སུམ་པ་གླང་གི་ལྗང་གསར།
 
ཟིན་བྲིས་ལི་ཐོ།
<<  < 2021 - 10 >  >>
12345
6789101112
13141516171819
20212223242526
2728293031
སྤྱི་བསྒྲགས།

 

རང་ཅག་གཞུང་ལུགས་ཟབ་མོའི་ཐང་ཆེན་སྟེང་དུ་ཤེས་རིག་སྦྲང་རྩིའི་བཅུད་ལ་ངོམ་མེད་བརྩོན་ལ་བརྩོན་འགྲུས་ཀྱི་ཅང་ཤེས་ལྕག་གི་བསྐུལ་ནས་མདུན་བསྐྱོད་གྱི་གོམ་ཁ་གློད་དེ་ཕེབས་དང་ཕེབས་བཞིན་པའི་སྒང་།     ཕྱིས་ཤེས་རིག་གི་དབལ་ཁ་རྣོ་བའི་སྤུན་གྲོགས་ཚོ།   འདི་ཕྱིའི་མདུན་ལམ་དང་རང་གི་སྐད་ཡིག་རིག་གནས་སོགས་ལ་བསམ་ཞིག་ནན་པོ་བྱས་ནས་ཤེས་རིག་གི་གླིང་ཁ་ལ་མདུན་བསྐྱོད་ཀྱི་གོམ་པ་སྤོས་ནས་ཕེབས་ཤོག་སྤུན་གྲོགས་ཚོ།།    རུས་མིང་བསོད་ནམས་བློ་གྲོས།      དྲྭ་མིང་ཁྱུང་ནག་བློ་གྲོས།      ཁ་པར་ ༡༨༧༠༨༠༨༤༡༩༩            

སྒེར་ཁུང་།  ༡༥༩༨༣༧༩༨༤༦

ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 230
  • དཔྱད་བརྗོད། 178
  • ཆེམས། 0
  • ཀློག་གྲངས། 38689


 
བུ་ཡུག་དཀར་པོ།
[ 2013/10/26 11:28:00 | By: vase ]
 
བུ་ཡུག་དཀར་པོ།
                          ཁྱུང་བསོད་བློ།

སྟོན་རླུང་ཞིག་གིས་མགྲོན་བརྡ་གཏོང་ནས་ཆར་རླུང་བུ་ཡུག་དཀར་པོ་བསུས།།
འབའ་འབུར་གཤའ་གཤོང་ཐང་དུ་བརྡལ་ནས་ལྷིང་འཇག་གངས་ཀྱི་རང་མདངས་ངོམ།།
དྭངས་བའི་རེག་བྱ་བསིལ་ལྡན་དཀར་པོ་འབྲུ་དྲུག་སྙེ་མའི་གཤེར་དུ་སླེབས།།   
སང་ཉིན་ལོ་ཡི་ཞིང་ས་གྱོང་པོ་སྟོན་ཆར་བསིལ་མས་རླན་ཞིང་སྣུམ།།

ས་འོག་སྟོན་ཆར་བཅུད་ཀྱིས་གཏམ་ན་སང་དཔྱིད་ས་བོན་འཕེལ་ཁ་བཙན།།
རླན་གྱི་དྭངས་མ་སྔོན་དུ་འབེལ་ན་སེར་པོའི་རྭ་ལག་འདུ་ཁ་བཙན།།
སུམ་པ་གླང་གི་སྒང་སྟོད་འདི་ན་སོས་ཆར་ཟེགས་མ་ཟིམ་མེ་ཟིམ།།
དི་རིང་ཁ་སང་དུས་ཀྱི་རྒྱལ་མོས་ཞལ་རས་རང་མདངས་ཕྱི་ལ་ངོམ།།

དཀར་པོ་དངུལ་ལས་མདངས་ཁ་བཙན་ཏེ་ནག་པོ་སོལ་བའི་མ་སླད་པ།།
དི་རིང་གངས་ཀྱི་རང་མདངས་དབྱིབས་རིས་སྤུ་ཁ་བཙན་ཏེ་བཀོད་པ་མཛེས།།
ཁ་དབུགས་དྭངས་མའི་བསིལ་བ་རེ་རེ་སེར་པོ་གསེར་ལས་འགངས་ཆེན་ཞིག།
བསིལ་ལྡན་མེ་ཏོག་གངས་ཅན་ལྗོངས་སུ་ཟིལ་པ་ཁྲོམ་མེར་བཞད་ནས་ཡོད།།
༢༠༡༣-༡༠-༢༥-དགོང་མོར་བྲིས།

 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.