སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
མི་སྣ་རིདས་ཕྱི་མ་གཉིས་ཀྱི་ཁོངསུ་འདུས་པའི་བོན་བརྒྱ་སྔགས་བཆང་བ། | 2018/8/22 23:57:00
བོན་བརྒྱ་རིན་པོ་ཆེ་རྗེས་སུ་དྲན་ཚུལ་ཞིག། 
འབྱུང་གཞི་ལས་གྲུབ་པའི་ཤ་ཁྲག་གི་གོང་བུའི་རྒྱུ་ལུས་ནི་སྔ་ཕྱི་ཙམ་ལས་གང་ལྟར་ཞིག་འགྲོ་བ་རེད། 
མི་ཡུལ་ད་གསོན་པོར་སྡོད་པས་རིང་དུ། བོད་རིགས་ཀྱི་ནང་ནས་མི་རྒྱ་ཆ་90%ཙམ་ནི་ཁྱིམ་ཚང་གཅིག་གི་ཁ་ཟས་རྒྱབ་གོས་ཙམ་གྱི་ཆེད་དུ་འཚོ་བ་རེད་ལ། མི་དེ་ཚོ་གསོན་ན་ཡང་མི་ཁ་ཤས་ཙམ་མམ་རང་གི་ཆེད་དུ་གསོན་པ་རེད་ལ། འཆི་དུས་ཀྱང་ལུས་དང་མཉམ་དུ་མིང་ཡང་འཆི་ནས་ལོ་ཤས་ནས་སུས་ཀྱང་གོ་ཐོས་མེད་པ་ཆགས་འགྲོ་བ་རེད་ལ། དེ་ལས་ལེགས་པའི་མི་བཟང་ཁག་གཅིག་ནི། རང་གི་བཟའ་ཟླ་བུ་ཕྲུག་ཙམ་གྱི་ཆེད་དུ་གཅིག་པུར་འཚོ་བ་མ་ཡིན་པར། ཕ་མ་དང་ཨ་འུ། ཨ་མྱེས། ནེ་ནེ། ཨ་སྲུ། ཤ་ཉེ། སྲིང་མོ། ཚ་བོ། ཚ་མོ། བཅས་མདོར་བསྡུས་རང་གི་ཤ་རྩ། ཁྲག་རྒྱུན། ཉེ་འབྲེལ་ཚང་མའི་ཆེད་དུ་འཚོ་བཞིན་ཡོད་དེ། དེ་དག་ཚང་མའི་བདེ་སྡུག་དང་འབྲེལ་ནས་ཡོད་ཅིང་། དེ་དག་ཚང་མར་སེམས་ཁུར་བྱེད་པ་དང་། དེ་དག་ཚང་མར་འགན་ཁུར་ནས་ཡོད་པས། མི་དེ་འདྲ་ནི། ཉེ་བ་གཉེན་ཚན་ཀུན་གྱི་སྲོག་རྩ་ལྟ་བུ་ཡིན་ལ། གསོན་ན་ཉེ་བ་ཚོར་ཉི་མ་ལྟར་ཚང་མར་དྲོ་སྐྱིད་སྟེར་ལ། འཆི་ན་ཉེ་བ་ཚོར་གྱོང་གུད་ཀྱི་མུན་ནག་འཁྲིགས་པ་ཙམ་མ་ཟད། སྤྱོད་བཟང་གི་མིང་གྲགས་མི་རབས་ནས་མི་རབས་བར་གནས་པ་ཡིན། སེར་མོ་བ་མང་ཆེ་བར་དཔེ་ཆ་སྦྱོང་ཙམ་དང་། དཔེ་ཆ་ཀློག་ཙམ། སྒོམ་སྒྲུབ་གནང་ཙམ། ཉམས་ལེན་བྱེད་ཙམ་ངང་མི་ཚེ་རྫོགས་ནས། གསོན་ན་འདུས་སྡེའི་རྒྱན་དང་འདས་ན་བདེ་བ་ཅན་ལ་མི་གྲངས་འཕེལ་བྱེད་ཙམ་ལས། གསོན་མི་ཡུལ་ལ་གོ་ཐོས་དེ་ཙམ་མེད་པར་འགྱུར་འགྲོ་བ་རེད། དེ་ལས་འཕགས་པ་འདུས་སྡེའི་ལས་སྣེ་བ་ལྷག་བསམ་ཅན། དཔེར་ན་དགེ་བསྐོས། ཚོགས་གཙོ། དབུ་མཛད། གཉེར་པ། མཆོད་དཔོན། མ་བྱན། དཀོར་གཉེར། སྒྲུབ་ཁང་བ་སོགས་ལས། འདུས་སྡེའི་བྱས་པ་ཅན་གྱི་མི་དེ་ནས་ཐོན་སྲིད་ལ། གསོན་ན་མཁོ་གལ་ཅན་དང་། ཤི་ན་བཤད་རྒྱུ་ཡོད་བསྡད་པའི་ཁག་གཅིག་རེད། དེ་ལས་ལྷག་པ་ནི་དཔེ་ཁྲིད་དགེ་རྒན་དང་སློབ་དཔོན། མཁན་པོ་སོགས། སློབ་ཚོགས་སྐྱོང་མཁན་ཤེས་ཡོན་པའི་སྡེ་ཁག་རེད། དེ་ཚོ་ནི་གཞོན་ནུ་བྱེ་བ་འབུམ་ཕྲག་གི་རེ་ལྟོས་ཞུ་ས་དང་སྐྱོབ་མགོན་ཡིན་པའི་མི་དེ་ཚོའི་སྤུས་ཚད་བཟང་ངན་ལས། གཞོན་ནུ་དུང་ཕྱུར་མང་པོའི་འབྱུང་འགྱུར་གྱི་ལས་དབང་ངམ། མ་འོང་པའི་འཚོ་བ་དང་། བྱ་བ། སྤྱོད་ལམ། ཕུག་བསམ། ལེགས་གྲུབ་སོགས་དང་ཐག་གཅོད་རང་བཞིན་ལྡན་པའི་འབྲེལ་ནས་ཡོད་པའི། མི་དེ་གྲས་གསོན་ན་ལེགས་ཉེས་གཉིས་ཀྱི་མིག་དང་། ཤི་ན་ལོ་ཁྲི་ཕྲག་ལ། མིང་གྲགས་བཟང་ངན་གཉིས་ཀ་གནས་འདུག་པ་རེད། དེ་དག་ཀུན་ལས་ཆ་རྐྱེན་ལྷག་ཙམ་ནི་གདུང་རྒྱུད་བླ་དང་། མཁན་མོ། མཁའ་འགྲོ། སྤྲུལ་སྐུ། རྣལ་འབྱོར་པ། ཞིག་པོ། གྲུབ་ཐོབ། སྔགས་པ། སློབ་དཔོན། མཁན་པོ། ཁྲི་འཛིན། བླ་མ་སོགས། མིང་འདྲ་མིན་གང་འདྲ་བཏགས་ན་ཡང་། དོན་ལ་འདུས་སྡེའི་ཆེད་དུ་བྱ་བ་ལས་དཀའ་གནང་མཁན་ནི་རབ་དང་། ཁྱིམ་བཟའ་ཚང་གི་ཆེད་དུ་བྱ་བ་ལས་དཀའ་གནང་མཁན་ནི་ཐ་མའོ། ཡང་འདུས་སྡེའི་ཆེད་དུ་ཡིན་ན། གསོན་ཚེ་མི་ཁྲི་སྟོང་གི་སྙིང་ནོར་དང་། ཤི་ན་མིང་གྲགས་ལོ་ཕྲག་ལ་གནས་པའོ། དེ་དག་ཀུན་ལས་གསོན་ཚེ་ཤུགས་རྐྱེན་ཐོབ་རྒྱ་ཆེས་ཆེ་ཞིང་། ཤི་ན་མིང་གྲགས་ཆེས་ཡུན་རིང་ཤོས་ནི་རྩོམ་པ་པོའོ། 
བོན་བརྒྱ་རིན་པོ་ཆེ་ནི། ཕྱི་མའི་མི་སྣ་རིགས་གཉིས་ཀའི་གྲས་སུ་གཏོགས་སོ།།  
ཞུ་འོད་རྒྱས་པས་ཐོལ་བྱུང་དུ་ཤར་མར་ཟླ་དགོན་རི་ཁྲོད་དུ། ཕྱི་ལོ་༢༠༡༨*༨*༢༢ཉིན་བྲིས་པ་དགེའོ།། །།
Re:མི་སྣ་རིདས་ཕྱི་མ་གཉིས་ཀྱི་ཁོངསུ་འདུས་པའི་བོན་བརྒྱ་སྔགས་བཆང་བ། | 2018/8/23 0:03:21
TXLMམི་སྣ་རིགས་ཕྱི་མ་གཉིས་ཀྱི་ཁོངས་སུ་གཏོགས་པའི་བོན་བརྒྱ་བླ་མ་རྗེས་ུུ་དྲན་ཚུལ་ཞིག།
Re:མི་སྣ་རིདས་ཕྱི་མ་གཉིས་ཀྱི་ཁོངསུ་འདུས་པའི་བོན་བརྒྱ་སྔགས་བཆང་བ། | 2018/8/23 8:19:08
TXLMདེ་དག་ཀུན་ལས་ཁྱད་དུ་འཕགས་པ་ནི། མིང་གྲགས་རྩ་བ་ནས་དོན་དུ་མི་གཉེར་མཁན། གསོན་ཚེ་ལྟོ་སྐྱ་གོས་ཧྲུལ་ཅན། དབེན་གནས་བྲག་ཕུག་ལུང་སྟོང་དུ། མི་ཚེར་སྒོམ་སྒྲུབ་ཉམས་ལེན་ལ་འབད་ནས། ཚེ་དང་སྒྲུབ་པ་མཉམ་མཁན་དག་གོ། །།

Re:མི་སྣ་རིདས་ཕྱི་མ་གཉིས་ཀྱི་ཁོངསུ་འདུས་པའི་བོན་བརྒྱ་སྔགས་བཆང་བ། | 2018/8/23 8:22:57
TXLMམཁས་གྲུབ་བོན་རྒྱ་བླ་མ་བསྟན་འགྲོའི་མགོན་པོ་གང་གི་གསང་གསུམ་གྱི་ཡོན་ཏན་བརྗོད་ཀྱི་མི་ལོང་བ་མངའ་བའི་ཕྲན་གྱིས་རྗེས་སུ་དྲན་མི་དཔོག་མོད།
ཕྱི་རབས་པ་མིང་སྐམ་ལ་རེ་བ་རྣམ་ལ་སྐུལ་མའི་དོད་དུ་རྗེས་སུ་དྲན་ཚུལ་ཞིག་གོ། །།

Re:མི་སྣ་རིདས་ཕྱི་མ་གཉིས་ཀྱི་ཁོངསུ་འདུས་པའི་བོན་བརྒྱ་སྔགས་བཆང་བ། | 2018/9/1 16:46:58
སྐུ་མགྲོན་G3BNf6(སྐུ་མགྲོན)མཁས་ཤིང་གྲུབ་པའི་རྣལ་འབྱོར་ལ།
གསང་གསུམ་ཡོན་ཏན་བརྗོད་མི་ལོང་།
དད་གསུམ་བློ་ཡི་པདྨོ་ཡིས།
བསྟོད་ཚིག་མཆོད་པ་འབུལ་ན་ཐང་།
ཕྱི་མར་མིང་ལ་རེ་བལྟོས་ཀྱི།
ཐ་བསྙད་ཚིག་དུམ་བརྩིགས་པ་དེ།
མིང་ཙམ་སྨྱུག་འཛིན་རྨིང་འདིངས་བ།
དེ་ནི་རྡོ་ཆུ་སྦུང་བཅུད་བཞིན།།
རྩོམ་པ་པོ།:སྐུ་མགྲོན་G3BNf6(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.