སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
མཐུན་སྒྲིལ་དང་ངོ་རྒོལ། | 2018/1/12 12:38:00
མཐུན་སྒྲིལ་ངོ་མ་ནི། གཞན་ལ་བརྩི་བཀུར་བྱེད་པས་རྨང་གཞིའི་ཐོག་ནས་བྱེད་དགོས། དེ་མིནཁ་གཅིག་ནས་ལྕེ་གཉིས་དང་མི་གཅིག་གི་ངོ་གཉིས་ཐོབ་ཆབ་སྲིད་འཁྲབས་འོང་ན་མཐུན་སྒྲིལ་གླེང་ཐབས་མེད། དཔེར་ན་བོང་རྫིས་བཞིན་ཏེ། དཔེར་ན། བོང་རྫི་ཁོས་ན་ནིང་ཞང་བོད་ཞིབ་འཇུག་ཚོགས་པའི་ནང་ང་ལ། ཞང་ཞུང་ཚོ་པ་ནི། དམག་འཁྲུགས་དང་འཁྲིག་སྤྱོད་ཁོ་ན་ཤེས་པ་ཙམ་ལས། ཁོ་ཚོར་ཡི་གེ་མེད། ཁོ་ཚོར་རིག་གཞུང་མེད། ཁོ་ཚོར་ཆོས་ལུགས་མེད། མདོར་ན་ཁོ་ཚོར་གང་ཡང་ཡོད་པ་མ་རེད། ཚང་མ་སྒྲུང་རེད། སྒྲུང་མཁན་དེངས་སང་གི་བོན་པོ་རྣམས་རེད། འོན་ཀྱང་ད་ལྟའི་གཡུང་དྲུང་བོན་འདི་ལ་དད་པ་ཡོད། འདི་བན་དེའི་ཆོས་དང་གཅིག་པ་རེད་ཟེར།  ཁོའི་དམིགས་ཡུལ་ནི་གཡུང་དྲུང་བོན་གྱི་ཆོས་ལུགས་འདི་ལ་ཕུགས་མེད་པར་སྒྲུང་གཏམ་དང་གཅིག་པ་ཡིན་པ་མ་ཟད། ད་ལྟའི་གཡུང་དྲུང་བོན་འདི། བན་དེ་ལས་རྐུན་སོང་བའི་ཆོས་རྫུན་གསར་པ་ཞིག་ཡིན་པར་སྒྲུབ་སྟེ། མདོར་ན་བོན་ཆོས་ཀྱི་ཕུག་གཏུགས་ས་ཞང་ཞུང་དེ།  རྫུན་མའི་ཞང་ཞུང་ངམ་སྒྲུང་གཏམ་ལྟར་ཕུག་འདེད་ས་མེད་པར་བཤད་པ་དང་། ད་ལྟའི་གཡུང་དྲུང་བོན་ནི་བན་དེ་ཅན་ལས་རྐུན་པ་ཡིན་ཙང་ཡོད་དང་མེད་ཁྱད་པར་མེད་པའི་གཡུང་དྲུང་བོན་འདི་རྩ་མེད་བཟོས་ཏེ། བོན་པོ་ཚོ་བན་དེའི་ཆོས་ལ་བསྒྱུར་འདོད་པ་དེ་རང་རེད། གཙོ་བོ་དེའི་སྔོན་ནས་གོང་ས་ཏ་ལའི་བླ་མས། དུས་རབས་བརྒྱད་པའི་སྔོན་ལ་བོན་པོར་བཀའ་འགྱུར་རྟེན་འགྱུར་ཡོད་མ་རེད་ཟེར་བ་དང་། གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་ཆ་ཚང་བའི་གཞུང་ལུགས་ཡོད་མ་རེད་ཟེར་བའི་རྒྱུ་མཚན་ཡང་། བོང་རྫི་དང་དམིགས་ཡུལ་གཅིག་པ་གཅིག་རྐྱང་རེེད། དེ་བཞིན་གསེར་རྟའི་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱིས། བོན་པོ་ནང་པ་མ་རེད་ཟེར་བའི་རྒྱུ་མཚན་ཡང་། བོང་རྫི་དང་དམིགས་ཡུལ་མཚུངས་པ་རེད་ལ། འོད་སྐལ་བཟང་རྡོ་རྗེ་དང་བླ་བྲང་སྐལ་བཟང་སོགས་ཀྱིས། ཏུན་ཧོང་ཡིག་རྙིང་སོགས་བོད་ཀྱི་ལོ་རྒྱུས་ཚང་མ་ཁས་མི་ལེན་པར། སྟོན་པ་གཤེན་རབ་འཇིག་རྟེན་ཁམས་སུ་བྱོན་མྱོང་ཡོད་མ་རེད། རྫུན་སྒྲུང་རེད་ཟེར་བ་དང་། དུས་རབས་བརྒྱད་པའི་གོང་དུ་གཡུང་དྲུང་བོན་ཆོས་ཟེར་བ་མེད་ལ། ཐ་ན་གཡུང་དྲུང་བོན་ཟེར་བའི་མིང་ཚིག་ཀྱང་ཁྲི་སྲོང་གོང་དུ་ཡོད་པ་མ་རེད་ཟེར་བའི། རྒྱུ་མཚན་དང་དམིགས་ཡུལ་ནི་བོང་རྫི་དང་འདྲ་བ་རང་རེད། ད་རུང་གོང་ས་ཏ་ལའི་བླ་མ་དང་། གསེར་རྟའི་མཁན་པོ་ཚུལ་བློ་སོགས་ཀྱིས། ཕྱོགས་གཅིག་ནས་ད་ལྟའི་གཡུང་དྲུང་བོན་ལ་མཐུན་སྒྲིལ་བྱེད་དགོས། ད་ལྟའི་གཡུང་དྲུང་བོན་ནི་ནང་པ་དང་ཆེས་ཆེར་འདྲ་འདུག་ཟེར་བ་དང་། ཕྱོགས་གཞན་ཞིག་ནས་བོན་པོའི་ཆོས་ལ་ཁུངས་གཏུགས་ས་མེད་པར་སྒྲུབ་ནས། ཞང་ཞུང་གི་རིག་གཞུང་དང་སྟོན་པ་གཤེན་རབ། གཡུང་དྲུང་བོན་བཅས་ཚང་མ་ཁྲི་སྲོང་རྗེས་སུ་སྔར་མེད་གསར་བཟོ་བྱས་པར་བཤད་པ་ནི། གཡུང་དྲུང་བོན་སྒོར་ཞུགས་པས། བོན་འབངས་སེར་སྐྱ་མང་ཚོགས་ཀྱི་སེམས་ལ་སོས་དུ་མེད་པའི་རྨ་ཁ་ཆེན་པོ་ཞིག་བཟོས་པ་ཡིན་པས། བན་བོན་མཐུན་སྒྲིལ་དང་ཆོས་རྒྱུན་འཆམས་མཐུན་ཟེར་བ། བོན་པོ་ཚོས་དུས་ནམ་ཡང་ཁས་ལེན་ཐབས་བྲལ་བའི་བན་རྒན་འགས་ཆབ་སྲིད་ཀྱི་གཡོ་རྒྱུས་རང་རེད། སྔོན་མ་དམག་སྲིད་དབང་ཆའི་འོག་ཏུ་བན་དེའི་གང་བཤད་ལ་བོན་པོས་ངོ་རྒོལ་བྱེད་མ་ཕོད་པར་བསྟུན་མཁས་བྱེད་དགོས་ཐུག་པ་རེད། དེངས་སང་། ནང་བོད་དུ་ཆོས་ལུགས་ཚང་མ་འདྲ་མཉམ་རེད་ལ། ཕྱི་འཛམ་བུ་གླིང་དུའང་བརྟགས་དཔྱད་ཞིབ་འཇུག་གི་ལམ་ནས་བདེན་དོན་བསྡུར་བ་ལས། མི་མང་ཉུང་དང་དབང་ཆ་ཆེ་ཆུང་ཡོད་མ་རེད། དེའི་ན། བླ་ཆེན་མི་ཆེན་མཁས་དབང་ཚོས། བན་བོན་མཐུན་སྒྲིལ་གནང་དགོས་ལ། རྨང་གཞི་བོན་གྱི་ལོ་རྒྱུས་བོན་ལུགས་བཞིན་ཁས་ལེན་པས་ཐོག་ནས་ཆོས་རྒྱུས་མཆམས་མཐུན་བཤད་དགོས།  ཤེས་ཡོན་ཡོད་ལ་རིག་པ་རྣོ་བའི་གཞོན་ནུ་ཚོས། དེ་ལ་རྒྱབ་སྐྱོར་གནང་དགོས། རྒྱབ་སྐྱོར་གནང་ལུགས་ཀྱང་། ཞང་ཞུང་སྒྲུང་རེད་ཟེར་མཁན་དང་། སྟོན་པ་གཤེན་རབ་མེད་པར་སྨྲ་མཁན། གཡུང་དྲུང་བོན་ཆོས། རྐུན་བོན་རེད་ཟེར་མཁན་ཚོར། བདེན་ཡོད་ཞུམ་མེད་ཀྱི་ངོ་རྒོལ་བྱེད་དེ། གནས་ལུགས་ཡོད་ལ། དངོས་ཐོག་བདེན་འཚོལ་གྱི་དགག་པ་རྒྱག་དགོས། དེ་ལྟར་བྱས་ན་བན་དེ་ཚོས་བོན་པོ་ཚོར་མཐུན་སྒྲིལ་ངོ་མ་བྱེད་སྲིད། དེ་མིན་གོང་འོག་ཚང་མས་མཐུན་སྒྲིལ་བྱེད་ཟེར་ནས་བན་དེ་ཚོས་བོན་པོར་དམའ་འབེབས་གང་བཤད་ལ་སྣང་མེད་དུ་བཏངས་ནས་བསྡད་ན། བན་དེ་ཚོས་བོན་པོར་མཐུན་སྒྲིལ་ངོ་མ་བྱེད་མི་སྲིད། ཞུ་འོད་རྒྱས་པས། 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.