སུམ་པ་གླང་གི་ལྗང་གསར།
 
ཟིན་བྲིས་ལི་ཐོ།
<<  < 2021 - >  >>
12345
6789101112
13141516171819
20212223242526
27282930
སྤྱི་བསྒྲགས།

 

རང་ཅག་གཞུང་ལུགས་ཟབ་མོའི་ཐང་ཆེན་སྟེང་དུ་ཤེས་རིག་སྦྲང་རྩིའི་བཅུད་ལ་ངོམ་མེད་བརྩོན་ལ་བརྩོན་འགྲུས་ཀྱི་ཅང་ཤེས་ལྕག་གི་བསྐུལ་ནས་མདུན་བསྐྱོད་གྱི་གོམ་ཁ་གློད་དེ་ཕེབས་དང་ཕེབས་བཞིན་པའི་སྒང་།     ཕྱིས་ཤེས་རིག་གི་དབལ་ཁ་རྣོ་བའི་སྤུན་གྲོགས་ཚོ།   འདི་ཕྱིའི་མདུན་ལམ་དང་རང་གི་སྐད་ཡིག་རིག་གནས་སོགས་ལ་བསམ་ཞིག་ནན་པོ་བྱས་ནས་ཤེས་རིག་གི་གླིང་ཁ་ལ་མདུན་བསྐྱོད་ཀྱི་གོམ་པ་སྤོས་ནས་ཕེབས་ཤོག་སྤུན་གྲོགས་ཚོ།།    རུས་མིང་བསོད་ནམས་བློ་གྲོས།      དྲྭ་མིང་ཁྱུང་ནག་བློ་གྲོས།      ཁ་པར་ ༡༨༧༠༨༠༨༤༡༩༩            

སྒེར་ཁུང་།  ༡༥༩༨༣༧༩༨༤༦

ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 230
  • དཔྱད་བརྗོད། 178
  • ཆེམས། 0
  • ཀློག་གྲངས། 38773


 
ཤིང་རྟའི་ལོ་གསར།
[ 2014/4/8 8:08:00 | By: vase ]
 
      

          ཤིང་རྟའི་ལོ་གསར།


       གླིང་གེ་སར་མི་གཡང་ཉམས་མ་མྱོང་།།
    ཕོ་དཔའ་རྩལ་སྟག་གཡང་ཉམས་མ་མྱོང་།།
    གཡང་དམུ་ཐག་དགུང་ནས་ཆད་མ་མྱོང་།།
      དུས་ད་ནང་ལོ་གསར་ཚེས་བཟང་ཡིན།།

   གཞིས་དགའ་ཉེ་སྤུན་གསུམ་དི་རིང་འཛོམས།།
    དབྱངས་བསླབ་པའི་ཨ་ཕ་དི་རིང་འཛོམས།།
       དྲིན་སྐྱོང་བའི་ཨ་མ་དི་རིང་འཛོམས།།
     བློ་འདྲི་སའི་གཅེན་པོ་དི་རིང་འཛོམས།།

     གོང་བཀུར་བའི་གཅེན་མོ་དི་རིང་འཛོམས།།
  ངེད་དགའ་སྐྱིད་འཚོཊ་པའི་ལོ་གསར་བཟང་།།
     ཚེས་གཅིག་གཅིག་མགོ་མའི་སྐར་ཆུ་འདི།།
       ཚེ་དབང་ཐང་དར་བའི་ཁྲུས་ཆུ་ཡིན།།

        སྟོད་ཕ་ཁྱིམ་ཕུགས་ཀྱི་ཐབ་ཀ་འདི།།
      ཤིང་ཙན་དན་མེ་ལྷ་འཁོར་ས་ཡིན།།
      དབུས་ཁང་ཁྱིམ་དཀྱིལ་གྱི་ཀ་བ་འདི།།
      ཡེ་སྲིད་པ་སྐོས་ཀྱི་བཙུག་པའི་ཤིང་།།

     ལག་གཡས་པའི་གྲོ་ལྷ་དཀར་པོ་དང་།།
    ལག་གཡོན་པའི་བསྲུབ་ཇ་མངར་མོ་གཉིས།།
   ལུས་སེམས་ཁམས་དྭངས་བའི་ཕ་ཟས་ཡིན།།
    གཡང་ལྷ་འབྲི་དཀར་མོའི་མར་དཀར་འདི།།

     ཟས་བཅུད་བརྒྱའི་ཕུད་ཀྱི་དྭངས་མ་ཡིན།།
      ཟོས་བཞག་ན་ཡིད་ཁ་དབང་མེད་འབྱེད།།
     བཤམས་བཞག་ན་ལྷ་ཡི་མཆོད་པ་ཡིན།།
         བོད་ཤིང་རྟ་ལོ་ཡི་ལོ་འཁོར་ལ།།

      ལུས་ནད་མེད་བརྟན་པའི་བཀྲིས་ཤོག།
     ངག་ཤིས་བརྗོད་རང་དབང་ཐོབ་པར་ཤོག།
  ཡིད་བསླུ་མེད་དཀོན་མཆོག་གསུམ་ལ་གཏོད།།
   སྐྱོབ་བསླུ་མེད་སྡོང་གྲོགས་ངེད་ཚོར་མཛོད།།

གྲོཊ་ཚོ་འདི་དེ་སྔོན་སྤེལ་རྒྱུ་ལུས་སོང་ཀྱང་དགོངས་དག་ཞུ།༢༠༡༤-༡-༣༡-ཁྱུང་བསོད་བློ་ནས།
 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.