སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
སུག་བུ་ཆུང་གི་སྐོར་ལ་མོལ་བ།། | 2018/7/28 13:06:00
བོད་ཀྱི་བརྡ་རྙིང་ཁག་ལས། ལག་པའི་བརྡ་རྙིང་སུག་ལག་དང་། ལག་པས་ལས་དཀའ་བྱས་པར་སུག་ལས་བྱས་པ། 
ལག་པས་ཡི་གེ་བྲིས་པའི་བརྡ་རྙིང་ལ་ཡང་སུག་ལས་བགྱིས་པ། ཡི་གེ་ལ་བརྡ་རྙིང་གི་མིང་ལ་སུག་བུ་ཟེར་བ་དང་། ཡི་གེའི་མིང་སུག་བུ་ཞེས་པའི་བརྡ་རྙིང་དེངས་སང་བར་འཕྲོ་ལུས་བསྡད་པ་ཡི་གེ་རྐང་པ་ཐུང་ངུའི་ཡིག་གཟུགས་ལ་སུག་ཐུང་། 
ཡིག་གེ་རྐང་པ་རིང་བའི་ཡིག་གཟུགས་ལ་སུག་རིང་ཅེས་དུས་ད་ལྟའི་བར་དུ་ས་ཁྱབ་རྡོ་ཁྱབ་ཡིན་ཀྱང་ཕྱིས་སུ་སུག་ཐུང་ལ་ཚུག་ཐུང་དང་། སུག་རིང་ལ་ཚུག་རིང་ཅེས་པའི་མིང་ཚབ་གཅིག་བཏགས་ཡོད་ཀྱང་ད་ལྟ་གཉིས་ཀའི་མིང་བེད་སྤྱོད་བཏངས་བཞིན་གནས་ཡོད། 
རྒན་ཆབ་མདོ་ཤེས་རབ་ཀྱིས་དཔྱད་རྩོམ་ལས། ཏུན་ཧོང་ཡིག་རྙིང་དུ། གནམ་རི་སྲོང་བཙན་སྐབས་སུ། རྔུལ་གྱི་སུག་བུ་ཆུང་སྩལ་ཞེས་འཁོད་པ་དེ།   དངུལ་གྱི་ཡི་གེ་ཆུང་བ་བསྩལ་ཞེས་པའི་དོན་རེད་གསུངས་པ་དང་། འབྲི་གུང་ཆེ་ཚང་གིས་དངུལ་གྱི་སྤུག་བུ་ཆུང་བསྩལ་ཞེས་གསུངས་ཡོད་ལས། ཆབ་མདོ་ཤེས་རབ་ཀྱིས་བཞེད་པ་འདི་ཤིན་ཏུ་ཡང་བདེན་པར་སྙམ་ལ། རྒྱུ་མཚན་གཅིག་གོང་གསལ་ལྟར་སྲོང་བཙན་གོང་དུ་ཡི་གེའི་མིང་ལ་སུག་བུ་ཞེས་ཟེར་སྲོལ་ཡོད་པ་དང་། རྒྱུ་མཚན་གཞན་ཞིག་ནི། གཉའ་ཁྲིའི་སྐབས་ནས་ཡིག་ཚང་ཅེས་ཡོད་པར་རྒྱལ་རབས་འགའ་ལས་གསལ་བ་དང་། ལོ་རྒྱུས་འགའ་ཞིག་ལས་སྲོང་བཙན་སྐབས་སུ། ཡིག་ཚང་ལམ་ལུགས་ཀྱི་སྒྲིག་གཞི་ཆ་ཚང་ཡོད་པའི་ནང་། ཡི་གེ་ཆེ་བ་དྲུག་ཆུང་བ་དྲུག་གི་གྲས་སུ་དངུལ་ཡིག་ཆུང་བ་ཞེས་དངོས་སུ་གསལ་བ་ལས་ཀྱང་དངུལ་གྱི་སུག་བུ་ཆུང་ཅེས་པ་དངུལ་ཡིག་ཆུང་བ་ཡིན་པ་ཤིན་ཏུ་ནས་གསལ་པོ་བྱུང་ཡོད་ལ། འབྲི་གུང་ཆེ་ཚང་གིས་སྤུག་བུ་ཞེས་པ་གཡུ་ཡི་བརྡ་རྙིང་ཡིན་པར་གསུངས་པ་བདེན་མོད། དེ་ལ་གནོད་བྱེད་གཉིས་འབེབས་ཏེ། གཅིག་ཏུན་ཧོང་ཡིག་རྙིང་དངོས་ལ། སུག་བུའམ། པུག་བུ་ཞེས་བྲིས་ཡོད་པ་ལས། སྤུག་བུ་དང་ཡུག་བུ་ལྟ་བུ་བྲིས་མེད་པས། སུག་ལ་སྤུག་ཅེས་བྲིས་ནས། རང་འདོད་ཀྱིས་བརྡ་རྙིང་ཡི་གེ་ལ་ལོག་འགྲེལ་དང་རྐང་གཙུགས་ནས་བཅོས་བསྒྱུར་བྱས་ཡོད་པ་ནི་ལོ་རྒྱུས་མཁན་པོའི་ནག་ཉེས་བཀྲུས་ན་མི་དག་པ་ཞིག་བཟོས་པ་རང་རེད། 
གཉིས་སུ་སྲོང་བཙན་སྐབས་གཡུ་ཡི་ཡི་གེ་ནི། ཡི་གེ་ཆེ་དྲུག་གི་གྲས་སུ་ཡོད་ལ། དངུལ་ཡིག་ནི་ཡི་གེ་ཆུང་དྲུག་གི་གྲས་སུ་སོ་སོར་ཡོད་པའི། གནམ་རིའི་སྐབས་མཉམ་དུ་སྦྱར་ཡོད་ན་སྐབས་འདིར་ཡང་དེ་ལྟར་འབྱུང་དགོས་པས་སོ། ཏུན་ཧོང་ཡིག་གེར་བོད་ལ་སྔ་ན་ཡིག་གེ་མེད་པ་ལས་བཙན་པོ་འདིའི་སྐབས་སུ་བྱུང་ཅེས་པ་ཡང་ཡིག་ཚང་ཆེ་ཆུང་ཁག་ལ་སྐབས་དེར། གསེར་གྱི་སུག་བུ་དང་གཡུ་ཡི་སུག་བུ་དངུལ་གྱི་སུག་བུ་ཞེས་ཟེར་སྲོལ་ལས། གསེར་ཡིག་དང་གཡུ་ཡིག་དངུལ་ཡིག་སོགས་ཟེར་སྲོལ་མེད་པའི་དོན་རེད་ཅེས་པའང་ཡིན་ཏུ་ནས་བདེན་པར་མཐོང་ངོ་།ཞུ་འོད་རྒྱས་པས་༢༠༡༨*༧*༢༨ཉིན་བྲིས།། །། 


དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.