སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
གནའ་རྫས་རི་མོའི་བོད་ཡིག་སྐོར་དཔྱད་གླེང་། | 2018/6/27 14:28:00
ལོ་བཞི་སྟོང་གོང་གི་བོད་ཡིག་རྙེད་ཅེས་པ་གླེང་བ། 
ལྗོངས་ཞིང་ལྔའི་བོད་ཀྱི་དྲ་བ་ལས། ལོ་ངོ་བཞི་སྟོང་སྔོན་གྱི་བོད་ཡིག་གསར་རྙེད་བྱུང་འདུག་ཅེས་ཁྱབ་བསྒྲགས་བྱས་པ་དེར། དེང་གི་མཚོ་སྔོན་དང་ཀན་སུའུ་ཡི་ས་མཚམས་ནས། དོང་རྩེའི་དབྱིབས་ཀྱི་གནས་རྫས་རྙིང་པ་ཁག་གཅིག་རྙེད་པ་དང་། དེའི་ཐོག་རི་མོ་དང་ཡིག་གཟུགས་འགའ་ཞིག་ཡོད་པ་དང་། དེར་འབུམ་རིམ་པ་འགས་བརྟག་དཔྱད་ཞིབ་འཇུག་བྱས་པ་རྒྱུད། གནའ་རྫས་དེ་དག་སྤྱི་ལོའི་སྔོན་ལོ་༡༧༠༠་ཡན་ནས། ༢༡༠༠་བར་ཡིན་པ་དང་། དེར་ཡིག་གཟུགས་ཡོད་པར་རྟེན། བོད་ཀྱི་ཡི་གེའང་ལོ་བཞི་སྟོང་གོང་ནས་བོད་ལ་བྱུང་ཡོད་པའི་ར་སྤྲོད་བྱས་ཡོད་པར་བཤད། དེ་ལ་ཐུབ་བསྟན་རིང་ལུགས་འཛིན་པ་འགས། གནའ་རྫས་དེའི་ཐོག་ཡིག་གཟུགས་ཡོད་པ་དེ་དག་ནི། བོད་ཡིག་ཡིན་པའི་ངེས་པ་མི་འདུག་རྒྱུ་མཚན་ནི། དེར་མི་ཡི་གཟུགས་བརྙན་གཉིས་འདུག་པ་དེ་གཉིས་ཁོག་སྟོད་དམར་ཧྲིང་ཕུད་འདུག་ བོད་ཀྱི་ས་ཆ་ཁ་མཐོ་པོ་འདི་འདྲ་ལ་ཁོག་སྟོད་དམར་ཧྲིང་ཕུད་ན་མི་འཚམས་པའི། མི་དེ་གཉིས་ཚ་བ་ཆེ་བའི་རྒྱ་གར་གྱི་མི་དེ་འདྲའི་རི་མོ་ཡིན་ས་རེད། དེའི་ན་གནའ་རྫས་དེ་དག་རྒྱ་གར་གྱི་ཡིན་པ་ལས་བོད་ཀྱི་ཡིན་ས་རེད། དེ་མིན་གནའ་རྫས་དེར་མཆོད་མེའི་རི་མོ་ཞིག་འདུག་པ་དེའང་དེང་སང་རྒྱ་གར་གྱི་མཆོད་མེའི་བཟོ་ལྟ་རེད་འདུག་ལ། བོད་ལ་མཆོད་མེའི་དབྱིབས་དེ་འདྲ་དེང་སང་མེད་པའི་ཕྱིར་ན། གནའ་རྫས་དེ་དག་རྒྱ་གར་གྱི་ཡིན་ས་རེད། ཡང་ཟུར་དེར་གླང་ཆེན་གྱི་རི་མོ་ཞིག་ཀྱང་བྲིས་འདུག་པའི། གླང་ཆེན་ནི་རྒྱ་གར་ཚ་བའི་ས་ཁུལ་ལ་མ་གཏོགས བོད་ཀྱི་མཐོ་སྒང་གྱི་གྲང་རླུང་གཟོད་མི་ཐུབ་པའི་ཕྱིར་ན་གནའ་རྫ།ས་དེ་བོད་ཀྱི་མིན་པ་ར་སྤྲོད་ཐུབ་པའི་ན། དེའི་ཐོག་ཏུ་ཡོད་པའི་མིང་གཞིའི་ཡི་གེ་དེ་ཚོའང་བོད་ཀྱི་མིན་པ་ རང་བཞིན་གྱི་གྲུབ་ལ། དེའི་ཐོག་ཡོད་པའི་ཡིག་གཟུགས་དེ་དག་གནའ་བོའི་རྒྱ་གར་གྱི་ཡི་གེའི་རིགས་ཤིག་ཡིན་པའང་རང་བཞིན་གྱི་གྲུབ་བོ་ཟེར་ཏེ། སྒྲུབ་བྱེད་ཀྱི་གཏན་ཚིག་དེ་དག་བཀོད་ནས། ལོ་བཞི་སྟོང་གོང་བོད་ལ་ཡི་གེ་ཡོད་པའི་དཔངས་རྟགས་སུ། གནའ་རྫས་དེ་དག་མི་འོས་གསུངས་མཁན་འགའ་ཞིག་བྱུང་སོང་། དེ་ལ་ཕྲན་གྱི་སེམས་ནང་དོགས་དྲི་འགའ་ཞིག་རང་བཞིན་གྱི་སླེབས་སོང། གང་ཡིན་ཟེར་ན། གཅིག་གནའ་རྫས་དེ་དག་ལོ་བཞི་སྟོང་གོང་གི་ཡིན་པ་བདེན་པ་ཡིན་ན། བོད་ཡིག་ལོ་བཞི་སྟོང་གོང་ནས་ངེས་པར་དུ་ཡོད་འདུག་དྲན། རྒྱུ་མཚན་ནི། བོད་མཐོ་སྒང་གི་ས་ཆ་སོ་སོ་ནས་སྔ་རྗེས་སུ་རྙེད་པའི་བྲག་རྐོས་རི་མོ་ཁག་ལ། ཞིབ་འཇུག་པ་དག་གི་ཞིབ་འཇུག་གཏིང་ཟབ་བྱས་པ་རྒྱུད། ལོ་བཞི་སྟོང་ལྔ་སྟོང་གོང་དུ་བོད་ཀྱི་མཐོ་སྒང་དེར། དེང་སང་ལྟར་མ་ཡིན་པར། ཤིང་ནགས་སོགས་སྐྱེ་ཚར་ཐུབ་པའི་ས་ཆ་ཞིག་ཡིན་པར་བཤད་པས་ན། ཁོག་སྟོད་དམར་ཧྲིང་ཕུད་མཁན་ཚང་མ་དུས་ནམ་ཡང་རྒྱ་གར་བ་ཡིན་པའི་ངེས་པ་ཅི་ལ་ཡོད་དྲན་སོང་། གཉིས་མཆོད་མེའི་དབྱིབས་དེ་འདྲ་ཐོག་མར་ཞང་ཞུང་སོགས་ལ་དར། དེ་ནས་རྒྱ་གར་ལ་དར་བའང་སྲིད་པའི་ན། ལོ་བཞི་སྟོང་གོང་དུ་བོད་ལ་མཆོད་མེའི་དབྱིབས་དེ་ལྟར་མེད་པ་དང་། རྒྱ་གར་ལ་སྐབས་དེ་དུས་མཆོད་མེའི་དབྱིབས་དེ་ལྟར་ཡོད་པའང་སུ་ཡིས་བཤད་ཐུབ་བམ་དྲན། གསུམ་པ་གླང་ཆེན་ནི་གནའ་དུས་སུ། རྒྱ་ནག་དང་འབར་མ་སོགས་ལའང་ཡོད་པར་ལོ་རྒྱུས་ཁག་ལས་གསལ་བའི་ན། ཀ་ལྷོ་དང་མཚོ་ལྷོའི་ཕྱོགས་ཡུན་ནན་སོགས་ལ། སྐབས་དེ་དུས་གླང་ཆེན་ཡོད་མི་སྲིད་པའང་མ་རེད་དྲན་ལ། གལ་སྲིད་བོད་ཁུལ་ལ་གླང་ཆེན་མེད་པ་ཡིན་ན་ཡང་། རི་མོར་གླང་ཆེན་འབྲི་སྲོལ་ཡོད་མི་སྲིད་པའང་ག་ལ་ཡིན་ཏེ། དཔེར་ན་མཐུན་པ་སྤུན་བཞི་བཞིན་ནོ་སྙམ། བཞི་པ་བོད་ཀྱི་ཡི་གེའི་མ་ཕྱི་སྤུངས་ཡིག་དང་སྨར་ཡིག་དེ་དག་ལོ་སུམ་སྟོང་གོང་ནས་ཞང་ཞུང་སོགས་ལ་ཡོད་པར། བོན་གྱི་གཞུང་དང་ལོ་རྒྱུས་ཁག་ལས་གསལ་པོར་བཤད་པ་ཡོད་པ་བཞིན། རྒྱ་གར་དུ་སྤྱི་ལོའི་སྔོན་ལོ་དུས་རབས་བཅུ་བདུན་བཅོ་བརྒྱད་སྐོར། གུ་ཏའི་ཡིག་གཟུགས་སོགས་ཡོད་པར། དེང་སང་བདེན་དཔངས་རྙེད་ཡོད་རེད་དམ། སྐབས་དེར་རྒྱ་གར་དུ་བརྡ་སྤྲོད་པའི་ཡིག་གཟུགས་དེ་འདྲ་ཡོད་པའི་བདེན་དཔངས་མེད་པ་ཡིན་ན། ཡིག་གཟུགས་དེ་དག་རྒྱ་གར་ཡི་གེར་ཇི་ལྟར་གྲུབ་བམ་སེམས། ལྔ་ལོ་སུམ་སྟོང་བདུན་རྒྱའི་གོང་དེ། རྒྱ་ནག་གི་ཞ་རྒྱལ་རབས་དང་ཧྲང་རྒྱལ་རབས་སྐབས་སུ། རྒྱ་དཀར་ནག་བར་དུ་འབྲེལ་གཏུགས་བྱས་པས་ལོ་རྒྱུས་ཡོད་པ་རེད་དམ། ཡང་ན་རྒྱ་ནག་གི་ནུབ་ཡུལ་དུ་འབོད་པའི་བོད་བྱང་ཤར་ཕྱོགས་ཀྱི་རྒྱལ་ཕྲན་ཁག་རྒྱ་གར་དང་འབྲེལ་གཏུགས་བྱས་པས་ལོ་རྒྱུས་ཡོད་རེད་དམ། གལ་སྲིད་ཡོད་པ་ཡིན་ཞིང། གནའ་རྫས་དེ་དག་རྒྱ་གར་ནས་ཁུར་ཡོང་བ་ཞིག་ཡིན་པའི་དབང་དུ་གཏོངས་ནའང། སྐབས་དེར་གནའ་རྫས་དེ་དག་ཚོང་རྫས་ཉོ་བྱེད་དངུལ་ལོའི་ཚབ་དོང་ཙེ་དང་དབྱིབས་འདྲ་བའི་ན། སྤྱི་ཚོགས་ཐོག་འཁོར་རྒྱུག་བྱེད་པའི་དངུལ་ལོ་དོང་ཙེ་ཡིན་སྲིད་ལ། ཡིག་གཟུགས་དེ་དག་དངུལ་ལོའི་རིན་ཐང་བརྡ་སྤྲོད་བྱེད་ཡི་གེ་ཡིན་སྲིད་པ་རེད། རྒྱ་གར་གྱི་ཡི་གེ་སྐབས་དེ་དུས་ནས་བོད་ཁུལ་མདོ་སྨད་དུ་དར་ཡོད་ན། བོད་རིགས་ཀྱི་དེའི་གོ་དོན་ཤེས་ནས་བཀོལ་སྤྱོད་བྱས་ཡོད་སྲིད་པ་ལས། དེའི་གོ་དོན་མ་ཤེས་ན་དོང་ཙེ་དེའང་བེད་སྤྱོད་བྱེད་མི་སྲིད་ལ། བེད་སྤྱོད་མེད་ན་དོང་ཙེ་དེ་དར་ཁྱབ་ཆེན་པོ་བྱུང་ཐབས་མེད། དར་ཁྱབ་མེད་ན་དོང་ཙེ་རེ་རེ་ཙམ་བོད་ཁུལ་དུ་ཡོད་པ། ས་འོག་ཏུ་སྦས་མི་སྲིད་དྲན། སྐབས་དེ་དུས་ནས་རྒྱ་གར་ཡི་གེ་བོད་ཁུལ་མདོ་སྨད་དུ་དར་ཡོད་པ་བདེན་ན། བོད་མི་ཚོས་དེ་ལ་དཔེ་བླངས་ནས་ཡི་གེ་མི་བཟོ་བ་ཅི་ལ་སྲིད། གལ་སྲིད་སྐབས་དེ་དུས་རྒྱ་གར་སོགས་ལ་འབྲེལ་གཏུགས་བྱས་པས་ལོ་རྒྱུས་མེད་པ་ཡིན་ན། དེ་ནི་བོད་ཁུལ་གྱི་གནའ་རྫས་ཡིན་དུས། ཡི་གེ་དང་རི་མོ་སོགས་བོད་ཁུལ་གྱི་ཡིན་པ་རང་བཞིན་གྱི་གྲུབ་འདུག་སྙམ་མོ། ཟླ་དགོན་རི་ཁྲོད་དུ་ཞུ་འོད་རྒྱས་པས།ཕྱི་ལོ་༢༠༡༨*༦*༢༧ཉིན་བྲིས།
Re:གནའ་རྫས་རི་མོའི་བོད་ཡིག་སྐོར་དཔྱད་གླེང་། | 2018/8/22 2:50:49
སྐུ་མགྲོན་017Hxl(སྐུ་མགྲོན)དངུལ་ལོ་བོད་དར་ཁྱབ་བྱུང་ནས་ལོ་ངོ་དུ་ཙམ་ཡིན་ནམ།
རྩོམ་པ་པོ།:སྐུ་མགྲོན་017Hxl(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.