སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
བརྗོད་བྱ་རྗོད་བྱེད་སྐོར།
[ 2012/7/8 15:55:00 | By: vase ]
 

བརྗོད་བྱ་རྗོད་བྱེད་སྐོར།

 

བརྗོད་བྱ་དང་ནི་རྗོད་བྱེད་ནི།  བརྡ་ལས་གོ་བྱ་གོ་བྱེད་ཡིན་ཞེས་གསུང་པ་ལ་བརྟེན་ནས་རང་གི་བསམ་ཚུལ་ཞིག་བཀོད་ན།   དང་པོ་རང་གི་དངོས་ཀྱི་རྗོད་བྱེད་ལ་བརྟེན་ཚུལ་དང་།  གཉིས་པ་བརྡ་ཤེས་པའི་གང་ཟག་གི་སྒྲ་རང་མཚན་ལ་བརྟེན་ནས་ཞེན་པའི་བརྗོད་བྱ་གོ་ཚུལ་རིམ་བཞིན་བཀོད་ན། དང་པོ་རང་གི་དངོས་ཀྱི་རྗོད་བྱེད་ལ་བརྟེན་ཚུལ་ནི་བརྡ་ཤེས་པའི་གང་ཟག་གིས་དཔེར་ན་ཀ་བ་ཞེས་པའི་སྒྲ་བརྗོད་པ་ལ་བརྟེན་ནས་དེའི་རྗེས་སུ་འབྲང་བའི་རྟོག་པ་ལ་སྣང་བའི་སྣང་ཆ་དེ་ལ་མིང་གི་ཆ་འདྲ་བ་དང་དོན་གྱི་ཆ་འདྲ་བ་གཉིས་ཡོད་པ་ལས། དང་པོ་མིང་གི་ཆ་འདྲ་བ་དེ་ལ་དངོས་ཀྱི་རྗོད་བྱེད་དང་ཀ་བའི་སྒྲ་སྤྱི་ཞེས་དོན་གཅིག།   ཕྱི་མ་དོན་གྱི་ཆ་འདྲ་བ་དེ་ལ་དངོས་ཀྱི་བརྗོད་བྱ་དང་ཀ་བའི་དོན་སྤྱི་ཞེས་དོན་གཅིག་ཏུ་འདོད་དགོས་པར་སྣང་།     གཉིས་པ་ནི་བརྡ་ཤེས་པའི་གང་ཟག་གི་སྒྲ་རང་མཚན་ལ་བརྟེན་ནས་ཞེན་པའི་བརྗོད་བྱ་གོ་ཚུལ་ནི་དང་པོ་དཔེར་ན་ཀ་བ་ཞེས་པའི་སྒྲ་རང་མཚན་པ་ཐོས་ཐོས་པ་དེ་ལ་བརྟེན་ནས་ཀ་བའི་སྒྲ་སྤྱི་སྣང་དེ་ལ་བརྟེན་ནས་དོན་སྤྱི་ཤར་དོན་སྤྱི་དེ་ལ་རྟོག་པ་དེ་ཡིས་འདི་ཀ་བ་འོ་སྙམ་ནས་ཀ་བ་རང་མཚན་པ་རུ་ཞེན་ནས་ཞེན་པའི་བརྗོད་བྱ་མཐར་ཐུག་པ་དེ་རྟོག་པ་དེ་ཡིས་རྟོགས་ནུས་པའི་ཆ་ནས་ཞེན་པའི་བརྗོད་བྱ་གོ་ཞེས་བརྗོད་དགོས་པར་སྣང་། བརྡ་མི་ཤེས་པའི་གང་ཟག་གི་སྒྲ་རང་མཚན་ལ་བརྟེན་ནས་དེས་རྗེས་འབྲང་གི་རྟོག་པས་ཞེན་པའི་བརྗོད་བྱ་གོ་ཚུལ་མེད་པར་སྣང་ངོ་།   ཞེན་པའི་རྗོད་བྱེད་ཡིན་ན་རྗོད་བྱེད་ཀྱི་སྒྲ་ཡིན་དགོས།    དངོས་ཀྱི་རྗོད་བྱེད་ཡིན་ན་རྗོད་བྱེད་ཀྱི་སྒྲ་ཡིན་མི་དགོས།     སྤྱི་ལོ་ ༢༠༡༢ ཟླ་ ༧  ཚེས་ ༥  ཉིན་མོར་བསོད་ནམས་བློ་གྲོས་ནས་བྲིས།།

 
 
Re:བརྗོད་བྱ་རྗོད་བྱེད་སྐོར།
[ 2012/8/24 20:54:36 | By: སྐུ་མགྲོན་pTKw50(སྐུ་མགྲོན) ]
 
སྐུ་མགྲོན་pTKw50(སྐུ་མགྲོན)རྗོད་བྱེད་ཀྱི་སྒྲ་ཡི་མཚན་ཉིད་ཟུར་དུ་གཉན་བྱ་ཞེས་སྨོས་པ་དང་ རྗོད་བྱེད་གྱི་མཚན་ཉིད་ཟུར་དུ་གཉན་བྱ་ཞེས་མ་སྨོས་པའི་རྒྱུ་མཚན་ཅིག་ཡོད་དགོས་པ་ཡིན་པའི་ཕྱིར་ སྲོ་དཀར་ལགས་ རེ་བ་ཅན་ནས་
 
 
Re:བརྗོད་བྱ་རྗོད་བྱེད་སྐོར།
[ 2012/8/24 20:39:24 | By: སྐུ་མགྲོན་pTKw50(སྐུ་མགྲོན) ]
 
སྐུ་མགྲོན་pTKw50(སྐུ་མགྲོན)དངོས་སུ་རྗོད་བྱེད་ཡིན་ཏེ་ དངོས་སུ་མ་རྗོད་བ་གང་ཞིག་ རྟོག་པ་ལ་སྣང་བའི་དོན་མ་ཡིན་དེ་ལས་བཞན་པ་དངོས་སུ་རྗོད་བྱེད་ཡིན་པའི་རྒྱུ་མཚན་གང་ཡང་མི་འདུག་ལགས་ བརྡ་ཤེས་རྒེ་པོ་ནས་།།།།།།།།།།།།
 
 
Re:བརྗོད་བྱ་རྗོད་བྱེད་སྐོར།
[ 2012/8/24 20:28:16 | By: སྐུ་མགྲོན་pTKw50(སྐུ་མགྲོན) ]
 
སྐུ་མགྲོན་pTKw50(སྐུ་མགྲོན)ཁྱོད་ཀྱི་བོན་སུ་ཅིག་དངོས་སུ་མ་རྗོད་ལ་ཁྱོད་དངོས་སུ་རྗོད་བྱེད་ཡིན་ན་མོ་ཤམ་མའི་བུ་ཡང་དངོས་སུ་བརྗོད་བྱེད་ཡིན་པ་འདོད་ཆོག་གི་འདུག་ལགས།།
 
 
Re:བརྗོད་བྱ་རྗོད་བྱེད་སྐོར།
[ 2012/8/16 0:00:32 | By: སྐུ་མགྲོན་rVMy51(སྐུ་མགྲོན) ]
 
སྐུ་མགྲོན་rVMy51(སྐུ་མགྲོན)ཁྱོད་ཀྱི་བརྗོད་བྱ་དེ་བརྗོད་བྱེད་ཡིན་པ་ཐལ་ ཁྱོད་ཀྱི་དངོས་ཀྱི་བརྗོད་བྱ་དེ་དངོས་སུ་བརྗོད་བའི་ཕྱིར་ དེ་ཐལ་་དངོས་ཀྱི་བརྗོད་བྱ་དེ་དངོས་སུ་བརྗོད་བྱེད་ཡིན་པའི་ཕྱིར་ཏེ་ད་ེཁྱོད་ཀྱི་དངོས་ཀྱི་བརྗོད་བྱ་དང་ཁྱོད་དེ་དངོས་སུ་བརྗོད་བྱེད་ཡིན་པའི་ཕྱིར་ རྡ་ཤེས་ནས།།།།།།
གཤམ་དུ་vase་ལགས་ཀྱིས་ལན་སློག་པ་ནི་
ཅིའི་ཕྱིར་་་་་་་་་་་་་རྟགས་མ་གྲུབ་་་་་་་་་་་་་་རྟགས་མ་གྲུབ་་་་དེ་ཁྱོད་ཀྱི་དངོས་ཀྱི་བརྗོད་བྱ་ཡིན་ན་ཁྱོད་དེ་དངོས་སུ་བརྗོད་བྱེད་ཡིན་པས་མ་ཁྱབ། བསོད་ནམས་དཀར་པོ་ནས།།།།།
 
 
Re:བརྗོད་བྱ་རྗོད་བྱེད་སྐོར།
[ 2012/8/7 20:19:28 | By: སྐུ་མགྲོན་8DTg83(སྐུ་མགྲོན) ]
 
སྐུ་མགྲོན་8DTg83(སྐུ་མགྲོན)བརྡ་ཡིན་ན་བརྗོད་བྱེད་གྱི་སྒྲ་ཡིན་པའི་ཁྱབ་པ་དང་ བརྡ་མི་ཤེས་པའི་གང་ཟག་ཡིན་ན་བརྡ་ལ་བརྟེན་ནས་ཞེན་པའི་བརྗོད་བྱ་གོ་རྒྱུ་མེད་པའི་ཁྱབ་པ་དང་ ཞེན་པའི་བརྗོད་བྱ་ཡིན་ན་བརྗོད་བྱེད་གྱི་སྒྲ་ལ་བརྟེན་ནས་གོ་དགོས་པའི་ཁྱབ་པ་རེ་རེ་ནས་ཡོད་པ་ཐལ་ སེམས་ནས་
གཤམ་དུ་vase་ལགས་ཀྱིས་ལན་སློག་པ་ནི་
འདིའི་སྐབས་སུ་བརྡ་ལ་བརྟེན་ཞེས་པའི་བརྡ་དེ་ཡིན་ན་བརྗོད་བྱེད་ཀྱི་སྒྲ་ཡིན་པས་ཁྱབ། བརྡ་མི་ཤེས་པའི་གང་ཟག་ཡིན་ན་བརྡ་ལ་བརྟེན་ནས་ཞེན་པའི་བརྗོད་བྱ་གོ་རྒྱུ་མེད་པའི་ཁྱབ་པ་ འདོད། ཞེན་པའི་བརྗོད་བྱ་ཡིན་ན་རྗོད་བྱེད་ཀྱི་སྒྲ་ལ་བརྟེན་ནས་གོ་དགོས་པའི་ཁྱབ་པ་འདོད།། རིག་ལམ་པ་ནས།།
 
 
Re:བརྗོད་བྱ་རྗོད་བྱེད་སྐོར།
[ 2012/8/7 20:05:22 | By: སྐུ་མགྲོན་wCs1VI(སྐུ་མགྲོན) ]
 
སྐུ་མགྲོན་wCs1VI(སྐུ་མགྲོན)ཀ་བའི་སྒྲ་སྤྱི་བོན་ཅན་རྗོད་བྱེད་ཡིན་པ་ཐལ་ ཁྱོད་ཀྱི་བརྗོད་བྱ་ཡོད་བ་གང་ཞིིག་དེ་རྗོད་བྱེད་ཡིན་པའི་ཕྱིར་།།།།
གཤམ་དུ་vase་ལགས་ཀྱིས་ལན་སློག་པ་ནི་
ཀ་བའི་སྒྲ་སྤྱི་རྗོད་བྱེད་ཡིན་པ་ཐལ་ ཅིའི་ཕྱིར། ཁྱོད་ཀྱི་བརྗོད་བྱ་དེ་རྗོད་བྱེད་ཡིན་པ་རྟགས་མ་གྲུབ།།།། དཀར་པོ་ནས།།
 
 
Re:བརྗོད་བྱ་རྗོད་བྱེད་སྐོར།
[ 2012/8/6 19:24:38 | By: སྐུ་མགྲོན་138Ldp(སྐུ་མགྲོན) ]
 
སྐུ་མགྲོན་138Ldp(སྐུ་མགྲོན)ཀ་བའི་སྒྲ་སྤྱི་བོན་ཅན་ ་ཁྱོད་ཀྱི་བརྗོད་བྱ་ཡོད་བ་ཐལ་།།།།།།།
གཤམ་དུ་vase་ལགས་ཀྱིས་ལན་སློག་པ་ནི་
འདོད་ལགས། ཀ་བའི་དོན་སྤྱི་བོན་ཅན། །
 
 
Re:བརྗོད་བྱ་རྗོད་བྱེད་སྐོར།
[ 2012/8/3 21:11:35 | By: སྐུ་མགྲོན་L52Sk8(སྐུ་མགྲོན) ]
 
སྐུ་མགྲོན་L52Sk8(སྐུ་མགྲོན)དངོས་ཀྱི་རྗོད་བྱེད་ཡིན་ན་རྗོད་བྱེད་ཡིན་སམ་མི་དགོས་།། བརྡ་ཤེས་པའི་གང་ཟག་ནས།།།།།།།།
གཤམ་དུ་vase་ལགས་ཀྱིས་ལན་སློག་པ་ནི་
དངོས་ཀྱི་རྗོད་བྱེད་ཡིན་ན་རྗོད་བྱེད་ཡིན་མི་དགོས་ཀ་བའི་སྒྲ་སྤྱི་བོན་ཅན།། རིག་ལམ་པ་ནས།།
 
 
Re:བརྗོད་བྱ་རྗོད་བྱེད་སྐོར།
[ 2012/8/3 21:06:46 | By: སྐུ་མགྲོན་L52Sk8(སྐུ་མགྲོན) ]
 
སྐུ་མགྲོན་L52Sk8(སྐུ་མགྲོན)མིང་གི་ཆ་འདྲ་བ་དེ་ལ་དངོས་ཀྱི་རྗོད་བྱེད་དང་ཀ་བའི་སྒྲ་སྤྱི་ཞེས་དོན་གཅིག། ཡིན་པ་ཐལ་
གཤམ་དུ་vase་ལགས་ཀྱིས་ལན་སློག་པ་ནི་
རྩ་བའི་འདོད་ཚུལ་ལ་བརྟག་དཔྱད་ཅུང་ཙམ་བཟོས་ནས་མཆན་སྤེལ་ཤོག། ང་ཡིས་སྤྱིར་མིང་གི་ཆ་འདྲ་བ་དེ་ལ་དངོས་ཀྱི་རྗོད་བྱེད་དང་ཀ་བའི་སྒྲ་སྤྱི་ཞེས་དོན་གཅིག་བཞག་མེད། ཀ་བ་ཞེས་པའི་སྒྲ་ཡིས་རྗེས་སུ་འབྲང་བའི་རྟོག་པ་ལ་སྣང་བའི་སྣང་ཆ་དེ་ལ་མིང་གི་ཆ་འདྲ་བ་དང་དོན་གྱི་ཆ་འདྲ་བ་གཉིས་ཡོད་པའི་ནང་ནས་དང་པོ་དེ་ཀ་བའི་སྒྲ་སྤྱི་དང་དོན་གཅིག་ཏུ་བཞག་ཡོད། ཁྱེད་རང་ལ་ དེ་ཀ་བའི་སྒྲ་སྤྱི་དང་དོན་གཅིག་མ་ཡིན་པའི་རྟགས་གསལ་ཡོད་ན་ཐོངས་ཤོག་ཐོངས་ཤོག། དམ་བཅའ་བ་ནས།།
 
 
Re:བརྗོད་བྱ་བརྗོད་བྱེད་སྐོར།
[ 2012/8/1 20:35:36 | By: སྐུ་མགྲོན་H4Do26(སྐུ་མགྲོན) ]
 
སྐུ་མགྲོན་H4Do26(སྐུ་མགྲོན)འདིས་ནང་དུ་ དང་པོ་མིང་གི་ཆ་འདྲ་བ་དེ་ལ་དངོས་ཀྱི་བརྗོད་བྱེད་དང་ཀ་བའི་སྒྲ་སྤྱི་ཞེས་དོན་གཅིག། ཕྱི་མ་དོན་གྱི་ཆ་འདྲ་བ................ཞེས་པའི་ཆ་འདྲ་ཚུལ་གང་ཞིག་ལ་ངོས་འཛིན་དགོས་ ཡང་གཅིག་བྲིས་ན་ བརྡ་མི་ཤེས་པའི་གང་ཟག་གི་སྒྲ་རང་མཚན་ལ་བརྟེན་ནས་དེས་རྗེས་འབྲང་གི་རྟོག་པའི་ཞེན་པའི་བརྗོད་བྱ་གོ་ཚུལ་མེད་པར་སྣང་ངོ་། ཞེས་པའི་གང་ཞིག་ལ་བརྡ་ཟེར་ ཡ་ཆ་ནས་
གཤམ་དུ་vase་ལགས་ཀྱིས་ལན་སློག་པ་ནི་
ཁྱེད་རང་གིས་འདིས་མཆན་འདི་དྲི་བ་དང་རྟགས་གསལ་གང་ཡིན་ང་རང་གིས་ཧ་གོ་གི་མི་འདུག། ཡང་བསྐྱར་ཁ་གསལ་པོ་ཞིག་བྲིས་ན་ཆོག།།སྟེང་དཀར་པོ།།
 
 
Re:བརྗོད་བྱ་བརྗོད་བྱེད་སྐོར།
[ 2012/7/14 16:57:34 | By: TXLM ]
 
TXLMའདི་དང་འདི་ལྟ་བུས་གསར་བརྩམས་སྤེལ་བ་ལ་དགའ་བསུ་དང་ཡིད་རང་ཞུ།
དྲྭ་འཁྱམས་ཉུངས་དཀར་ནས།
གཤམ་དུ་vase་ལགས་ཀྱིས་ལན་སློག་པ་ནི་
འོད་ཟེར་མཐའ་རྒྱས་ལགས་ཕེབས་པར་དགའ་བསུ་ཞུ། སྲོ་ལོ་དཀར་པོ་ནས།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.