སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
ཁྱིམ་པ་དང་བཙུན་པ་ལམ་སོ་སོ་བསྐྱོད་དང་སྐྱིད།
[ 2018/2/23 20:44:00 | By: vase ]
 
 
 ༧ ཁྱིམ་པ་དང་བཙུན་པ་ལམ་སོ་སོ་བསྐྱོད་དང་སྐྱིད།

༧ སྤྱིར་འགྲོ་བ་རིགས་དྲུག་གི་སེམས་ཅན་ཞིག་ཡིན་ཚུན་ལ། ཚེ་གཅིག་གི་རིང་ལ་བཟའ་བཏུང་ལོངས་སྤྱོད་སོགས་ཆ་རྐྱེན་ཕུན་སུམ་འཚོགས་པའི་གནས་སྐབས་ཀྱི་བདེ་བ་དང་། འཁོར་བ་ལ་ཐོག་མ་མེད་པ་དང་སྐྱེ་བ་ལ་གྲངས་མེད་པ་ནས་རྣམ་སྨིན་ལས་ཀྱིས་བགོས་པའི་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤང་ནས་ཐར་པ་ཐམས་ཅད་མཁྱེན་པའི་མཐར་ཐུག་གི་བདེ་བ་གཉིས་པོ་ལ་རེ་བཅོལ་བྱ་མི་དགོས་པའི་སེམས་ཅན་སུ་ཞིག་མེད་ཀྱང་།  ཚེ་འདི་ཡི་འཚོ་བ་ལོངས་སུ་སྤྱོད་མཁན་ལུགས་གཉིས་གང་རུང་གཉེར་བའི་འཇིག་རྟེན་ཁྱིམ་ཐབ་ཀྱི་སྡེ་དང་།  དགེ་བྱེད་བཙུན་ཚོགས་ཀྱི་སྡེ་གཉིས་པོ་ཞིག་ལ་ཆ་མཚོན་ན།  ཆོས་དང་འཇིག་རྟེན་བསྲེ་མི་རུང་ལ་ཁྱིམ་ཐབ་ཀྱི་མི་བུ་ཚོས་བཙུན་པ་དང་བཙུན་མའི་བདེ་སྐྱིད་དེ་འཕྲོག་མི་ཉེན་ལ། བཙུན་པ་དང་བཙུན་མས་འཇིག་རྟེན་ཁྱིམ་ཚང་གི་ཇུས་ཏོགས་རྒྱ་ཆེན་བྱ་མི་ཉེན།  བཙུན་པ་དང་བཙུན་མ་གང་རུང་ཡིན་ཚུན་ཆད་སོ་སོའི་མིག་འབྲས་ལྟར་གཅེས་དགོས་པའི་བསླབ་པ་རིན་པོ་ཆེ་རྣམ་པ་གསུམ་དང་།  སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ལ་འཆད་རྩོད་རྩོམ་གསུམ་དང་ཐོས་བསམ་སྒོམ་སྒྲུབ་སོགས་སོ་སོས་ནུས་ཚོད་འཇོན་ཚོད་ཀྱི་ཉམས་ལེན་ཚད་ལྡན་ཚུལ་མཐུན་གྱི་བྱ་བ་སྒྲུབ་དགོས་པའི་འོས་འགན་ཆེན་པོ་ཞིག་ཡོད་པ་རེད།  འཇིག་རྟེན་ཁྱིམ་ཐབ་པ་ཐམས་ཅད་ལ་མཚོན་ན་ཡང་རོང་འབྲོག་དང་ལས་བྱེད་པ་སོགས་སོ་སོས་དཀའ་སྡུག་གི་འཚོ་བ་ལོངས་སུ་སྤྱོད་པའི་གསེབ་ནས་ཚོར་བ་མངར་སྐྱུར་འདྲེས་མའི་བདེ་སྐྱིད་ཙམ་ཡོད་སྲིད་ནའང་། དེ་ནི་འཇིག་རྟེན་ཁྱིམ་ཐབ་པ་ཁྱོད་ཚོ་ལ་དབང་བའི་ཐོད་པའི་བགོ་སྐལ་རེད། དེ་ཁྱོད་ཚོས་ལོངས་སུ་སྤྱོད་པ་ལ་དགེ་བྱེད་པའི་ཚོགས་ཀྱིས་དེ་ལ་བར་ཆོད་བཟོ་མི་ཉེན། དགེ་བྱེད་པའི་རིགས་དེ་ཚོ་ཁྱིམ་ཚང་གི་རྫི་བོ་དང་ཕྲུ་གུ་གསོ་སྐྱོང་གི་བྲན་གཡོག་ཏུ་རྒྱ་ཆེན་མ་བཀོལ་དང་བཟང་། གལ་སྲིད་ཁྱིམ་ཚང་གི་རྫི་བོ་སོགས་བྲན་དུ་བཀོལ་ཆེ་སོང་ན།  ཁོ་ཚོའི་མི་ཚེའི་མདུན་ལམ་དང་ཐར་པ་བྱང་ཆུབ་ལ་མཁོ་བའི་དགེ་སྒྲུབ་དང་མི་ཚེའི་སློབ་སྦྱོང་གི་གོ་སྐབས་དེ་ཚོ་ཡལ་འགྲོ་བ་རེད། དགེ་བྱེད་པ་དེ་ཚོའི་སྐུ་ཡི་ཚེ་སྨད་ལ་དཀའ་ཁག་ཆེན་པོ་འཕྲད་སྲིད་དེ་ཁྱིམ་ཚང་གི་དཔལ་འབྱོར་བདག་པོའི་བདག་དབང་དེ་མེད་ལ། ཚེ་སྟོད་བྲན་ལ་བཀོལ་བའི་གཡོག་གླ་ནི་དེ་བས་མེད། ཕྱི་ཡི་ལང་ཚོ་ནི་ཡལ་ནང་གི་ཤེས་རིག་ནི་རྨོང་ཉམ་ང་བའི་ཉ་ཆུང་གསེར་མིག་བྱེ་ཐང་དུ་ལུས་པ་དང་མཚུངས་འགྲོ  དགེ་བྱེད་དམར་སེར་བའི་སྡེ་ཞིག་ཡིན་ན་དབེན་ས་སློབ་གླིང་ལ་མངགས་གཏོང་བྱེད་ནས་སློབ་སྦྱོང་དང་དགེ་སྦྱོང་གི་གོ་སྐབས་སྤྲད་དགོས་རྒྱ་དེ་གལ་ཆེན་པོ་ཞིག་ཡིན་པ་ལས་གཞན་ཚོང་ལས་ཉོ་སྒྲུབ་དང་ཁེ་བསྐྱེད་ཐོན་རྫས་སོགས་བྱ་བ་འདྲ་མིན་ཞིག་གཉེར་བ་ལ་འོས་པོ་དང་འཚམས་པོ་ཡོད་མ་རེད།
ཁོ་ཚོ་དགེ་བྱེད་པ་ཚོ་ལ་ཡང་མི་ཚེ་གང་པོར་དབེན་ས་རི་ཁྲོད་དང་སློབ་གླིང་སོགས་ལ་སློབ་སྦྱོང་གང་ནུས་དང་སྦྲེལ་ནས་མི་ཚེ་བསྐྱལ་བའི་གོ་སྐབས་སྤྲད་པ་ཡིན་ན་ཁོ་ཚོའི་རང་རྒྱུད་ལ་ཡོད་པའི་འདོད་ཆུང་ཆོག་ཤེས་ཟེར་བ་དེ་དང་།  ཁྱིམ་ཐབ་པ་འདྲ་བའི་སྟོབས་འབྱོར་གོ་ས་ཁེ་བསྐྱེད་དཔལ་འབྱོར་སོགས་ལ་འགྲན་སེམས་རྒྱ་ཆེན་མི་དགོས་པ་དང་། བཟའ་ཉོབ་གྲོང་གསེབ་ཀྱི་འཐབ་འཛིངས་འུར་ཟིང་སོགས་ཀྱིས་རྣ་བ་སུན་དོགས་ཀྱི་ཚེར་མ་རྒྱ་ཆེན་མེད་པས། ཁོ་ཚོ་ཁེར་རྐྱང་དབེན་ས་ལ་སྐྱིད་ཟེར་བ་ནང་བཞིན་ཕྱི་འདོད་ཡོན་གྱི་ངོས་ནས་གྲྭ་རྐྱང་ཆུ་རྐྱང་ཡིན་ཀྱང་།  ནང་དཔལ་ཡོན་གྱི་ངོས་ནས་དཔེ་ལྟ་དཔེ་ཀློག་དང་ཐོས་བསམ་སྒོམ་སྦྱོང་སོཌ་ཀྱིས་དོན་ངོ་མའི་རང་སེམས་སྐྱིད་པོ་ཟེར་བ་དེ་དགེ་བྱེད་པ་ལ་ཡོད་དོ།།
 སྤྱི་ལོ་༢༠༡༨/༢/༢༣/དགོང་མོར་མཁར་སྤ་བསོད་ནམས་བློ་གྲོས་ཀྱིས་བྲིས་སོ།།










 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.