སུམ་པ་གླང་གི་ལྗང་གསར།
 
ཟིན་བྲིས་ལི་ཐོ།
<<  < 2021 - >  >>
1234567
891011121314
15161718192021
22232425262728
293031
སྤྱི་བསྒྲགས།

 

རང་ཅག་གཞུང་ལུགས་ཟབ་མོའི་ཐང་ཆེན་སྟེང་དུ་ཤེས་རིག་སྦྲང་རྩིའི་བཅུད་ལ་ངོམ་མེད་བརྩོན་ལ་བརྩོན་འགྲུས་ཀྱི་ཅང་ཤེས་ལྕག་གི་བསྐུལ་ནས་མདུན་བསྐྱོད་གྱི་གོམ་ཁ་གློད་དེ་ཕེབས་དང་ཕེབས་བཞིན་པའི་སྒང་།     ཕྱིས་ཤེས་རིག་གི་དབལ་ཁ་རྣོ་བའི་སྤུན་གྲོགས་ཚོ།   འདི་ཕྱིའི་མདུན་ལམ་དང་རང་གི་སྐད་ཡིག་རིག་གནས་སོགས་ལ་བསམ་ཞིག་ནན་པོ་བྱས་ནས་ཤེས་རིག་གི་གླིང་ཁ་ལ་མདུན་བསྐྱོད་ཀྱི་གོམ་པ་སྤོས་ནས་ཕེབས་ཤོག་སྤུན་གྲོགས་ཚོ།།    རུས་མིང་བསོད་ནམས་བློ་གྲོས།      དྲྭ་མིང་ཁྱུང་ནག་བློ་གྲོས།      ཁ་པར་ ༡༨༧༠༨༠༨༤༡༩༩            

སྒེར་ཁུང་།  ༡༥༩༨༣༧༩༨༤༦

ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 230
  • དཔྱད་བརྗོད། 178
  • ཆེམས། 0
  • ཀློག་གྲངས། 38866


 
རྗེས་ལུས་ཀྱི་མིག་ཆུ།
[ 2012/7/2 14:41:00 | By: vase ]
 

 རྗེས་ལུས་ཀྱི་མིག་ཆུ།

ཡ་དམ་པ་ལགས་ཁྱེད་ཞིང་ཁམས་གཞན་དུ་གཤེགས་སྐབས་ང་རང་ཆབ་མདོ་ལ་ཡོད།  གྲོགས་ཞིག་གིས་ཁ་པར་གྱི་འབོད་བརྡ་བཏང་ནས་རང་གི་བཟོད་སྲན་མ་ཐུབ་ཐེངས་གཅིག་ཉན་དུས་བཤད་མི་རུང་བའི་གཏམ་ངན་གཅིག་བསྲིང་།   ང་ཡི་སེམས་ཁམས་ཀྱི་འཚོ་བ་ལ་ཚ་ཟིང་ཟིང་གི་ཚོར་སྣང་ཞིག་སྐྱེས།   ངའི་མིག་རྩ་ཆུ་ཡིས་བརླན།   ཨ་རྫིད་ལས་དབང་བཙན་པོ་ཟེར་བ་འདི་འདྲ་གཟུར་རྒྱུ་དང་གབ་རྒྱུ་མེད་པ་འདི་འདྲ་ཞིག་བསམ་ནས་ང་རང་གི་སེམས་ལ་འགྱུར་ལྡོག་ཐོབ།   ཁྱེད་ཞིང་ཁམས་གཞན་དུ་གཤེགས་ཁར་བདག་གི་དངོས་སུ་མཇལ་བའི་གོ་སྐབས་དང་ཞུ་འདོད་པའི་སྐད་ཆ་ནི་གླེང་ས་དེ་བས་ཀྱང་ག་ལ་རྙེད།   ང་དང་ང་འདྲ་བའི་དྭ་ཕྲུག་ཚོ་ལ་རྗེས་ལུས་ཀྱི་མིག་ཆུ་སྤར་གང་མ་གཏོག་གཞན་ཅི་ཡོད་།    དེ་དང་དེ་འདྲ་བའི་ངེད་སྤུན་གྲོགས་ཚང་མས་སྤྱི་སྡུག་མཉམ་ཁུར་བྱས་ནས་དགེ་བའི་སྡོང་གདབ་མཉམ་དུ་འབུལ་ན་དགའ།།       

བླ་སློབ་བར་གྱི་འབྲེལ་བ་ཟབ་མོ་ལས་དབང་བཙན་པོས་དུམ་བུར་གཅོད།

དཀར་ནག་སེར་སྐྱ་ཁྲི་མ་འབུམ་རྣམས་རང་རང་ས་ལ་མིག་ཆུས་བརླན།།

སེམས་ཀྱི་གླུ་སྒྲ་སྒྲ་འཛིན་དབང་པོའི་མགྲོན་པོ་བྱེད་པའི་གོ་སྐབས་བྲལ།།

དག་པའི་ཞིང་ལ་འགྲོ་བ་འདྲེན་པའི་སྟོན་པ་ཆེན་པོ་སྐྱེ་བར་ཤོག།     སྤྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༢  ཉིན་སྲོ་ལོ་དཀར་པོ་ནས་བྲིས།།

 
 
Re:རྗེས་ལུས་ཀྱི་མིག་ཆུ།
[ 2012/7/7 16:55:20 | By: སྐུ་མགྲོན་8CSe73(སྐུ་མགྲོན) ]
 
སྐུ་མགྲོན་8CSe73(སྐུ་མགྲོན)ཡག་པོ་བྲིས་འདུུག་ མུ་མཐུུན་ནས་ཤུག་རྒྱོབ་།།།
 
 
Re:རྗེས་ལུས་ཀྱི་མིག་ཆུ།
[ 2012/7/6 16:30:36 | By: སྐུ་མགྲོན་HLco2S(སྐུ་མགྲོན) ]
 
སྐུ་མགྲོན་HLco2S(སྐུ་མགྲོན)ངས་མིག་རྩ་ཆུ་ཡིས་བརླནཞེས་པ་འདི་ངའི་མིག་རྩ་ཆུ་ཡིས་བརླན་ཞེས་འབྲི་བ་འོས།
བདག་གི་དངོས་སུ་འཇལ་བའི་ཞེས་པའི་འཇལ་འདི་"མཇལ་"ཡིན།
 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.