སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
ཐུགས་ཁག་མེད།
[ 2012/8/18 18:03:00 | By: vase ]
 

ཐུགས་ཁག་མེད།

 

ཕྱི་ཡི་བསྟན་པ་སྐུ་གདུང་མཆོད་རྟེན་དང་།

ནང་གི་བསྟན་པ་འཆད་རྩོད་རྩོམ་གསུམ་སོགས། །

དབྱར་མཚོའི་དཔལ་བཞིན་ཕྱུག་པ་སྐྱོང་ལ་མཁས། །

དབྱར་དགུན་རྟག་ཏུ་སྡོམ་ཁ་གཡར་བ་དེ། །

དབུ་འཛིན་བླ་མ་ཁྱོད་ལ་ཐུགས་ཁག་མེད། །

 

དུས་རྒྱུན་ཉེས་ཆེན་ལྐོག་ཟས་ཟ་ལ་མཁས། །

དྲང་བདེན་ཁྲིམས་ཀྱི་དབྱེ་ཤག་འབྱེད་པ་ལ། །

ཚར་གཅོད་ཁྲིམས་རིའི་མདུན་དུ་སླེབས་ཉིན་མོ། །

ལུས་ངན་དཔོན་པོ་ཁྱོད་ལ་ཐུགས་ཁག་མེད། །

 

ལས་ཉོན་དབང་གི་སྐྱེས་པའི་ཆགས་ལྡན་ཀུན། །

ཡེ་ནས་འཁོར་བའི་ཆགས་ལ་སྤྱོད་པ་དེ། །

ད་ལན་ཐེངས་གཅིག་མིན་པ་གོམ་ཆེ་བས། །

ཟུར་མིག་མཛེས་མའི་ཕྱོགས་ལ་འཕེན་འདོད་པ། །

ཡ་མེད་མགོ་ཟླུམ་ཁྱོད་ལ་ཐུགས་ཁག་མེད། །

 

ཕྱི་ཡི་འཚོ་བ་ལོངས་སྤྱོད་ཅི་དགའ་རོལ། །

ནང་གི་དུག་ལྔ་དབྱར་རྩ་དགུན་འབུའི་སློང་།

རྒྱ་མཚལ་དམར་པོ་སྐྲ་ལོའི་སྟེང་དུ་བྱུག།

ནང་གི་ཤེས་རིག་གཏི་མུག་མུན་པ་འཁྲིགས། །

རྒལ་ཚིག་གྲི་འབུར་བཀད་ནས་ཡིན་འདོག་འདོག།

ལོ་ཆུང་མགོ་དམར་ཁྱོད་ལ་ཐུགས་ཁག་མེད། །

 

བགྲང་བྱ་བཅུ་དྲུག་ཡོལ་བའི་བུད་མེད་འགའ། །

སྐྲ་ལོ་ཨོ་འགུག་བྱས་ནས་ལྕགས་ཀྱིས་བཟུང་ །

ཞལ་རས་སྣུམ་པོ་དཀར་དམར་ཚོན་གྱིས་བྱུག།

གྲོང་ཁྱེར་ནང་གི་ཕོ་འཁྱམས་ཚུད་པ་དེ། །

དུས་རབས་བུད་མེད་ཁྱོད་ལ་ཐུགས་ཁག་མེད། །

 

གཅིག་ཤ་གཅིག་གི་ཟ་བའི་ལས་སྤྱོད་དེ། །

སེམས་ཅན་ཕལ་མོ་ཆེ་ཡི་ལས་དབང་རེད། །

མཚན་མོའི་དུས་ཚོད་འཚོལ་བའི་ཙི་ཙི་ཁྱོད། །

ཉམས་ཆུང་བྱས་ནས་སེམས་པ་སྐྱོ་མ་སྐྱོ། །

དགྲ་བོ་ཞི་མི་དེ་ལ་ཐུགས་ཁག་མེད། །

 

༢༠༡༢      ༡༧      སྲོ་ལོ་དཀར་པོ་ནས།།།།།

 

 
 
Re:ཐུགས་ཁག་མེད།
[ 2012/8/21 13:43:02 | By: vase ]
 
vaseབ་མོ་ཞེས་པའི་དྲྭ་གྲོགས་ཁྱེད་ཀྱིས་མཆན་སྤེལ་བ་དེ་ང་རང་གིས་ཙི་ཙི་གནོན་ཉེས་གཅིག་གིས་བསུབ་ཤོར་ཐལ། ཁྱེད་སྤྲོ་མ་ལོང་ཡང་བསྐྱར་སྤེལ་ཡོང་ན་འགྲིག།།
 
 
Re:ཐུགས་ཁག་མེད།
[ 2012/8/21 0:21:29 | By: dzjinpa ]
 
dzjinpaརྩོམ་ཡིག་འདིའང་ཡག་པོ་བྱུང་འདུག མུ་མཐུད་ནས་ཡིན་གདའ་དྲ་གྲོགས་ལགས།།
གཤམ་དུ་vase་ལགས་ཀྱིས་ལན་སློག་པ་ནི་
དྲྭ་གྲོགས་དྲེ་བཙུན་ཕེབས་པར་དགའ་བསུ་བཀྲ་ཤིས་བདེ་ལེགས་ཞུ།།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.