སུམ་པ་གླང་གི་ལྗང་གསར།
 
ཟིན་བྲིས་ལི་ཐོ།
<<  < 2021 - >  >>
1234567
891011121314
15161718192021
22232425262728
293031
སྤྱི་བསྒྲགས།

 

རང་ཅག་གཞུང་ལུགས་ཟབ་མོའི་ཐང་ཆེན་སྟེང་དུ་ཤེས་རིག་སྦྲང་རྩིའི་བཅུད་ལ་ངོམ་མེད་བརྩོན་ལ་བརྩོན་འགྲུས་ཀྱི་ཅང་ཤེས་ལྕག་གི་བསྐུལ་ནས་མདུན་བསྐྱོད་གྱི་གོམ་ཁ་གློད་དེ་ཕེབས་དང་ཕེབས་བཞིན་པའི་སྒང་།     ཕྱིས་ཤེས་རིག་གི་དབལ་ཁ་རྣོ་བའི་སྤུན་གྲོགས་ཚོ།   འདི་ཕྱིའི་མདུན་ལམ་དང་རང་གི་སྐད་ཡིག་རིག་གནས་སོགས་ལ་བསམ་ཞིག་ནན་པོ་བྱས་ནས་ཤེས་རིག་གི་གླིང་ཁ་ལ་མདུན་བསྐྱོད་ཀྱི་གོམ་པ་སྤོས་ནས་ཕེབས་ཤོག་སྤུན་གྲོགས་ཚོ།།    རུས་མིང་བསོད་ནམས་བློ་གྲོས།      དྲྭ་མིང་ཁྱུང་ནག་བློ་གྲོས།      ཁ་པར་ ༡༨༧༠༨༠༨༤༡༩༩            

སྒེར་ཁུང་།  ༡༥༩༨༣༧༩༨༤༦

ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 230
  • དཔྱད་བརྗོད། 178
  • ཆེམས། 0
  • ཀློག་གྲངས། 38567


 
ཁ་ནང་ལ་བསྐོར་ནས་བསམ་བློ་ཐོངས། 
[ 2012/7/30 21:56:00 | By: vase ]
 

ཁ་ནང་ལ་བསྐོར་ནས་བསམ་བློ་ཐོངས། ཁྱུང་ནག་སྲོ་ལོ་དཀར་པོ།

ཀྱེ་དང་པོ་གྲུབ་མཐའི་མཐུན་སྒྲིལ་དེ། །

ཁྱེད་གྲུབ་མཐའ་སྨྲ་བའི་ལ་རྒྱ་ཟེར། །

ཕྱིས་གྲུབ་མཐའ་འཆད་པའི་བླ་སྤྲུལ་ཚོ། །

ཁྱོད་གྲུབ་མཐའི་ཕྱོགས་ལ་གྱེས་ཡོད་མེད། །

ཁ་ནང་ལ་བསྐོར་ནས་བསམ་བློ་ཐོངས། །

 

གཞུང་འཆད་རྩོད་བྱེད་པའི་སློབ་ཕྲུག་ཚོ། །

ཕྱི་མཛེས་པོ་འདུལ་བའི་ན་བཟའ་གྱོན། །

ནང་སྙན་པོ་བསླབ་གསུམ་སྡོམ་པ་ཞུས། །

མིང་སྙན་པོ་ལོ་གྲངས་དུ་མའི་རིང་།

གཞུང་འཆད་རྩོད་བྱས་ནས་བཞུགས་ཡོད་ཟེར།

གཞུང་འཆད་རྩོད་བྱེད་པའི་གོ་བའི་ཚད། །

ཁ་ནང་ལ་བསྐོར་ནས་བསམ་བློ་ཐོངས། །

 

 

དགོན་འདུལ་བ་སྐྱོངས་བའི་བླ་མ་མིན། །

འབྲོག་མི་སེར་སྐྱོངས་བའི་དཔོན་པོ་མིན། །

ནང་བཟའ་མི་སྐྱོངས་བའི་སྐྱ་བོ་མིན། །

གང་མིན་པ་གསུམ་གྱི་བཙུན་གཟུག་འགའ། །

ལོ་རྟག་པར་སྡོམ་ཁ་གཡར་བ་དེ། །

རང་ཁུར་པོ་ཡིན་མིན་བསམ་བློ་ཐོངས། །

 

ཆུང་ཀ་ཁ་བསླབ་ནས་སློབ་གྲྭ་འགྲིམས། །

བློ་རིག་གནས་ཀུན་ལ་བརྩོན་འདོག་བྱེད། །

དྲིན་ཕ་མ་དངུལ་ལོའི་བྲན་གཡོག་བསྒྱུར། །

སྒོར་ཚོད་མེད་གཏོང་སའི་སློབ་ཕྲུག་ཚོ། །

ལོ་དུ་མ་སྦྱོང་ལ་བརྩོན་པའི་ཚད།

ཁ་ནང་ལ་བསྐོར་ནས་བསམ་བློ་ཐོངས། །

 

 

 

 

 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.