སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
རྗེ་མཉམ་མེད་པའི་རྣམ་ཐར་རགས་བསྡུས་ནོར་བུ་ཀེ་ཏ་ཀ་ཞེས་བྱ་བ་བཞུགས། | 2018/6/14 17:47:00
རྗེ་མཉམ་མེད་བླ་མའི་རྣམ་ཐར་རགས་བསྡུས། ནོར་བུ་ཀེ་ཏ་ཀ་ཞེས་བྱ་བ་བཞུགས་སོ།། བླ་མ་དང་ལྷག་པའི་ལྷ་དབྱེར་མ་མཆིས་པ། རྒྱལ་བ་མཉམ་མེད་ཆེན་པོར་ཕྱག་བགྱིའོ།། 
དེའང་ རྗེ་མཉམ་མེད་བླ་མའི་རྣམ་ཐར་རགས་བསྡུས། ནོར་བུ་ཀེ་ཏ་ཀ་ཞེས་བྱ་བ་བསྟན་པ་ལ། ༡༣༥༦་མེ་སྤྲེལ་ལོར་རྒྱལ་བ་མཉམ་མེད་ཆེན་པོ་སྐུ་འཁྲུངས། ༡༣༦༦ཤིང་སྦྲུལ་ལོར། མཉམ་མེད་པ་དགུང་ལོ་བཅུ་ཐོག་ཕྱྭ་གཡུང་དྲུང་རྒྱལ་མཚན་གྱི་དྲུང་ནས། བསྙེན་གནས་དང་དགེ་བསྙེན་གྱི་སྡོམ་པ་བཞེས་ཏེ། ཆང་བཅད་པ་ཙམ་བྱས། དེའི་དྲུང་ནས་ཁྲོ་ཀློང་རྣམ་གསུམ་དང་ཡར་མེ་བའི་བཀའ་བརྟེན་རྣམས་དང་། མཛོད་གབ་པ་རྩ་རྒྱུད་གཞུང་ཆེན་རྣམས་དང་། གཞན་ཡང་འཕྲིན་ལས་ལ་སོགས། བློ་འཛིན་མང་དུ་མཛད་དེ་ལོ་ཤས་བཞུགས། དེའི་རྗེས་ལོ་ཤས་མཚམས་ཕྱྭ་བླ་གཡུང་དྲུང་རྒྱལ་མཚན་དྲུང་ནས། གཙང་གཙུག་གི་སྡོམ་པ་བཞེས། མཚན་ཤེས་རབ་རྒྱལ་མཚན་དུ་གསོལ། དུས་དེ་ནས་ཤ་ཆང་སྒོག་གསུམ་གཏན་དུ་སྤངས་བར་མཛད་ནས། ཕྱི་གཏོར་ནང་གཏོར་མ་ཆག་པར་མཛད་དོ། ༼བོན་རྒྱ་རིན་པོ་ཆེས།༡༣༦༨ས་སྤྲེལ་ལོར། མཉམ་མེད་པ་དགུང་ལོ་བཅུ་གསུམ་སྐབས། འབེ་དྲང་སྲོང་རིན་ཆེན་རྒྱལ་མཚན་གྱི་དྲུང་དུ་ཐེག་ཆེན་སེམས་བསྐྱེད་ཞུས་ཤིང་། མཛོད་དང་ཕར་ཕྱིན་འགྲོ་མགོན་ཡིག་ཆའི་སྟེང་ནས་གསན་སྦྱོང་མཛད་པར་གསུང་། ༽དེ་རྗེས་ལོ་ཤས་མཚམས་དགུང་ལོ་བཅུ་དྲུག་བཅུ་བདུན་ཙམ་ཐོག་དབུས་སུ་བྱོན་པས་ལམ་བར་དུ། མདོ་སྨད་ཆུ་བོ་གསེར་ལྡན་ཁར། ཙོང་ཁ་པ་དང་མཇལ་འཕྲད་བྱུང་ནས། རྗེ་གཉིས་པོ་ཆུང་དུས་ནས་ངོ་ཤེས་དུ་གྱུར་སོང་བར་དྲན། ལོ་དེར་མཉམ་མེད་ཤེས་རབ་རྒྱལ་མཚན་གྱིས། མཁས་གྲུབ་རིན་ཆེན་བློ་གྲོས། ཐོག་མར་མདོ་གམ་ཚ་བ་སྒང་ནས་མཇལ་ཏེ། ཕྱག་ཕྱིར་འགྲིམས་ཤིང་། དབང་ལུང་མན་ངག་ཞུས། ཐོས་བསམ་སྒོམ་པར་འབད་བརྩོན་མཛད་པ་དང་། གཞན་ཡང་མདོ་སྟོད་སྨད་ལྷོ་བྱང་གི་དགོན་གནས་རི་ཁྲོད་གང་སར་བྱོན་ནས། བན་བོན་རིས་མེད་ཀྱི་བླ་མ་མང་པོ་བསྟེན། སྐབས་དེ་ཤད་དུ། གསང་ཕུ་ནེའུ་ཐོག་དང་། སྙེལ་ཐང་བདེ་བ་ཅན། འབྲས་ཡུལ་སྐྱེད་ཚལ། ར་བ་སྟོད་སོགས། བན་བོན་དགོན་པ་འགའ་ལ། གྲྭ་བསྐོར་ཕེབས་ནས། མཚན་ཉིད་སོགས་སྦྱོང་ཡོད་པ་སྲིད་ཀྱང་། རོང་སྟོན་དྲུང་ནས་མིན་པར་སེམས། ༡༣༨༦་མེ་སྟག་ལོར། མཉམ་མེད་པ་དགུང་ལོ་སོ་གཅིག་ཐོག་གཙང་གཡས་སུ་དབེན་ས་ཁར་སྒྲིགས་ལ་ཞུགས། དེ་ནས་བྲུའི་མཁན་ཆེན་ཚུལ་ཁྲིམས་ཡེ་ཤེས་དྲུང་ནས། དྲང་སྲོང་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་ཏེ། ཁྲིམས་ཉིས་བརྒྱ་ལྔ་བཅུ་སྲུང་བར་མཛད། དེ་ནས་ལོ་ཁ་ཤས་མཚམས་གསང་ཕུ་ནེའུ་ཐོག་སོགས་སུ། རོང་སྟོན་ཀྱི་དྲུང་ནས། གཞན་སྡེའི་མཚན་ཉིད་ལའང་སྦྱོང་པར་མཛད། དེ་ནས་སྙེལ་ཐང་བདེ་བ་ཅན་དང་། འབྲས་ཡུལ་སྐྱེད་ཚལ། ར་བ་སྟོད་སོགས་བན་བོན་དགོན་པ་འགའ་ལ། གྲྭ་བསྐོར་ཕེབས་ནས། རྩོད་གྲྭ་འགའ་ལ་དམ་བཅའ་བཞུགས་ཏེ་རྩོད་པ་མཛད་པས། སྙན་པའི་གྲགས་པ་ས་གསུམ་ལ་ཁྱབ་པར་གྱུར། དེ་ནས་རྒྱལ་རིགས་བྲུ་ཡི་གདུང་འཛིན་རྣམ་གཉིས་ཀྱིས། གཡས་རུ་དབེན་ས་ཁའི་དབུ་རྩེ་དཀར་གདན་ས་ཕུལ་བ་བཞེས་ཏེ། འཆད་རྩོད་རྩོམ་གསུམ་བསྟན་དོན་རྒྱ་ཆེར་མཛད། དེ་ནས་ཡབ་ཡུམ་མཇལ་འཕྲད་དུ་འཁྲུངས་ཡུལ་དུ་ཕེབས། ༼བོན་བརྒྱ་རིན་པོ་ཆེས་མཉམ་མེད་པ་འཁྲུངས་ཡུལ་དུ་ཕེབས་ལོ། ༡༣༠༤་ཆུ་ལུག་ལོར་ཡིན་པར་བཞེད།༽དེ་ནས་༡༣༠༥་ཤིང་བྱ་ལོར། མཉམ་མེད་པས་གཙང་སྨན་རི་དགོན་ཕྱག་བཏབས། ༡༤༡༥་ཤིང་ལུག་ལོར་མཉམ་མེད་པ་དགུང་ལོ་དྲུག་ཅུ་ཐོག་དགོངས་པ་བོན་དབྱིངས་སུ་གཤེགས། དེ་ལྟར་ནའང་དོགས་པ་འདི་འབྱུང་སྟེ། ན་ལེན་ཏྲ་རུ་རོང་སྟོན་མཇལ་བར། རྣམ་ཐར་འགའ་ལས་གསལ་བའི་ན། མཉམ་མེད་པ་འདས་ཚར་དུས་སུ། རོང་སྟོན་གྱིས་ན་ལེན་ཏྲ་ཕྱག་བཏབས་པར། གཞན་སྡེའི་ལོ་རྒྱུས་ཁག་ལས་གསལ་བ་དང་གཅིག། མཁས་གྲུབ་རིན་བློ་ལོ་ཉི་ཤུ་རྩ་བཞིའི་སྐབས་སུ་རོང་སྟོན་དྲུང་ནས་མཚན་ཉིད་སྦྱོང་པར་བཤད་ཀྱང་། སྐབས་དེར་རོང་སྟོན་དགུང་ལོ་བཅོ་བརྒྱད་བཅུ་དགུ་ཙམ་ལས་མ་ཡིན་པ་དང་གཉིས། མེ་སྦྲུལ་༡༠༡༧་ལོར་གཤེན་གཏེར་ཐོན་ལོ་ནས་རྩིས་པས། དྲུག་ཅུ་སྐོར་བདུན་དང་ལོ་བཞི་བཅུ་སོང་བའི་༡༣༧༧་མེ་བྱ་ལོར། སྤ་བསྟན་རྒྱལ་བཟང་པོས། དར་རྒྱས་གསལ་སྒྲོན་བརྩམས་པར་གསལ་ཞིང་། དེའི་ནང་དུ་མཁས་གྲུབ་རིན་བློ་དང་མཉམ་མེད་པ་ཟུར་ཙམ་ཡང་མི་་གསལ་ལ། ཡང་༡༠༡༧་ལོར། གཤེན་གཏེར་ཐོན་ལོ་ནས་རྩིས་པས། ལོ་བཞི་བརྒྱ་ཉི་ཤུ་རྩ་གཉིས་སོང་བའི་༡༤༣༩ས་ལུག་ལོར། ཁྱུང་པོའི་བླ་ཆུང་བློ་གྲོས་རྒྱལ་མཚན་གྱིས་བརྩམས་པའི། གླེང་གཞི་བསྟན་པའི་འབྱུང་ཁུངས་ལས་ཀྱང་། མཁས་གྲུབ་རིན་བློ་དང་། རྗེ་མཉམ་མེད་པ་ཟུར་ཙམ་མི་གསལ་བ་གསུམ། རྣམ་ཐར་ལས། སྡེ་པ་རིན་སྤུང་པས། སྦྱིན་བདག་མཛད་པར་ཞུས་པ་གསལ་མོད། སྒེར་པ་ལ། སྡེ་པ་རིན་སྤུང་པ་ཞེས་མིང་ཐོགས་མར་ཐོག་དུས། རྗེ་མཉམ་མེད་པས། གཙང་སྨན་རི་དགོན་ཕྱག་བཏབ་ཚར་བ་དང་། སྡེ་པ་རིན་སྤུང་པ་སྟོབས་ཤུགས་ཅུང་རྒྱས་པའི་སྐབས་སུ། རྗེ་མཉམ་མེད་པ་ཞིང་ལ་ཕེབས་ཚར་བ་གསལ་བ་བཅས་ལས། མཁས་གྲུབ་རིན་བློ་དང་རྗེ་མཉམ་མེད་པའི་རྣམ་ཐར་ལྟར་ན། བསྟན་རྩིས་ལས། དྲུག་ཅུ་སྐོར་གཅིག་གི་འཁྲུངས་ལོ་སྔ་ཡོད་དམ་བསམ་པའི་དོགས་པ་ཞིག་ངང་གི་ཤར་འོང་། ཡིན་ནའང་རྣམ་ཐར་ཁག་ལས། གཤེན་ཉི་མ་དང་། རྗེ་ཙོང་ཁ་པ་གཉིས་དང་ མཉམ་མེད་པ་མཇལ་བས་སྐོར་གྱི་ལོ་རྒྱུས་དེ་ཤོད་དཀའ་བའི་གནས་སུ་མཐོང་། དེའི་ན་ཡོངས་གྲགས་བསྟན་རྩིས་ཁག་ལ་འཁོད་པའི་མཉམ་མེད་འཁྲུངས་ལོ་ལས། ལོ་བསྐོར་གཉིས་ཏེ། ལོ་ངོ་ཉེར་བཞི་ཙམ་འམ། ཡང་ན་ལོ་བསྐོར་གཅིག་སྟེ་ལོ་ངོ་བཅུ་གཉིས་ཀྱི་འཕྱི་བའི་འཁྲུངས་ལོའི་ཁུངས་ཡོད་ན། རྣམ་ཐར་ཁག་ལ་འཁོད་པའི་ལོ་རྒྱུས་དག་དང་ཅུང་ཐག་ཉེ་བར་མངོན་ནོ།། །། ༢༠༡༨༑༦༑༡༢༑ ས་ཁྱི་ལོའི་ཧོར་ཟླ་བཞི་པའི་ཚེས་ཉེར་བརྒྱད་ཉིན་ཞོག་པར། ཞུ་འོད་རྒྱས་པས་ཟླ་དགོན་རི་ཁྲོད་དུ་བྲིས་པ་དགེའོ།། 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.