སུམ་པ་གླང་གི་ལྗང་གསར།
 
ཟིན་བྲིས་ལི་ཐོ།
<<  < 2021 - 12 >  >>
1234567
891011121314
15161718192021
22232425262728
293031
སྤྱི་བསྒྲགས།

 

རང་ཅག་གཞུང་ལུགས་ཟབ་མོའི་ཐང་ཆེན་སྟེང་དུ་ཤེས་རིག་སྦྲང་རྩིའི་བཅུད་ལ་ངོམ་མེད་བརྩོན་ལ་བརྩོན་འགྲུས་ཀྱི་ཅང་ཤེས་ལྕག་གི་བསྐུལ་ནས་མདུན་བསྐྱོད་གྱི་གོམ་ཁ་གློད་དེ་ཕེབས་དང་ཕེབས་བཞིན་པའི་སྒང་།     ཕྱིས་ཤེས་རིག་གི་དབལ་ཁ་རྣོ་བའི་སྤུན་གྲོགས་ཚོ།   འདི་ཕྱིའི་མདུན་ལམ་དང་རང་གི་སྐད་ཡིག་རིག་གནས་སོགས་ལ་བསམ་ཞིག་ནན་པོ་བྱས་ནས་ཤེས་རིག་གི་གླིང་ཁ་ལ་མདུན་བསྐྱོད་ཀྱི་གོམ་པ་སྤོས་ནས་ཕེབས་ཤོག་སྤུན་གྲོགས་ཚོ།།    རུས་མིང་བསོད་ནམས་བློ་གྲོས།      དྲྭ་མིང་ཁྱུང་ནག་བློ་གྲོས།      ཁ་པར་ ༡༨༧༠༨༠༨༤༡༩༩            

སྒེར་ཁུང་།  ༡༥༩༨༣༧༩༨༤༦

ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 230
  • དཔྱད་བརྗོད། 178
  • ཆེམས། 0
  • ཀློག་གྲངས། 38592


 
སྐྱོན་དང་དགེ
[ 2013/12/24 12:21:00 | By: vase ]
 
སྐྱོན་དང་དགེ

                
             འཕྲིན་ལས་འཁྲུག་པས་བྲུ་ཡི་དམིགས་བུ་ཉམས།།
             གསར་རྙིང་འཁྲུག་པས་ནང་བསྟན་མཐུན་སྒྲིལ་ཉམས།།  
                 འདུས་སྡེ་འཁྲུག་པས་འདུ་ཚོགས་བྱ་བ་ཉམས།།  
              བཟའ་ཚང་འཁྲུག་པས་བཟའ་མིའི་བརྩེ་དུང་ཉམས།། 

                རྨིང་གཞི་འཁྲུག་པས་མཁར་རྩེག་བརྟན་རླིང་ཉམས།།  
               སློབ་གྲོགས་འཁྲུག་པས་སློབ་སྦྱོང་གོང་འཕེལ་ཉམས།།    
                   ཁྱིམ་མ་འཁྲུག་པས་ཁྱིམ་ཚང་བདེ་བ་ཉམས།།  
                 མདོར་ན་ཉམས་པའི་རྐྱེན་གྱི་རྒྱུ་བཙལ་ན།།

               བདེ་བའི་གནས་ལ་ནམ་ཡང་སླེབས་དུས་མེད།།
                མི་འདོད་སྡུག་ལྕི་སུ་ལ་འགེལ་ཐབས་མེད།།
                  དེ་མིན་མཐུན་སྒྲིལ་གཏན་གྱི་ལམ་བུ་དེ།།
                 ནམ་ཡང་སྐྱོང་ན་ནམ་ཡང་བདེ་བ་ཡིན།།
                         མ་འཁྲུག་ན་དགེ
              
             འཕྲིན་ལས་མ་འཁྲུག་དམིག་བུའི་གནའ་སྲོལ་ཟིན།།
              གསར་རྙིང་མ་འཁྲུག་ནང་བསྟན་འཕེལ་རྒྱས་བཟང་།།  
             འདུ་ཚོགས་མ་འཁྲུག་འདུལ་བའི་བསྟན་པ་བཟང་།།
                 བཟའ་ཚང་མ་འཁྲུག་འཇིག་རྟེན་ལམ་བུ་བཟང་།།
             
                   ཁང་གཞི་མ་འཁྲུག་ཁང་བརྩེག་བརྟན་རླིང་བཟང་།།
                 སློབ་གྲོགས་མ་འཁྲུག་སློབ་མའི་འཕེལ་རྒྱས་བཟང་།།
                     ཁྱིམ་པ་མ་འཁྲུག་ཁྱིམ་ཚང་དཔལ་འབྱོར་བཟང་།།
              དབུ་མའི་དྲང་ལམ་བསྙེགས་དགོས་མི་བུ་ཚོ།།
                  ༢༠༡༣-༡༢-༢༣-  ཁྱུང་བསོད་བློ་ནས།
 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.