སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
སྐྱབས་འགྲོ་སྐོར་ཟུར་ཙམ་གླེང་བ།
[ 2012/6/26 16:40:00 | By: vase ]
 

སྐྱབས་འགྲོ་སྐོར་ཟུར་ཙམ་གླེང་བ།

ལྷག་བསམ་གྱི་རང་མདངས་མ་ཉམ་བྱམས་བརྩེའི་ཡི་རང་རྒྱུད་བརླན་པའི་ཆོལ་གསུམ་གྱི་སྤུན་ཟླ་རྣམ་པ་ང་ཚོ་ནི་ད་ལྟའི་མི་ལུས་རིན་པོ་ཆེ་འདི་ཡི་ཐོག་ལ་ང་ཚོ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་དགོས།  ང་ཚོ་ནི་རྐྱེན་དབང་དྲག་པོ་ཞིག་གིས་ག་དུས་འཇིག་ངེས་པ་མེད།   ང་ཚོའི་ད་ལྟའི་གནས་སྐབས་གིས་བདེ་བ་འདི།    ང་ཚོ་ཚེ་སྔོན་མ་ལ་སྐྱབས་གནས་དཀོན་མཆོག་གསུམ་ལ་དད་པ་མོས་གུས་གཙོ་བོར་བཟུང་བའི་སྒོ་ནས་ལས་འབྲས་ལ་ཡིད་ཆེས་དགེ་སྡིག་སྤངས་བླང་གི་རྣམ་བཞག་ལ་ནན་གཟབ་ཡག་པོ་བྱས་ནས་རྒྱུ་བསླུ་བ་མེད་པ་སྔོན་དུ་བསགས་པའི་འབྲས་བུ་ཞིག་རེད།   ང་ཚོ་དང་ང་ཚོ་འདྲ་བའི་སེམས་ཅན་སུ་དང་སུ་ཡིན་ཡང་བདེ་བ་མ་གཏོག་སྡུག་བསྔལ་མི་འདོད་མཁན་ཤ་སྟག་རེད་དེ་ལྟར་ཡིན་དུས་གནས་སྐབས་ཀྱི་བདེ་བ་དང་མཐར་ཐུག་གི་བདེ་བ་གང་འདྲ་ཞིག་ཐོབ་དགོས་ན་ང་ཚོ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་དགོས།      ང་ཚོ་སྐྱབས་སུ་འགྲོ་སའི་སྐྱབས་གནས་དེ་ནི་སེམས་ཅན་འཁོར་བའི་རྒྱུད་ཀྱི་སྡུག་བསྔལ་དང་འཇིགས་སྐྲགས་སེལ་བའི་ནུས་པ་ལྡན་པ་ཞིག་དགོས།  དེ་ལ་སྐྱབས་སུ་སོང་ན་ཚེ་འདི་ལ་ཡང་ཚེ་དང་བསོད་ནམས་ཀླུང་རྟ་སོགས་ཟླ་བའི་ཡར་ངོ་བཞིན་འཕེལ་བ་དང་དགེ་སྦྱོར་གྱི་ཕྱོགས་བཟང་པོའི་ལས་དཀའ་གང་ལ་བརྩོན་པ་ལ་བར་ཆད་སེལ་བས་ཐབས་ཁྱད་པརཅན་དང་ཕྱི་མ་ལ་ཡང་སངས་རྒྱས་ཀྱི་གདུལ་བྱར་འགྱུར་བའི་ཡོན་ཏན་དཔག་ཏུ་མེད་པར་འབྱུང་བའི་ཕྱིར་རོ།   སངས་རྒྱས་ལ་སྐྱབས་སུ་འགྲོ་ཚུལ་ནི་ཕྱོགས་བཅུ་དང་དུས་གསུམ་ན་གཞུགས་པའི་སངས་རྒྱས་རྣམས་ལ་གསོལ་བ་རྩེ་གཅིག་ཏུ་འདེབས་ནས་ཁྱེད་ཤེས་ཁྱེད་མཁྱེན་སྙམས་པའི་བློ་མངོན་གྱུར་བ་ཞིག་སྐྱེ་དགོས།        བོན་ལ་སྐྱབས་སུ་འགྲོ་ཚུལ་ནི་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབས་མི་བོ་ནས་བཟུང་རང་གི་དྲིན་ཆེན་རྩ་བའི་བླ་མ་ཡན་ཆོད་ཀྱི་བར་དུ་གསུང་པའི་ཐར་པ་དང་ཐར་ལམ་གྱི་བསྡུས་པའི་བོན་དང་ཡང་དག་བདེན་པའི་བོན་གཞི་ལམ་འབྲས་གསུམ་གྱི་བརྗོད་བྱ་གཏན་ལ་འབེབས་པ་གཡུང་དྲུང་གི་བོན་ལ་སྐྱབས་སུ་མཆི་འོ་སྙམས་དགོས།།      སེམས་དཔའ་ལ་སྐྱབས་སུ་འགྲོ་ཚུལ་ནི་སྒྲིབས་པ་རྣམ་གཉིས་སྦྱོང་བའི་ཡོན་ཏན་ཆེན་པོ་དང་ལྡན་པ་གཞན་དོན་ལ་བརྩེ་བ་ཤིན་དུ་ཟབ་པའི་གཡུང་དྲུང་སེམས་དཔའ་རྣམས་ལ་སྐྱབས་སུ་མཆིའོ་སྙམས་དགོས།།       སྤྱི་ཟླ་ ༦ ཚེས་  ༢༦    ཉིན་མོར་   བསོད་ནམས་ནས་བྲིས།

 
 
Re:སྐྱབས་འགྲོ་སྐོར་ཟུར་ཙམ་གླེང་བ།
[ 2013/1/4 23:58:20 | By: rise(སྐུ་མགྲོན) ]
 
rise(སྐུ་མགྲོན)སངས་རྒྱས་དུས་ཚོར་སྣང་བདེ་བ་ཁོ་ན་མ་གཏོགས་སྡུག་བསྔལ་གཏན་ནས་མྱོང་མི་དགོས་པས་གཏན་བདེའི་གོ་འཕང་ཐོབ་ཀྱི་ཡོད་པའི་སྐོར་སངས་རྒྱས་ཀྱིས་གསུངས་ཤག
 
 
Re:སྐྱབས་འགྲོ་སྐོར་ཟུར་ཙམ་གླེང་བ།
[ 2012/8/15 23:42:33 | By: སེམས་(སྐུ་མགྲོན) ]
 
སེམས་(སྐུ་མགྲོན)སངས་རྒྱས་དུས་ ཚོར་སྣང་ག་འདྲ་ཞིག་ཡོད་ནམ་སྤྱིར་གཏམ་བྱས་ན་ད་ལྟ་བདེ་བ་ཡག་པོ་འདུག་ འདི་ལས་ཆེ་ཞིག་ཡོད་ན་འཚོ་བ་གང་འདྲ་སྤྱོད་འགོས་
གཤམ་དུ་vase་ལགས་ཀྱིས་ལན་སློག་པ་ནི་
ཨ་རྫད་་་་ སངས་རྒྱས་དུས་ཚོར་སྣང་ག་འདྲ་ཞིག་ཡོད་ང་ཚོ་དེ་སྔོན་སངས་རྒྱས་མ་མྱོང་བས་ད་ལྟ་འདི་འདྲ་ཡོད་རེད་ཟེར་ཐག་ག་ལ་ཆོད། ད་ལྟའི་བདེ་བ་ལས་བདེ་བ་དགུ་འགྱུར་གྱིས་ལོས་ཆེ། ད་ལྟའི་བདེ་བ་ནི་གནས་སྐབས་ཀྱི་བདེ་བ་རེད་འདི་ལ་རྐྱེན་ངན་པ་གཅིག་འཕྲད་ཚེ་སྡུག་བསྔལ་གྱི་ངོ་བོ་འགྱུར་ངེས་པ་རེད། སངས་རྒྱས་པའི་སྐབས་ཀྱི་བདེ་བ་དེ་ལ་སྡུག་བསྔལ་གྱིས་དགྲ་ཡིས་མི་ཚུག་པ་རེད། དེ་གཉིས་བར་ལ་གནམ་ས་ཙམ་གྱི་ཁྱད་པར་ཡོད་ནམ་སྙམ།།།།། བསོད་ནམས་དཀར་པོ་ནས།།།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.