སུམ་པ་གླང་གི་ལྗང་གསར།
 
ཟིན་བྲིས་ལི་ཐོ།
<<  < 2021 - >  >>
1234
567891011
12131415161718
19202122232425
262728293031
སྤྱི་བསྒྲགས།

 

རང་ཅག་གཞུང་ལུགས་ཟབ་མོའི་ཐང་ཆེན་སྟེང་དུ་ཤེས་རིག་སྦྲང་རྩིའི་བཅུད་ལ་ངོམ་མེད་བརྩོན་ལ་བརྩོན་འགྲུས་ཀྱི་ཅང་ཤེས་ལྕག་གི་བསྐུལ་ནས་མདུན་བསྐྱོད་གྱི་གོམ་ཁ་གློད་དེ་ཕེབས་དང་ཕེབས་བཞིན་པའི་སྒང་།     ཕྱིས་ཤེས་རིག་གི་དབལ་ཁ་རྣོ་བའི་སྤུན་གྲོགས་ཚོ།   འདི་ཕྱིའི་མདུན་ལམ་དང་རང་གི་སྐད་ཡིག་རིག་གནས་སོགས་ལ་བསམ་ཞིག་ནན་པོ་བྱས་ནས་ཤེས་རིག་གི་གླིང་ཁ་ལ་མདུན་བསྐྱོད་ཀྱི་གོམ་པ་སྤོས་ནས་ཕེབས་ཤོག་སྤུན་གྲོགས་ཚོ།།    རུས་མིང་བསོད་ནམས་བློ་གྲོས།      དྲྭ་མིང་ཁྱུང་ནག་བློ་གྲོས།      ཁ་པར་ ༡༨༧༠༨༠༨༤༡༩༩            

སྒེར་ཁུང་།  ༡༥༩༨༣༧༩༨༤༦

ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 230
  • དཔྱད་བརྗོད། 178
  • ཆེམས། 0
  • ཀློག་གྲངས། 38681


 
ཁྱད་བོན་ཟུར་ཙམ་གླེང་བ།
[ 2012/8/3 15:13:00 | By: vase ]
 

ཁྱད་བོན་ཟུར་ཙམ་གླེང་བ།

བོན་བསྟན་པའི་བླ་སྲོག་ངོ་མ་སྟེ། །

བཀའ་གསུང་རབ་བཀའ་བརྟེན་དཔེ་རྙིང་ཚོགས། །

གསར་བསྐྲུན་པའི་བློ་ཤུགས་ཆེན་པོ་དེ། །

དགོན་བླ་མ་འདི་ཡི་གཟི་བརྗིད་ཡིན། །

 

བཀའ་གསུང་རབ་བཀའ་བརྟེན་དཔེ་རྙིང་རྣམས། །

ཕྱོགས་ཕྱུག་པོ་ཡོངས་ཀྱི་བསྐྲུན་བསམ་ཀྱང་།

གསར་བསྐྲུན་པའི་སྐལ་བཟང་ཟླ་བ་དེ། །

དགོན་བསྟན་རྒྱས་གླིང་གི་དབུས་ན་ཤར། །

 

རབ་འབྱམས་པའི་གཟི་བརྗིད་མ་ཉམས་ངང་།

བོན་བཤད་སྒྲུབ་སྒོམ་གསུམ་སྐྱོངས་ལ་མཁས། །

ཐུགས་ཞི་བའི་གཤིས་རྒྱུད་དྲང་པོ་དེ། །

དགོན་དཔོན་སློབ་རྣམ་པའི་ཁྱད་བོན་ཡིན། །

 

མཐོ་ལྟ་བ་དབྱིང་ནས་ཡས་ཕུབ་ཅིང་།

དམའ་སྤྱོད་པ་མས་ནས་ཡར་ལ་འཛེག།

རྒྱུད་ཞི་དུལ་ལྷོད་གསུམ་ཕྱུག་པ་དེ། །

དགོན་སྒྲུབ་མཁན་རྣམ་པའི་ཁྱད་བོན་ཡིན། །

 

བསླབ་རྨ་མེད་ཚུལ་ཁྲིམས་དྲི་ངད་འཐུལ། །

སྒོམ་སླད་མེད་དྭངས་གསལ་ཏིང་འཛིན་རྣོ། །

རྗེའི་འཕྲུལ་སྒྲོན་རྣམ་ལྔ་དབྱང་རྟ་ཞོན། །

གཞུང་ཆེན་པོའི་ཐང་ཆེན་བརྒལ་རྒྱུ་དེ། །

དགོན་བཤད་སྒྲུབ་འདི་ཡི་ཁྱད་བོན་ཡིན། །

 

ཡུལ་མདོ་སྨད་གང་ནས་ཕེབས་ཡོང་ཀྱང་།

ཕྱོགས་ཡོངས་ལ་ཕྱོགས་རིས་མེད་པར་གཟིག། །

དགོན་སྤྱི་པའི་སྤྱི་དོན་ཕྲག་ལེན་པ། །

དགོན་ལས་འཛིན་ཆེན་མོའི་གཟི་བརྗིད་ཡིན། །

 

སྤྱི་ལོ་ ༢༠༡༢ ཟླ་  ༨ ཚེས་ ༣ ཉིན་སྲོ་ལོ་དཀར་པོ་ནས།།།

 
 
Re:ཁྱད་བོན་ཟུར་ཙམ་གླེང་བ།
[ 2012/8/7 23:49:59 | By: སེམས།(སྐུ་མགྲོན) ]
 
སེམས།(སྐུ་མགྲོན)གཡུང་དྲུང་བོན་ནི་ཟབ་མོ་རྒྱལ་མཚོ་ངོས་དང་མཚུང་།
བཀའ་བརྟེན་དཔེ་རྙིང་ནོར་ལས་འཕགས་པའི་དགོས་འདོད་འབྱུང་།
བཤད་སྒྲུབ་འདུས་པ་གཞན་ལ་ཕན་པའི་འཚོགས་པ་གསུམ།
གཅིག་དུ་སྐྱོང་བའི་དཔལ་ལྡན་བླ་མའི་ཁྱད་བརྗོད་བསྔགས།
 
 
Re:ཁྱད་བོན་ཟུར་ཙམ་གླེང་བ།
[ 2012/8/5 15:11:01 | By: danzengyixi ]
 
danzengyixi


བཀླགས་ཟིན། སྙན་པོ་བྱུང་འདུག་པས་མུ་མཐུད་སྤེལ་ཤོག །
ལྷ་གཡག་དར་མས།
གཤམ་དུ་vase་ལགས་ཀྱིས་ལན་སློག་པ་ནི་
དྲྭ་གྲོགས་ལྷ་གཡག་དར་མ་ཕེབས་པར་དགའ་བསུ་བཀྲ་ཤིས་བདེ་ལེགས་ཞུ།། སྲོ་ལོ་དཀར་པོ་ནས།།
 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.