སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
རི་དམར་སྣའི་གྲུབ་ཐོབ།། | 2018/8/7 11:05:00
གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས། དཔལ་ལྡན་ཚུལ་ཁྲིམས་ཀྱི་མཛད་པ་ཤ་༥༡༦་ལས། ༼ ཡང་རོང་ཆེན་བཞིའི་ཡ་རྒྱལ་ཨག་ཏ་རོང་གི་དགོན་པ་ཆགས་ཚུལ་ནི། བོད་དུ་གླང་དར་གྱིས་བསྟན་པ་བསྣུབས་རྗེས། ཞང་ཞུང་སྒོ་བ་ཁྱུང་པོའི་ཡུལ་ནས་དབལ་རམ་འབུམ་པའི་བསྐྱེད་རྫོགས་ལ་མངའ་བརྙེས་པའི་གྲུབ་པའི་ཁྱུ་མཆོག་སྤྱི་རྟིང་འཁོར་ལོ་བསྒྱུར་བ།ངོ་མོ་ཡེ་ཤེས་མཚོ་རྒྱལ། ཁྱུང་པོ་ཁྱུང་དཀར་ཚངས་པ་གསུམ། གསེར་ལྗོངས་སྟོད་ཀྱི་ས་འབལ་ཚའི་ཉག་དམར་སྣ་ཞེས་པར་བྱོན་པ་ན། ལུང་མདོར་བཙན་གྱི་སྡོང་པོ་མཐོང་རེག་དུག་གིས་གསོད་པ་ཞིག་འདུག་པ་དེ། གྲུབ་ཆེན་རྣམ་གསུམ་ནས་གཅོད་པར་ཞུ་ཞེས་གཟུགས་མེད་པའི་སྒྲས་སྐུལ་བ་མ་ལྡོག་པར། སྙིང་རྗེ་ཆེན་པོ་ཀུན་ནས་བསླུང་སྟེ། དབལ་རམ་འབུམ་པའི་བསྐྱེད་རིམ་ལ་ཞུགས་ནས། ཐན་གྱི་གཏོར་མ་ཟུར་གསུམ་གཅིག་གིས་རྩད་ནས་བཅད། ཤིང་སྡོང་དུམ་བུར་བསིལ་བ་ལས། དབལ་ཕུར་བརྒྱ་ཕྲག་མང་པོ་བཞེངས། ཡུལ་ཁམས་ཀྱི་ཀླུ་བདུད་བཙན་གསུམ་དམ་ལ་བཏགས། བརྒྱུད་འཛིན་སྔགས་འཆང་ཕུར་ཐོགས་སྟོང་དང་དགུ་བརྒྱ་འབྱོན་པའི་རྟེན་འབྲེལ་བྱུང་། དེའི་བརྒྱུད་འཛིན་ལ། ཡར་ནང་བོན་སྡེ་ཁ་གསུམ་ཞེས། བོན་བརྒྱ། དམག་གསར། ལྡོང་ངེ་གསུམ་བྱུང་། མར་ནང་བོན་སྡེ་ཁ་གསུམ་ཞེས། ངོ་མོ། ཁྱུང་པོ། ལ་རྟིང་གཉིས། བརྒྱའི་བོན་ཚང་ཐེ་བུའི་བོན་ཚང་། ཞོ་འོང་ཉིན་ཐ། དར་གྲོང་། སྟོང་ཆེ། ཧོར་ནག་གྱང་རི་སོགས་གསང་སྔགས་ཀྱི་སྒྲུབ་སྡེ་མང་དུ་བྱུང་།༽ཞེས་པའི་སྤྱི་རྟིང་འཁོར་ལོ་བསྒྱུར་བ་དང་། ངོ་མོ་ཡེ་ཤེས་མཚོ་རྒྱལ། ཁྱུང་པོ་ཁྱུང་དཀར་ཚངས་པ་བཅས། གྲུབ་ཆེན་དེ་གསུམ་གྱི་ཐོག་མའི་ཡབ་ཡུལ་གྱི་ས་ཆ་དེ། ད་ལྟ་དམུ་རིགས་སྨོན་རྒྱལ་བླ་བྲང་གི་འདུས་སྡེ་ཆགས་ས་འདི་དང་ནག་རུ་སྟོད་ཀྱི་གྲོང་སྡེ་ཆགས་ཡུལ་ཀྱི་ས་ཆ་འདི་ནས་ཡིན་པར་སྙམ། དེ་ཡང་༼ བོད་དུ་གླང་དར་གྱིས་བསྟན་པ་བསྣུབས་རྗེས། ༼ཕྱི་ལོ་༨༤༢་ལོར་བོད་རྒྱལ་ཁྲི་དར་མའམ། གླང་དར་མ་བན་དེ་བསམ་ཡས་དགོན་པའི་དགེ་སློང་ལྷ་ལུང་དཔལ་གྱི་རྡོ་རྗེས་བསད། དེའི་་སྔོན་དུ་གྲུབ་ཆེན་གསུམ་གྱི་བཞུགས་ཡུལ་ཁྱུང་པོ་ཡིན་པར་གསལ་ཏེ། ༽ཞང་ཞུང་སྒོ་བ་ཁྱུང་པོའི་ཡུལ་ནས་དབལ་རམ་འབུམ་པའི་བསྐྱེད་རྫོགས་ལ་མངའ་བརྙེས་པའི་གྲུབ་པའི་ཁྱུ་མཆོག་སྤྱི་རྟིང་འཁོར་ལོ་བསྒྱུར་བ། ༼ དེང་ནག་རུ་སྟོད་དུ་སྤྱི་ཚང་ཞེས་པའི་དུད་ཚང་ནས་ཡིན་ནམ་སྙམ། ༽ངོ་མོ་ཡེ་ཤེས་མཚོ་རྒྱལ། ༼ དེང་ནག་རུ་ལ་ངེ་མོ་ཞེས་པའི་དུད་ཚང་ནས་ཡིན་ནམ་སྙམ། ༽ཁྱུང་པོ་ཁྱུང་དཀར་ཚངས་པ་གསུམ། ༼ ཁྱུང་པོ་དཀར་རུའི་གདུང་འཛིན་པ་ཞིག་ཡིན་ནམ་སྙམ། ༽ གསེར་ལྗོངས་སྟོད་ཀྱི་ས་འབལ་ཚའི་ཉག་དམར་སྣ་ཞེས་པར་བྱོན་པ་ན། ༼ རེབ་གོང་གསེར་ལྗོངས་དུ་གསུང་པ་ལྟ་བུ་སྣང་མོད། དོན་དུ་དེང་གི་རི་དམར་སྣ་ཞེས་འབོད་ས་འདིར་སྐབས་དེར་ཉག་དམར་སྣ་ཞེས་འབོད་སྲོལ་ཡོད་དམ་སྙམ། དམྱལ་ཐང་ཟེར་ས་དེར་སྐབས་དེ་དུས་ཉག་ཐང་ཟེར་སྲིད་པ་དང་། ནག་རུར་ཨ་ཉག་ཅེས་པའི་དུད་ཚང་ཡོད་པའི་དུད་མིང་རི་ལ་ཐོགས་པའང་མང་དུ་སྲིད་པས་སོ། ༽ལུང་མདོར་བཙན་གྱི་སྡོང་པོ་མཐོང་རེག་དུག་གིས་གསོད་པ་ཞིག་༼ དེང་གི་དམྱལ་ཐང་ཟེར་ས་དེར་སྔོན་མ་ཤུག་སྡོང་ཆེན་པོ་ཞིག་ཡོད་པ་དང་། དེར་ཤུག་ཤུན་གྱི་སྐེ་བཀྱིག་ནས་ཤུག་སྡོང་དེར་སྐེ་བཏགས་ཏེ་མི་མང་པོ་རང་ཤི་བྱེད་འགྲོ་བས་བཤད་སྲོལ་དང་། ཤུག་སྡོང་དེ་གྲུབ་ཐོབ་གསུམ་གྱིས་གཅད་ནས་ཕུར་པ་བཟོས་པ་རེད་ཟེར་བའི་སྒྲུང་གཏམ་མམ་ངག་རྒྱུད་ཤོད་སྲོལ་ད་ལྟ་ཡང་ཡོད། ༽འདུག་པ་དེ། གྲུབ་ཆེན་རྣམ་གསུམ་ནས་གཅོད་པར་ཞུ་ཞེས་གཟུགས་མེད་པའི་སྒྲས་སྐུལ་བ་མ་ལྡོག་པར། སྙིང་རྗེ་ཆེན་པོ་ཀུན་ནས་བསླུང་སྟེ། དབལ་རམ་འབུམ་པའི་བསྐྱེད་རིམ་ལ་ཞུགས་ནས། ཐན་གྱི་གཏོར་མ་ཟུར་གསུམ་གཅིག་གིས་རྩད་ནས་བཅད། ཤིང་སྡོང་དུམ་བུར་བསིལ་བ་ལས། དབལ་ཕུར་བརྒྱ་ཕྲག་མང་པོ་བཞེངས། ཡུལ་ཁམས་ཀྱི་ཀླུ་བདུད་བཙན་གསུམ་དམ་ལ་བཏགས། བརྒྱུད་འཛིན་སྔགས་འཆང་ཕུར་ཐོགས་སྟོང་དང་དགུ་བརྒྱ་འབྱོན་པའི་རྟེན་འབྲེལ་བྱུང་། དེའི་བརྒྱུད་འཛིན་ལ། ཡར་ནང་བོན་སྡེ་ཁ་གསུམ་ཞེས། བོན་བརྒྱ། དམག་གསར། ལྡོང་ངེ་༼ ལྡོང་ངེ་ཞེས་པ་ལྡོང་ལྡོ་དང་གཅིག་གམ་སྙམ། ༽གསུམ་བྱུང་། མར་ནང་བོན་སྡེ་ཁ་གསུམ་ཞེས། ངོ་མོ། ཁྱུང་པོ། ལ་རྟིང་གཉིས། བརྒྱའི་བོན་ཚང་ཐེ་བུའི་བོན་ཚང་། ཞོ་འོང་ཉིན་ཐ། དར་གྲོང་། སྟོང་ཆེ། ཧོར་ནག་གྱང་རི་སོགས་གསང་སྔགས་ཀྱི་སྒྲུབ་སྡེ་མང་དུ་བྱུང་། ཞུ་འོད་རྒྱས་པས་བསམ་ཚུལ་མཆན་བཏབས།  

དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.