སུམ་པ་གླང་གི་ལྗང་གསར།
 
ཟིན་བྲིས་ལི་ཐོ།
<<  < 2021 - >  >>
1234
567891011
12131415161718
19202122232425
262728293031
སྤྱི་བསྒྲགས།

 

རང་ཅག་གཞུང་ལུགས་ཟབ་མོའི་ཐང་ཆེན་སྟེང་དུ་ཤེས་རིག་སྦྲང་རྩིའི་བཅུད་ལ་ངོམ་མེད་བརྩོན་ལ་བརྩོན་འགྲུས་ཀྱི་ཅང་ཤེས་ལྕག་གི་བསྐུལ་ནས་མདུན་བསྐྱོད་གྱི་གོམ་ཁ་གློད་དེ་ཕེབས་དང་ཕེབས་བཞིན་པའི་སྒང་།     ཕྱིས་ཤེས་རིག་གི་དབལ་ཁ་རྣོ་བའི་སྤུན་གྲོགས་ཚོ།   འདི་ཕྱིའི་མདུན་ལམ་དང་རང་གི་སྐད་ཡིག་རིག་གནས་སོགས་ལ་བསམ་ཞིག་ནན་པོ་བྱས་ནས་ཤེས་རིག་གི་གླིང་ཁ་ལ་མདུན་བསྐྱོད་ཀྱི་གོམ་པ་སྤོས་ནས་ཕེབས་ཤོག་སྤུན་གྲོགས་ཚོ།།    རུས་མིང་བསོད་ནམས་བློ་གྲོས།      དྲྭ་མིང་ཁྱུང་ནག་བློ་གྲོས།      ཁ་པར་ ༡༨༧༠༨༠༨༤༡༩༩            

སྒེར་ཁུང་།  ༡༥༩༨༣༧༩༨༤༦

ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 230
  • དཔྱད་བརྗོད། 178
  • ཆེམས། 0
  • ཀློག་གྲངས། 38823


 
ཀ་ཁའི་རེ་འབོད།
[ 2012/8/15 23:27:00 | By: vase ]
 

ཀ་ཁའི་རེ་འབོད།       

 

ཀ་ཡེ་མགོ་ཟླུམ་རྣམ་པ།    ཁ་རོགས་མ་འདུག་སློབ་ལ།

ག་དུས་ཡིན་ན་བརྩོན་དགོས།  ང་ཡི་རེ་བ་དེ་ཡིན།

 

ཅ་ཅོའི་འཆལ་གཏམ་མ་མང་།  ཆ་ལུགས་འདྲ་མ་འདྲེས་གིས།

ཇ་ཚེ་ཙམ་ལ་མ་སླད།       ཉ་ཆུང་བཙུན་ཆུང་རྣམ་པ།

 

ཏ་ཐའི་དབྱང་གསལ་ཞོན་ནས།   ཐ་སྙད་ཕྱོགས་རིས་མ་བྱེད།

ད་ལྟའི་སྤུན་ཟླ་རྣམ་པ།       ན་རག་སྒྲིབ་པ་སྦྱོངས་དགོས།

 

པ་ཏྲའི་གསིང་ནས་གཟིགས་པའི།    ཕ་མེས་བསྟན་འཛིན་སྐྱེས་བུ།

བ་གའི་ཉམས་ཐག་སྐྱེ་འགྲོ།        མ་ལུས་བདེ་ལ་བཀོད་རོགས།

 

ཙ་ཀྲའི་བོན་འཁོར་གླིང་དུ།  ཚ་གྲང་དུས་ཀྱི་འགྱུར་ལྡོག།

ཛ་དྲག་རླུང་འཚུབ་ཙམ་ལ།      ཝ་མོ་ལྟར་དུ་མ་ཞུམ།

 

ཞྭ་གོས་མེས་པོའི་སྲོལ་བཟང་།   ཟ་ཉལ་སྤྱོད་ལམ་གང་ཐད།

འ་ཅག་ཚུལ་དང་མཐུན་པའི།   ཡ་རབས་ཀུན་སྤྱོད་འཛིན་དགོས།

 

ར་བ་གངས་རིའི་བུ་ཕྲུག།    ལ་བརྒྱའི་སྙིང་སྟོབས་མ་ཞུམ།

ཤ་རུས་གདུང་རྒྱུད་གཅིག་པའི།      ས་ཡ་དྲུག་གི་བོད་མི།

ཧ་ལམ་མདུན་པ་གཅིག་ཡིན།   ཨ་ཧོ་བརྟན་པོར་བཞུགས་མཛོད།

 

སྤྱི་ལོ་ ༢༠༡༢ ཟླ་ ༨  ཚེས་ ༡༥ ཉིན་མོར་  སྲོ་ལོ་དཀར་པོ་ནས་བྲིས།།།

 

 

 

 
 
Re:ཀ་ཁའི་རེ་འབོད།
[ 2012/8/16 13:11:37 | By: danzengyixi ]
 
danzengyixi


བཀླགས་ཟིན། མུ་མཐུད་ནས་ཕྲིས་ཤོག་ཨཱ།
ལྷ་གཡག་དར་མས།
གཤམ་དུ་vase་ལགས་ཀྱིས་ལན་སློག་པ་ནི་
གྲོགས་ལྷ་གཡག་དར་མ་ཕེབས་པར་དགའ་བསུ་བཀྲ་ཤིས་བདེ་ལེགས་ཞུ།།།
སྲོ་ལོ་དཀར་པོ་ནས།།
 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.