སུམ་པ་གླང་གི་ལྗང་གསར།
 
ཟིན་བྲིས་ལི་ཐོ།
<<  < 2021 - 12 >  >>
1234567
891011121314
15161718192021
22232425262728
293031
སྤྱི་བསྒྲགས།

 

རང་ཅག་གཞུང་ལུགས་ཟབ་མོའི་ཐང་ཆེན་སྟེང་དུ་ཤེས་རིག་སྦྲང་རྩིའི་བཅུད་ལ་ངོམ་མེད་བརྩོན་ལ་བརྩོན་འགྲུས་ཀྱི་ཅང་ཤེས་ལྕག་གི་བསྐུལ་ནས་མདུན་བསྐྱོད་གྱི་གོམ་ཁ་གློད་དེ་ཕེབས་དང་ཕེབས་བཞིན་པའི་སྒང་།     ཕྱིས་ཤེས་རིག་གི་དབལ་ཁ་རྣོ་བའི་སྤུན་གྲོགས་ཚོ།   འདི་ཕྱིའི་མདུན་ལམ་དང་རང་གི་སྐད་ཡིག་རིག་གནས་སོགས་ལ་བསམ་ཞིག་ནན་པོ་བྱས་ནས་ཤེས་རིག་གི་གླིང་ཁ་ལ་མདུན་བསྐྱོད་ཀྱི་གོམ་པ་སྤོས་ནས་ཕེབས་ཤོག་སྤུན་གྲོགས་ཚོ།།    རུས་མིང་བསོད་ནམས་བློ་གྲོས།      དྲྭ་མིང་ཁྱུང་ནག་བློ་གྲོས།      ཁ་པར་ ༡༨༧༠༨༠༨༤༡༩༩            

སྒེར་ཁུང་།  ༡༥༩༨༣༧༩༨༤༦

ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 230
  • དཔྱད་བརྗོད། 178
  • ཆེམས། 0
  • ཀློག་གྲངས། 40027


 
ཁྱུང་ཡུལ་འགྲོ་བའི་སྒྲོན་མེ།
[ 2013/12/25 11:44:00 | By: vase ]
 
ཁྱུང་ཡུལ་འགྲོ་བའི་སྒྲོན་མེ།
                    
                       ཁྱུང་བསོད་བློ།

མཚན་བཟང་མེ་ཏོག་ཁྱུང་དཀར་ཡུལ་བཞད་རྒྱལ་བ་གཉིས་པའི་རྒྱལ་ཚབ་ཕེབས།།
བཅུ་རིག་མེ་ཏོག་ཁྲ་དགོན་དཀྱིལ་དུ་མཉེས་པ་གསུམ་གྱིས་ཡོངས་འཛིན་བརྒྱན།།
མཛད་འཕྲིན་མཚན་སྙན་ཡངས་སྟེང་དགུང་དུ་རྔ་གསང་འབྲུག་མོ་རྡིར་རྡིར་གྲགས།།
ཐབས་ཇུས་འབྲེལ་བའི་བསླུ་བ་མཁས་ཏེ་རིས་མེད་གྲུབ་མཐའི་ལམ་བུ་སྐྱོང་།། 

ཀ་དག་མདུད་པའི་དྲྭ་རྒྱ་ཁྲོལ་ཏེ་ཀུན་བཟང་དགོང་པའི་ཡངས་བཅུད་ལོན།།
བླ་མེད་ཐེག་པའི་རྒྱལ་ས་ཟིན་ཏེ་ཁམས་གསུམ་འགྲོ་བའི་སྐྱབས་ཀྱི་མགོན།།
མཐའ་ཁོབ་ཞན་པའི་ལུང་ཀྱོག་ཡོངས་ལ་བོན་བསྟན་སློབ་གསོའི་འབྲེལ་བ་ཟབ།།
མ་འོངས་ཤེས་རིག་མདུན་ལམ་གཏོད་ཚུལ་རྣ་བའི་གསེར་གདམ་རྒྱས་སེ་རྒྱས།།

སྲིད་པའི་བརྡ་དར་མཁའ་ལ་བསྒྲེང་བཞིན་བཀའ་བརྟེན་དཔེ་རྙིང་ཉི་ལི་ལི།།
རང་གཞན་གཉིས་དོན་བཤད་སྒྲུབ་སྒོམ་གསུམ་འདུས་སྡེའི་རྒྱ་མཚོ་འཁྱིལ་སེ་འཁྱིལ།།
ཞྭ་དཀར་གཡུང་དྲུང་བོན་བསྟན་གསོན་པོ་བཀའ་འགྱུར་དག་མ་བསྐྲུན་ལ་ཉེ།།
མ་གྱུར་འགྲོ་བའི་གཙུག་ཏུ་བཀུར་སའི་སངས་རྒྱས་གསོན་པོ་ཁེ་རུ་མ།།

ཁྱུང་ཡུལ་ཞིང་གི་བསྟན་པའི་སྒྲོན་མེའི་མཚན་སྙན་སྲིད་པ་གསུམ་དུ་གྲགས།།  
དཀའ་ཚག་དཀོན་རྒྱུ་དཀའ་བ་དྭངས་བླང་བསྟན་འཛིན་ནང་གི་བསྟན་འཛིན་ཞིག།
འགངས་ཆེན་སྐུ་ལ་བར་ཆད་མེད་པར་སྐུ་ཁམས་བདེ་བའི་ཁ་གཡང་འབོད།།
བོན་བསྟན་དོན་ལ་མཛད་འཕྲིན་སྐྱོངས་བཞིན་མི་འགྱུར་ཡུན་རིང་བཞུགས་པར་སྨོན།།    ༢༠༡༣-༡༢-༢༥- ཁྱུང་བསོད་བློ་ནས།
 

 
 
རྩོམ་ཡིག་འདི་གཤམ་གྱི་ཚོགས་མིས་ལེགས་འདེམས་བྱས་ཟིན།
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.