་པ་བཟོ་དགོས་གཞན་གཉིས་གཅིག་ནི་ཚོང་ལས་དང་ས་ཞིང་ལ་བརྩོན་མཁན་ཡིན།  གཅིག་ནི་རང་འབྲོག་སླས་ར་བཟུང་མཁན་ཡིན་ཟེར་ནས།  ད་ལྟའི་དུས་བབ་ཀྱི་འགྲོ་སྟངས་དང་རྩ་བ་ནས་བསྟུན་མི་ཤེས་ཀླད་རྙིང་འཁྲིག་བཟུང་གི་བསམ་བློས་ཀུན་སླང་ནས་བུ་ཕྲུག་གསུམ་དེ་གཅིག་ཀྱང་སློབ་གྲྭ་མི་གཏོང་མཁན་ཁག་གཅིག་ཡོད་རེད།  དེ་ཚོ་ལྟ་བུ་ལ་མཚོན་ན་ཁྱེད་ཚང་གི་བུ་ཕྲུག་གཅིག་གྲྭ་པ་བཟོ།   གཉིས་ཀྱིས་ཁྱིམ་གཞིས་བཟུང་དགོས་པའི་དབང་དུ་བཏང་ན་གྲྭ་པ་བཟོ་རྒྱུ་དེ་དང་ཁྱིམ་བཟུང་མཁན་གྱི་ཕྲུ་གུ་གཅིག   དེ་གཉིས་སློབ་གྲྭ་ཞིག་མངགས་ན།  སློབ་ཆུང་དང་སློབ་འབྲིང་གཉིས་འགྲིམ་དེ་རྗེས་སློབ་གྲྭ་མངགས་མི་མངགས་ཁྱོད་ཚོ་ལ་རང་དབང་ཡོད་པས།  དེ་ནས་གཅིག་གྲྭ་པ་ཞུས་པ་ཡིན་ན་རང་ལོ་བཅོ་བརྒྱད་ཙམ་སླེབ་སྲིད་པས་ཁོ་རང་གིས་བསམ་བློ་གཏོང་ཤེས་པའི་དུས་ཚོད་འདྲ་རེད།   དེ་ལྟར་ཡིན་དུས་ཁོ་རང་གི་རང་མོས་ནས་གྲྭ་པ་ཞུས་པ་ཡིན་ན་ཧ་ཅང་ཕྱིས་སུ་སྡོམ་ཁྲིམས་སོགས་བརྟན་པོ་བྱུང་བའི་གནས་སུ་སླེབས་ཐོབ་པ་རེད།  གཅིག་ཁྱིམ་ནང་དུ་ཡོད་པའི་བུ་དེ་དང་ཆབ་གཅིག་ཏུ་ཁྱིམ་གཞིས་བཟུང་ན་དེ་སྔོན་སློབ་གྲྭར་འགྲོ་མྱོང་བའི་བུ་དེས་རླུང་འཁོར་དང་ཚོང་ལས་གང་གི་ཐོག་ལ་བརྩོན་ན་ཧ་ཅང་མཇོན་ཐང་ཆེན་པོ་ཡོང་གི་རེད།   ད་ལྟའི་སྤྱི་ཚོགས་འདི་སྤྱི་ཚོགས་རྙིང་པའི་འཚོ་བ་སྤྱོད་སྟངས་དང་ལས་ཀ་འགུལ་སྟངས་དང་རྩ་བ་ནས་མི་མཚུངས་པ་རེད།  དེ་ལྟར་མ་མཚུངས་དུས་བུ་གསུམ་གཅིག་ཀྱང་སློབ་གྲྭ་མ་སོང་བ་ཡིན་ན།   ད་ལྟའི་སྐད་རིགས་དང་ཚན་རྩལ་རྩིས་གྲངས་སོགས་ཕྱོགས་གང་ཅིའི་ཐད་ནས་གཞན་གྱི་མགོ་བསྐོར་འོག་ཏུ་ཚུད་ངེས་པ་རེད།  ད་དུང་ག་ལ་ཚད་བུ་གསུམ་ཡོད་པའི་གཅིག་ཀྱང་སློབ་གྲྭ་མ་གཏོང་གཅིག་ཀྱང་གྲྭ་པ་ཡང་བཟོ་མ་ཐུབ་པ་ཡིན་ན་མེས་པོའི་བགོ་སྐལ་དུ་བཞག་པའི་སྐད་ཡིག་དང་རིག་གནས་བཀའ་བརྟེན་གྱི་གཞུང་ལུགས་སོགས་ལ་དཔྱད་པ་རྒྱག་རྒྱུ་ཕར་ཞོག་མིང་ཙམ་གོ་མི་སྲིད་པའི་ཉེན་ཁ་ཚབ་ཆེན་པོ་ཡོད་པས་བུ་ཕྲུག་ཚོ་ལོ་ན་ཆུང་དུས་སུ་སློབ་གླིང་འགྲིམ་ནས་རིག་གནས་ལ་གོམ་པ་དགོས་ཆེ་དུས་སུ་བསམ་བློ་རྣལ་དུ་ཕབ་ནས་སྐད་ཡིག་དང་རིག་གནས་སློབ་གསོའི་རིགས་དར་སྤེལ་གཏོང་དགོས་པ་གལ་ཆེའོ་སྙམ།།༢༠༡༣-༥-༨    སྟེང་གི་བསོད་བློ་ནས་མཇུག་རྫོགས་པར་་བྲིས།
 
 
Re:གཅེས་ལུགས་ནོར་ཚབ་ཆེ།
[ 2013/5/11 10:13:25 | By: སྐུ་མགྲོན་1h8Jbn(སྐུ་མགྲོན) ]
 
སྐུ་མགྲོན་1h8Jbn(སྐུ་མགྲོན)གྲོགས་བོན་སྨྱུག་དང་དྲེ་བཙུན་དང་གྲོགས་ལྷ་གཡག་དར་མ་རྣམས་ལྗང་གསར་ཚལ་དུ་ཕེབས་པ་ལ་དགའ་བསུ་བཀྲིས་བདེ་ལེགས་ཆབ་གཅིག་ཏུ་ཞུ་ངེས་ཡིན། མ་འོངས་མང་ཙམ་ཕེབས་པའི་རེ་བ་ཡོད། མཁར་པ་བསོད་ནམས་བློ་གྲོས་ནས།
 
 
Re:གཅེས་ལུགས་ནོར་ཚབ་ཆེ།
[ 2013/5/11 0:27:58 | By: སྐུ་མགྲོན་O63Vna(སྐུ་མགྲོན) ]
 
སྐུ་མགྲོན་O63Vna(སྐུ་མགྲོན)སློབ་གསོ་ཡག་འདུག་ཚབས་ཆེ་བའི་གནས་ཚུལ་དེ་ཚོ་ཡང་ནས་ཡང་དུ་གསུང་རོགས་གནང་།
དྲེ་བཙུན་ནས་་་་་དུས་རབས་འདི་ལ་དགོས་གལ་ཆེ།།
 
 
Re:གཅེས་ལུགས་ནོར་ཚབ་ཆེ།
[ 2013/5/11 0:14:45 | By: danzengyixi ]
 
danzengyixi


ཕ་མ་དག་ལ་དྲན་སྐུལ་ཡག་པོ་བྱས་འདུག
ལྷ་གཡག་དར་མས།
 
 
Re:གཅེས་ལུགས་ནོར་ཚབ་ཆེ།
[ 2013/5/8 22:12:24 | By: སྐུ་མགྲོན་817Gw3(སྐུ་མགྲོན) ]
 
སྐུ་མགྲོན་817Gw3(སྐུ་མགྲོན)བོན་སྨྱུག་ནས་ཕུལ།
 
 
Re:གཅེས་ལུགས་ནོར་ཚབ་ཆེ།
[ 2013/5/8 22:10:38 | By: སྐུ་མགྲོན་817Gw3(སྐུ་མགྲོན) ]
 
སྐུ་མགྲོན་817Gw3(སྐུ་མགྲོན)གྲོགས་ལགས་ཡི་གེ་ཅུང་ཙམ་ཞིབ་འདུག །རྗེས་སོར་ཡི་གེ་རྩིང་ན་ཡག་ས་རེད།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.