སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
སྙིང་པོ་རྣམ་གྱི་ཕན་ཡོན།། | 2018/9/5 12:49:00
 སྒྲིབ་སྦྱོང་སྐོར་བཞི།་ལས་ཡིག་བརྒྱ་དང་།
སྙིང་པོ་རྣམ་གསུམ།
བདེར་བར་གཤེགས་པ་སྤྱི་ཡི་སྙིང་པོ་ཡིག་བརྒྱ་ནི། བསྭོ་དམུ་ར་ཏ་ཧན་ཝེར་ནི་བྷྲུྃ་ཧྲུན། དམུ་ཏྲེ་དམུ་ཏྲེ་དམུ་ར་མུ་ཏྲེ། མུ་ཡེ་མུ་ཡེ་ཧ་ར་མུ་ཡེ། མུ་སྤྲོས་མུ་སྤྲོས་ཝེར་རོ་མུ་སྤྲོས། མུ་ནི་གྱེར་ཏོ་ཡེ་ཁྱབ་་ཁར་རོ། སྤྲོས་བདལ་ཧྲི་ཧྲོ། ཝེར་ནི་ཝེར་རོ། ཤུད་ལ་ཝེར་རོ། ན་ཧུ་ཏ་ཀ། ཤུད་དྷོ་ཤུད་དྷོ་དུཿཤུད་དྷོ་ཡ། ས་ལེ་ས་ལེ་ཏྲིཿ་སལེ་ཡ། སང་ངེ་སང་ངེ་སུཿསང་ངེ་ཡ། དམུ་ར་ཏ་ཧན་ཁྲི་ཙེ་དྲུང་མུ། ཧ་ཧ་བྷྲུྃ་བྷྲུྃ་ཧོ་ཧོ་ལམ་ལམ། ཧཱུྃ་ཧཱུྃ་ཕཌ་ཕཌ་ཧ་ཧ་ཧཱུྂ་ཧྲི་ལམ་ལམ། ཡིག་བརྒྱ་འདི་དུས་གསུམ་སངས་རྒྱས་ཀུན་གྱི་སྙིང་པོ། ཕྱོགས་བཅུའི་སངས་རྒྱས་ཡོངས་ཀྱི་ས་བོན། བསྐལ་སྟོང་སངས་རྒྱས་སྟོང་རྩ་གཉིས་ཀྱི་འཛབ། ཡི་དམ་ཞི་བ་ཀུན་གྱི་སྙིང་པོ། ཡི་དམ་དྲག་པོ་ཀུན་གྱི་ས་བོན། ཡེ་ཉིད་ཀུན་ཏུ་བཟང་པོ་ནས་རང་གི་རྩ་བའི་བླ་མ་ཡན་ཆད་ཀྱི་སྙིང་པོ། ཡི་དམ་ཕྱི་ནང་གསང་བ་ཡང་གསང་ཀུན་གྱི་བསྙེན་པ་ཡིན། མདོར་ན་བླ་མ་ཡི་དམ་མཁའ་འགྲོ་སྲུང་མ་ཀུན་གྱི་རྩ་སྔགས་ཡིན་པའི། འདི་བགྲངས་ན་ཡི་དམ་ཀུན་འགྲུབ། འདི་བཟླས་ན་ཡི་དམ་ཀུན་གྱི་ལྷ་ཞལ་མཇལ། འདི་བཏོན་ན་སྡིག་པ་དང་སྒྲིབ་པ་ཀུན་དག་ཅིང་བྱང་། འདི་བཏོན་ན་ཚོགས་གཉིས་རྫོགས་ཤིང་སྒྲིབ་གཉིས་བྱང་། འདི་བཏོན་ན་སྐུ་གཉིས་ཀྱི་ལྷ་ཞལ་མཇལ། འདི་བཏོན་ན་ཕྱི་ནང་གསང་བའི་སྡོམ་པ་དང་དམ་ཚིག་ལ་ཆགས་ཉམས་འགལ་འཁྲུལ་སོང་བ་ཐམས་ཅད། དུས་གཅིག་ལ་དག་ཅིང་བྱང་བར། སྟོན་པ་སངས་རྒྱས་གཤེན་རབ་མི་བོས་གསུངས་པས་ཕན་ཡོན་བསམ་བརྗོད་ཡུལ་ལས་འདས་སོ།། བོན་སྐུའི་སྙིང་པོ་སལེ་འོད་ནི། ཨ་ཨཱོྃ་ཧཱུྃ་རྃ་ཛ། ཨ་ཨཱ་དཀར་སལེ་འོད་ཨ་ཡང་ཨཱྃ་འདུཿ ཞེས་སོ། སྔགས་དོན་ནི། ཨ་ཨཱོྃརྃ་ཛ་ལྔ་ནི་སྐུ་ལྔ་ཡེ་ཤེས་ལྔའི་ས་བོན་སྟེ། དང་པོ་སྐུ་ལྔ་སྟེ་བོན་སྐུ་རྫོགས་སྐུ་སྤྲུལ་སྐུ། མངོན་པར་བྱང་ཆུབ་པའི་སྐུ། ངོ་བོ་ཉིད་སྐུ་བཅས་ཀྱི་སྙིང་པོ་དང་། ཡང་ནང་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔའི་སྙིང་པོ་སྟེ། ཕུང་པོ་ལྔའི་བདུད་བཅོམ་པའམ་གྲོལ་བའོ། གཉིས་པ་ཡེ་ཤེས་ལྔ་སྟེ། སྟོང་ཉིད་ཡེ་ཤེས། མེ་ལོང་ཡེ་ཤེས། མཉམ་ཉིད་ཡེ་ཤེས། སོ་སོར་རྟོགས་པའི་ཡེ་ཤེས། བྱ་བ་གྲུབ་པའི་ཡེ་ཤེས་བཅས་ཀྱི་ངོ་བོ་སྟེ། དུག་ལྔའི་ཉོན་མོངས་འཇོམས་པའམ་གྲོལ་བའོ། ཨ༵་གཞི་ཡི་བགས་ཆགས་སྦྱོང་བྱེད། ཨཱ་ལམ་གྱི་སྒྲིབ་པ་སྦྱོང་བྱེད། དཀ༵ར་འབྲས་བུའི་སྡུག་བསྔལ་བྱེད་ཀྱི་སྙིང་པོའོ། ས༵ལེ་ནི་གནས་ལུགས་ཀྱི་དོན་ཐིག་ལེ་ཉག་གཅིག་རྟོགས་པར་བྱེད་པའི་སྙིང་པོ། འོད༵་ནི་བཟང་ངན་གྱི་རྣམ་རྟོགས་ཞི་བྱེད་ཀྱི་སྙིང་པོ། ཨ༵་རང་བྱུང་ཡེ་ཤེས་ཀྱི་ངོ་བོ། ཡ༵ང་དབྱིངས་ཤེས་དབྱེར་མེད་རྟོགས་པར་བྱེད་པས་སྙིང་པོ། ཨཱོྃ་སྐུ་ལྔ་ཡེ་ཤེས་ལྔ་སོགས་རང་རིག་ལ་རྫོགས་པའི་དོན་གྱི་སྙིང་པོ། འདུཿནི་འཁོར་འདས་ཀྱི་བོན་ཀུན་དང་། ས་བཅུ་ལྔའི་ཡོན་ཏན་ཀུན་སེམས་ཉིད་གནས་ལུགས་སྟོང་པ་ཉིད་ལ་ཚང་ཞིང་དེའི་དོན་ལ་གོམས་ཤིང་འདྲིས་པར་བྱས་ན་ཡོན་ཏན་ཐམས་ཅད་རྫོགས་པར་འཆར་བའི་དོན་ནོ།། འདི་རྒྱུན་དུ་བགྲང་ན་སེམས་ཉིད་གནས་ལུགས་ཀྱི་དོན་མཐོང་བ་སོགས་ཕན་ཡོན་བསམ་ལས་འདས་སོ།། སྤྲུལ་སྐུ་སྙིང་པོ་མ་ཏྲི་ནི།  ཨཱོྃམ་ཏྲི་མུ་ཡེ་ས་ལེ་འདུཿ ཞེས་སོ།། སྔགས་དོན་ནི། ཨཱོྃནི་སྟོན་པ་སངས་རྒྱས་གཤེན་རབ་མི་བོའི་སྙིང་པོ། ཡེ་ཤེས་ལྔའི་དོན་ཚང་བའི། ཉོན་མོངས་དུག་ལྔ་སྡིག་སྒྲིབ་ཞི་བར་བྱེད་པའོ། མ༵་ཡུམ་ཆེན་ཐུགས་རྗེ་བྱམས་མའི་སྙིང་པོ་སྟེ། ཤེས་རབ་ཡེ་ཤེས་རྒྱས་པར་བྱེད་པའོ།། ཏྲི་ནི་དམྱལ་བའི་ཐུབ་པའི་སྙིང་པོ་དམྱལ་བ་ཚ་གྲང་གི་སྡུག་བསྔལ་ཞི་བར་བྱེད་པའོ། མུ་ཡི་དགས་ཀྱི་ཐུབ་པའི་སྙིང་པོ་ཡི་དགས་བཀྲེས་སྐོམ་གྱི་སྡུག་བསྔལ་ཞི་བར་བྱེད་པའོ། ཡེ་བྱོལ་སོང་ཐུབ་པའི་སྙིང་པོ་བྱོལ་སོང་གླེན་ལྐུགས་ཀྱི་སྡུག་བསྔལ་ཞི་བར་བྱེད་པའོ། ས༵་མི་ཡི་ཐུབ་པའི་སྙིང་པོ་མི་འཕོ་འགྱུར་དང་བྲེལ་འཕོང་གི་སྡུག་སྔལ་ཞི་བར་བྱེད་པའོ། ལེ་ལྷ་མིན་ཐུབ་པའི་སྙིང་པོ་ལྷ་མིན་འཐབ་རྩོད་ཀྱི་སྡུག་བསྔལ་ཞི་བར་བྱེད་པའོ། འདུཿལྷ་ཡི་ཐུབ་པའི་སྙིང་པོ་ལྷ་ལྟུང་བའི་སྡུག་བསྔལ་ཞི་བར་བྱེད་པའོ། དེ་ལྟར་རིགས་དྲུག་གི་སྡུག་བསྔལ་ཞི་བ་ལས་སོགས་ཕན་ཡོན་བསམ་གྱི་མི་ཁྱབ་བོ།། རྫོགས་སྐུ་སྙིང་པོ་དུ་ཏྲི་སུ་ནི། ཨ་དཀར་ཨ་རྨད་དུ་ཏྲི་སུ་ནག་པོ་ཞི་ཞི་མལ་མལ་སྭ་ཧཱཿ ཞེས་སོ།། སྔགས་དོན་ནི། ཨ་དཀར་ཨ་རྨད་བཞི་ནི་སྦྱོང་བྱེད་ཆུ་ལྟ་བུའི་སྙིང་པོའོ། དུ་ཏྲི་སུ་ནག་པོ་བཞི་སྦྱོང་བྱ་དྲི་ནག་ལྟ་བུའི་སྙིང་པོའོ། ཞི་ཞི་མལ་མལ་སྦྱོང་འབྲས་ཡོན་ཏན་གྱི་སྙིང་པོ་དྲི་མ་རྣམ་དག་གི་སྙིང་པོའོ། སྭཧཱཿགཉིས་ལོག་རྟོགས་འཇོམས་པའི་སྙིང་པོ་སྟེ། སྦྱོང་བྱ་སྦྱོང་བྱེད་ཀྱི་རྣམ་རྟོག་དག་པ་སྟེ་རྟོག་མེད་བོན་སྐུའི་སྙིང་པོའོ། དེ་ཡང་ཉོན་མོངས་ལ་དམིགས་ན། ཨ༵་ཤེས་རབ་ཕར་ཕྱིན་གྱི་སྙིང་པོ། དཀ༵ར་གཤེན་ལྷའི་སྙིང་པོ། ཨ་སངས་པོ་འབུམ་ཁྲིའི་སྙིང་པོ། རྨད་སྟོན་པ་གཤེན་རབ་ཀྱི་སྙིང་པོ་སྟེ། བདེར་གཤེགས་གཙོ་བཞིའི་ས་བོན་སྟེ་སྦྱོང་བྱེད་ཀྱི་སྙིང་པོའོ། དུ་ཞེ་སྡང་གི་ངོ་བོ། ཏྲི་འདོད་ཆགས་ཀྱི་ངོ་བོ། སུ་གཏི་མུག་གི་ངོ་བོ། ནག་པོ་འཕྲག་དོག་དང་ང་རྒྱལ་གྱི་ངོ་བོ་སྟེ་སྦྱོང་བྱའི་ངོ་བོའོ། ཞི་ཞི་ཉོང་མོངས་ཞི་བའི་དོན་དང་། མལ་མལ་བདེ་བ་དང་ལྡན་པའི་དོན་ནོ། སྭཧཱཿཉོན་མོངས་ཀྱི་རྣམ་རྟོག་ཡེ་ནས་བྲལ་བའི་དོན་ནོ། འཁོར་བའི་སྡུག་སྔལ་སྦྱོང་བར་དམིགས་ན། ཨ༵་ཤེས་རབ་ཕར་ཕྱིན་གྱི་སྙིང་པོ། དཀ༵ར་གཤེན་ལྷའི་སྙིང་པོ། ཨ་སངས་པོ་འབུམ་ཁྲིའི་སྙིང་པོ། རྨད་སྟོན་པ་གཤེན་རབ་ཀྱི་སྙིང་པོ་སྟེ། དེར་གཤེགས་གཙོ་བཞིའི་ས་བོན་སྟེ་སྦྱོང་བྱེད་ཀྱི་སྙིང་པོའོ། དུ་དམྱལ་ཁམས་བཅོ་བརྒྱད་ཀྱི་ས་བོན་སྦྱོང་བྱ། ཏྲི་ཡི་དྭགས་སྡེ་གསུམ་གྱི་ས་བོན་སྦྱོང་ བྱ། སུ་བྱོལ་སོང་སྡེ་གསུམ་གྱི་ས་བོན་སྦྱོང་བྱ། ནག་པོ་མི་དང་ལྷ་མིན་ལྷ་བཅས་འཐོ་རིས་གསུམ་གྱི་ས་བོན་སྦྱོང་བྱ་བཅས། འགྲོ་བ་རིགས་དྲུག་གི་སྡུག་སྔལ་སྦྱོང་བྱའོ། ཞི་ཞི་གཉིས་ངན་སོང་གསུམ་དང་འཁོར་བ་སྤྱི་ཡི་སྡུག་སྔལ་ཞི་བའི་དོན། མལ་མལ་གཉིས་གནས་སྐབས་རིགས་དྲུག་གི་སྡུག་སྔལ་ལས་ཐར་ནས་བདེ་བ་དང་ལྡན་ཞིང་། མཐར་ཐུག་འཁོར་བ་སྡུག་སྔལ་རྒྱ་མཚོ་ལས་ཐར་ནས་གཏན་དུ་བདེ་བ་དང་ལྡན་པའི་དོན་ནོ། སྭཧཱཿགཉིས་ནི་འཁོར་འདས་གཉིས་མེད་དུ་གྲོལ་བའི་དོན་ནོ། ནད་ལ་དམིགས་ན། ཨ་དཀར་ཨ་རྨད་བཞི་སྦྱོང་བྱེད་སྙིང་པོ་གོང་དང་འདྲ་ལ། དུ་ནད་མཁྲིས་པའི་ངོ་བོ། ཏྲི་ནད་རླུང་གི་ངོ་བོ། སུ་ནད་བད་ཀན་གྱི་ངོ་བོ། ནག་པོ་ནད་འདུས་པ་སྟེ་ནད་སྣ་ཚོགས་ཀྱི་ངོ་བོ། ཞི་ཞི་གཉིས་ནད་ཞི་བར་བྱས་པས་དོན། མལ་མལ་གཉིས་ནད་མེད་བདེ་བ་དང་ལྡན་པའི་དོན། སྭཧཱཿགཉིས་ནད་ཞི་བྱ་ཞི་བྱེད་དབྱེར་མེད་ཀྱི་དོན་རྟོགས་པའི་དོན་ནོ། ཡང་གདོན་ལ་དམིགས་ན། ཨ་དཀར་ཨ་རྨད་བདེར་གཤེགས་གཙོ་བོ་བཞི་དང་། དུ་ཕོ་གདོན། ཏྲི་མོ་གདོན། སུ་ཀླུ་གདོན་ནག་པོ་རྒྱལ་བཙན་སོགས་གདོན་རིགས་སྟོང་ཕྲག་བརྒྱད་ཅུ་སོགས། ཞི་ཞི་གདོན་ཞི་ཞི། མལ་མལ་གདོན་དང་བྲལ་ནས་བདེ་བ་དང་ལྡན་པར་གྱུར་ཅིག་སྭཧཱཿགཉིས་ཕན་གནོད་གཉིས་ཀྱི་མཐའ་བྲལ་དབུ་མའི་དོན་ནོ།། ཨ་དཀར་ཨ་རྨད་དུ་ཏྲི་སུ་ནག་པོ་ནད་ཞི་ཞི་མལ་མལ་སྭཧཱཿ ཨ་དཀར་ཨ་རྨད་དུ་ཏྲི་སུ་ནག་པོ་གདོན་ཞི་ཞི་མལ་མལ་སྭཧཱ༔ ཨ་དཀར་ཨ་རྨད་དུ་ཏྲི་སུ་ནག་པོ་གྲིབ་ཞི་ཞི་མལ་མལ་སྭཧཱཿ ཨ་དཀར་ཨ་རྨད་དུ་ཏྲི་སུ་ནག་པོ་རྐྱེན་ཞི་ཞི་མལ་མལ་སྭཧཱཿ  ཨ་དཀར་ཨ་རྨད་དུ་ཏྲི་སུ་ཡམ་ནག་པོ་ཞི་ཞི་མལ་མལ་སྭཧཱཿ ཨ་དཀར་ཨ་རྨད་དུ་ཏྲི་སུ་ནག་པོ་རིམ་ཞི་ཞི་མལ་མལ་སྭཧཱཿ  ཨ་དཀར་ཨ་རྨད་དུ་ཏྲི་སུ་ནག་པོ་བགེགས་ཞི་ཞི་མལ་མལ་སྭཧཱཿ ཨ་དཀར་ཨ་རྨད་དུ་ཏྲི་སུ་ནག་པོ་ནད་གདོན་རྐྱེན་ངན་བར་ཆོད་ཐམས་ཅད་ཞི་ཞི་མལ་མལ་སྭཧཱཿ སོགས་གང་འདོད་ཁ་བསྒྱུར་སྟེ་བཟླས་ན་གང་དམིགས་ཀྱི་གནོད་པ་ཞི་བར་གྱུར་གསུངས་སོ།། 
 རྒྱུན་དུ་སྙིང་པོ་རྣམ་གསུམ་འདོན་དུ། ཨ་ཨཱོྃ་ཧཱུྃ་རྃ་ཛ། ཨ་ཨཱ་དཀར་སལེ་འོད་ཨ་ཡང་ཨཱྃ་འདུཿ ཨཱོྃ་མ་ཏྲི་མུ་ཡེ་ས་ལེ་འདུཿ ཨ་དཀར་ཨ་རྨད་དུ་ཏྲི་སུ་ནག་པོ་ཞི་ཞི་མལ་མལ་སྭཧཱྃཞེས་འདོན་སྲོལ་འདུག་གོ། ཁ་ཙོང་སྐད་ཕྲིན་ཚོགས་པ་ཞིག་ནས་མི་གཅིག་གིས་ཨ་དཀར་ཕན་ཡོན་བཤད་དགོས་ཟེར་བ་ལྟར། ༢༠༡༨༑༩༑༥་ཉིན་ཟླ་དགོན་རི་ཁྲོད་དུ་ཞུ་འོད་རྒྱས་པར་གཞུང་ཁག་ལས་བཏུས་ཏེ་བྲིས་པ་དགེའོ།། །། 


དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.