སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
གོང་གི་འཕྲོ། དགག་ལན་ཐན་ཐུན། | 2018/1/11 13:37:00
དེ་ནས་གཉའ་ཁྲི་དང་མུ་ཁྲིའི་སྐབས། གཤེན་རབ་ཀྱི་གདུང་སྲས་ནམ་མཁའ་སྣང་བ་མདོག་ཅན་དང་། མཁས་པ་མི་བཞི་སོགས་ཀྱིས། ཞང་ཞུང་ནས་འབྲས་བུའི་བོན་རིགས་ལྔ་སོགས། བོན་ཐེག་པ་རིམ་དགུ་ཕལ་ཆེར་དར་ན་ཡང་། བོད་མི་བོན་སྒོར་ཞུགས་མཁན་ཙམ་མ་གཏོགས། ཡུལ་ལུང་ཚང་མར་ཁྱབ་བརྡལ་དུ་མ་དར་བར་མངོན་ཏེ། གསང་སྔགས་བོན་རྣམས། རྒྱལ་བོས་གསང་ནས། གསང་སྔགས་སྤྱི་སྤུངས་ཀྱི་བོན་རྩ་འགག་འགྲོ་རྩིས་བྱས་པ་ལས་ཤེས་སོ། བོན་སྡེ་འགའ་ཞིག་བོན་གཤེན་ཚོའི་སྒྲུབ་པ་གནང་སའི་ས་ཁུལ་སོ་སོར། དར་བ་ཙམ་ལས། རྒྱ་ཁྱབ་ཏུ་དར་མེད་པ་མངོན་ཏེ། མེ་རི་དང་གེ་ཁོད་སོགས་ཞང་ཞུང་གི་བོན་སྐོར་ཞེས་དང་། མ་རྒྱུད་དང་ཡེ་ཁྲི་སོགས་ལ། རྒྱ་གར་བོན་སྐོར་ཞེས་ལོགས་སུ་དབྱེ་སྲོལ་བྱུང་འདུག་པས་སོ། དེ་བཞིན་བོད་ཡིག་ཀྱང་དེ་དང་འདྲ་བར། བོན་གཤེན་དང་རྒྱལ་བློན་སོགས། མཐོ་རིམ་མི་སྣ་ཁག་ཙམ་ལས། དམངས་ཁྲོད་དུ་ས་ཁྱབ་རྡོ་ཁྱབ་ཏུ། ཤེས་མཁན་མེད་པས། རྒྱའི་ལོ་རྒྱུས་སོགས་ལས། བོད་དུ་ཡི་གེ་མེད་ཅེས་པའི་དོན་དེ་འབྱུང་བར་སྙམ། གཡུང་དྲང་བོན་རྣམས་། བོན་གཤེན་རིག་འཛིན་དང་། རྒྱལ་བློན་སོགས། རིམ་པ་མཐོ་གྲས་ཚོས། གསང་བ་ཟབ་མོ་བྱས་ནས་སྤྱོད་ཅིང་། བོན་གྱི་དབང་ལུང་ཁྲིད་གསུམ་ཞུ་འདོད་མཁན་ཡོད་ན་ཡང་། གསེར་སོགས་དངོས་པོ་རྩ་ཆེན་ཡོན་དུ་འབུལ་ཐུབ་མཁན་ལ། མ་གཏོགས་བོན་བསྟན་སྲོལ་མེད་ཙང་། ཡུལ་བས་མཐའ་རྣམས་སུ།། འབྲས་བུའི་བོན་དེ་ཙམ་དར་མ་ཐུབ་པར། གདོད་མའི་བོན་ལ་སྤྱོད་མཁན་མང་པོ་ཡོད་པ་དང་། གཤེན་བསྟན་ཏོག་ཙམ་དར་བ་དེ་ཡང་། རྒྱུ་བོན་རིགས་བཞི་ཆེས་ཆེར་དར་ཡོད་པར་གསལ་ལ། གྲི་གུམ་གྱི་བོན་བསྣུབས་དུས་ཀྱང་། འབྲས་བུའི་བོན་བསྣུབས་པ་དང་། དེ་དག་འཛིན་སྐྱོང་མཛད་མཁན་བོན་གཤེན་རྣམས། ཡུལ་གཞན་དུ་ཕུད་པ་ལས། རྒྱུ་བོན་རིགས་བཞི་དེ་མ་བསྣུབས་པ་དང་། དེ་དག་འཛིན་སྐྱོང་མཛད་མཁན་བོན་གཤེན་འགའ་ཤས་ཡོད་པར། ལོ་རྒྱུས་ཁག་ལས་བཤད་པས་སོ། དེ་བཞིན་དུ་གནའ་བོའི་དུས་ནས། མི་རབས་རིམ་པར་རྒྱུད་དེ། ལྷ་ཀླུ་དང་ཡུལ་སར་དམར་མཆོད་འབུལ་བས་སྲོལ་དེ་ཡུན་རིང་དར་བའི། མཐོ་རྒྱལ་བློན་བཙུན་གསུམ་གཙོས། བོད་རིགས་ཞིང་འབྲོག་མི་དམངས་ཀུན་གྱི་། ཡུལ་སྲོལ་གོམ་གཤིས་སུ་གྱུར་ཡོད་པ་གསལ་ཏེ གྲི་གུམ་དང་སྤུ་ལྡེ་ཁྲི་སྲོང་བཅས་ཀྱི་སྐབས། མི་ཤི་བར་འདད་བཏང་བའམ། གཤིན་གྱི་དགེ་རྩ་སྒྲུབ་སྐབས། སེམས་ཅན་བསད་དང་། དུར་དུ་སྦས་ཚུལ་གསལ་བ་དང་། དེ་བཞིན་སྲོང་བཙན་དང་། ཁྲི་སྲོང་ཡབ་སྲས་ཀྱི་སྐབས་སུ་ཡང་། འདུན་མ་བསྡུས་ཏེ། གནའ་བོར་སྐབས། ཤ་ཁྲག་གི་ལྷ་ཀླུ་དང་ཡུལ་སར་མཆོད་པ་ཕུལ་བར་བཤད་པས་ཕྱིར་རོ། མདོར་ན་རྒྱུ་བོན་རིགས་བཞི་དེ། ཁྲི་སྲོང་སྐབས་ཀྱང་མ་བསྣུབས་པར་གནས་པ་མ་ཟད། དུས་དེ་ནས་བཟུང་རིམ་བཞིན་བོད་རྒྱུད་ཐུབ་བསྟན་ཆོས་ལུགས་ཀྱི་ཆོ་ག་ཁག་གི་ནང་། རྒྱུ་བོན་རིགས་བཞི་མང་ཕལ་ཆེར་མིང་བཅོས་བསྒྱུར་བྱས་ཏེ། བསྲེས་པ་མ་ཟད། འབྲས་བུ་བོན་མདོ་སྔགས་སེམས་གསུམ་འང་དེ་བཞིན་བན་ཕྱོགས་སུ་བསྒྱུར་བ་མཐོང་ཆོས་སུ་གྲུབ་ཡོད། མདོར་ན་གཤེན་རབ་མི་བོ་ནས་ད་བར་དུ། གྲུབ་བརྙེས་ཀྱི་བསྟན་འཛིན་སྐྱེས་བུ་རིམ་བྱོན་གྱིས། ཉམས་སུ་བླངས་བྱ། གཡུངདྲུང་བོན་འདི་ལ། བོན་དཀར་དང་བོན་ནག་ཅེས་པའི་དབྱེ་བ་ཞིག་རྩ་བ་ནས་མེད་པ་མ་ཟད། གཤེན་གྱི་རྗེས་འཇུག་ཡིན་ཕྱིན། ཐབས་སྙིང་རྗེ་ཆེན་པོས། ཀུན་ནས་སློངས་ཏེ། སེམས་ཅན་ཐམས་ཅད་ལ། འཚེ་མེད་བྱམས་པའི་སྐྱོང་དགོས་པར། གཤེན་རབ་ཉིད་ཀྱིས་བསྟན་ཡོད་པ་ལས། འཚེ་བ་ཅན་ཤ་ཁྲག་དམར་གྱི་མཆོད་པ་ནི། གཡུང་དྲུང་བོན་ཐེག་པ་རིམ་དགུ སྒོ་བཞི་མཛོད་ལྔ་སོགས། བོན་སྒོ་ཀུན་ལས་བཀགས་ཡོད་པ་མཐོང་ཆོས་སུ་གྲུབ་ཡོད་པ་འདི་རེད། བོན་སྒོ་དེ་དག་ནི། གཞི་སྐྱབས་འགྲོ་སེམས་བསྐྱེད་ལ་བླངས། ལམ་སྡོམ་པ་གསུམ་གྱི་སྒོ་ནས་འཇུག ཐག་ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་ལྡན་གྱིས་བཅད་པ་ཡིན་ཏེ། མདོ་གཟིར་མིག་ལས་བདག་ཅག་གི་སྟོན་པས་ཞལ་ནས། ༼་་ལྟ་བ་ནི་ཡས་ཕུག་ཅིག་ སྤྱོད་པ་ནི་མས་འཛེགས་ཤིག གཞི་སྙིང་རྗེ་ཆེན་པོ་ལོངས་ཤིག ཐབས་ཕ་རོལ་ཕྱིན་པ་དྲུག་ལ་སྤྱོད་ཅིག ༽ཅེས་དང་། ཁམས་ཆེན་ལས། ༼ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་དང་བཅས་ཏེ། ཨེ་མ་ཧོ། ༽ཞེས་གསུངས་པ་འདི། ཐེག་པ་རིམ་དགུ་ཚང་མའི་གཞི་འཛིན་སའི་ལྟ་སྤྱོད་འདི་དག་ཡིན་ལ། བོན་སྒོ་གང་ལ་འཇུག་ཀྱང་། ཐོག་མར་སྐྱབས་འགྲོ་དང་སེམས་བསྐྱེད་སྔོན་ལ་འགྲོ་དགོས་ལ། སྐྱབས་སུ་སོང་ཕྱིན་ཆད། སྐྱབས་འགྲོའི་བསླབ་བྱ་སྲུང་དགོས། སྐྱབས་འགྲོའི་བསླབ་བྱའི་ནང་ནས། ༼བོན་ལ་སྐྱབས་སུ་སོང་ནས། སེམས་ཅན་ལ་གནོད་འཚེ་སྤོངས།༽ཞེས་བདག་ཅག་གི་སྟོན་པས་གསུང་ཡོད་ལ། དེ་བཞིན་བོན་ཐེག་པ་རིམ་དགུ་གང་ལ་སྤྱོད་ཀྱང་། སེམས་ཅན་ཐམས་ཅད་ལ། སྙིང་རྗེ་ཕྱོགས་མེད་ཀྱི་སྐྱོངས་ཤིང་། གཞན་ལ་གནོད་འཚེ་སྤོངས་དགོས་པར་བསྟན་ཡོད། དེ་ཡང་མདོ་གཟེར་མིག་ལས་བདག་ཅག་གི་སྟོན་པ་གཤེན་རབ་མི་བོའི་ཞལ་ནས། ༼བསྟན་པའི་ལས་ནི་སྙིང་རྗེ་ཡིན། སྙིང་རྗེའི་དོན་གྱི་སེམས་ཅན་དྲངས།༽ཞེས་དང་། ཡང་མདོ་གཟི་བརྗིད་ལས། ༼ཁམས་གསུམ་སེམས་ཅན་མཉམ་པའི་ཆ་ལ་མི་འཇོག་པར། གཅིག་བསད་གཅིག་གསོ་བྱ་བའི་བོན་ནི། བདག་གི་མི་ཤེས་སོ། དེ་ནི་ལོག་པར་གོལ་བས་བྱ་རུ་མི་རུང་ངོ་།༽ཞེས་དང་། གབ་པ་ལས། ༼ལ་ལ་བསད་ནས་ལ་ལ་གསོ་བ་ནི། ཁྲ་དང་སྤྱང་ཀིའི་ལས་དང་མཚུངས་པའོ།༽ཞེས་གསུངས་པ་སོགས་ལས་ཤེས་སོ། ཕྱི་འདུལ་བ་མདོ་ཡི་ནི། ལྷ་ལ་ཤ་ཁྲག་མཆོད་པ་གཙང་བཀགས་དང་། མིའི་ཤ་ཆང་བཟའ་བཏུང་སྤངས་བར་བྱེད་པ་མ་ཟད། སྔགས་ལས་ཀྱང་སེམས་ཅན་ལ་གནོད་འཚེ་བྱས་པས། ཤ་ཁྲག་ནི་དུས་ནམ་ཡང་བཀག་པ་ཡིན་ཏེ། གསང་སྔགས་ལས། ཤ་ཁྲག་དམ་རྫས་ཀྱི་མཆོད་པ་བྱུང་བ་དེ་ཡང་། ཤ་ཁྲག་གི་མཆོད་པ་ཚུལ་བཞིན་དུ་འབྱོར་དགོས་པ་ལས། གང་བྱུང་བྱུང་གི་ཤ་ཁྲག་གི་མཆོད་པ་འབུལ་བར་མ་གསུངས་ཏེ། སྤྱི་སྤུངས་ལས། ༼ཤ་ཁྲག་མཆོད་པ་ཚུལ་བཞིན་མ་འབྱོར་བ། དབལ་མོའི་མ་ཚོགས་ཐུགས་དང་ཅི་འགལ་བ། ༽ཞེས་གསུང་ལ། ཤ་ཁྲག་གི་མཆོད་པ་ཚུལ་བཞིན་འབྱོར་དགོས་པ་དེ། ཅི་ལྟར་ཡིན་ན། དུག་ལྔ་རྩད་ནས་གཅོད་པའི་ཕྱིར་དུ། ཤ་རྣམ་པ་ལྔས་མཆོད་པ་ཡིན་ཏེ། སྔགས་གཞུང་ལས། ༼བུད་མེད་ཁྱི་རྟ་བ་གླང་མ་ཧེ་སོགས། བམ་ཆེན་ཤ་ལྔ་འབུལ་གྱིས་བཞེས་སུ་གསོལ༽ཞེས་གསུང་པ་ལྟར། བུད་མེད་དང་། ཁྱི། རྟ། བ་གླང་། མ་ཧེ་ལྔའི། ཤ་ཁྲག་རུས་གསུམ་འབྱོར་དགོས་ཤིང་། དེ་ལྟར་གྱི་ཤ་ཁྲག་རུས་གསུམ་གྱི་མཆོད་པ་དེ་ཡང་། དོན་དུ། དུག་གསུམ་རྩད་ནས་གཅོད་པའི་ཕྱིར་དུ་འབུལ་དགོས་ཏེ། བདག་ཅག་གི་སྟོན་པས། ༼ཤ་ཁྲག་མཆོད་པ་སྤྱོད་ལ་འགལ། གཏི་མུག་རྩད་གཅོད་དོན་ལ་འབྲེལ། རུས་པའི་ཁྲལ་ཁྲོལ་སྤྱོད་ལ་འགལ། ཞེ་སྡང་དབྱིངས་སྒྲོལ་དོན་ལ་འབྲེལ། རཀྟའི་མཆོད་པ་སྤྱོད་ལ་འགལ། འདོད་ཆགས་རྩད་གཅོད་དོན་ལ་འབྲེལ།༽ ཞེས་གསུངས། དེ་ལྟར་ཤ་ལྔ་པོ་དེ་ཡང་། སེམས་ཅན་དེ་ཚོའི་སྲོག་ལ་འཚེ་བ་བྱས་ཏེ། བསད་པས་ཤ་འབུལ་བར་མི་རུང་ཏེ། བདག་ཅག་གི་སྟོན་པས། ༼རང་རེའི་སྲོག་མ་བཅད་པའི་ཤ་སྣ་མང་པོ། ཁྲག་སྣ་མང་པོ།༽ཞེས་དང་། ཡང་།༼ཆབ་དཀར་སྔགས་ལ་བསྙེན་སྒྲུབ་ཟབ་མོའི་གཞི། སྤྱོད་པའི་སྤྱོད་ཐབས་སེམས་ཅན་སྙིང་རྗེའི་བཟུང་།༽ ཞེས་དང་། ༼ཆབ་ནག་རྒྱུ་ཡི་བོན་ལ་སྤྱོད་པ་ཡང་། སྤྱོད་པའི་སྤྱོད་ཐབས་སེམས་ཅན་སྲོག་མི་བཅད།༽ཅེསདང་། སྔགས་ཀྱི་བསྐང་བཤགས་ལས། ༼ཞེ་སྡང་དབང་གི་གཞན་གྱི་སྲོག་ཀྱང་གཅོད། དེ་ཡང་མི་འཆབ་མི་སྦས་མཐོལ་ལོ་བཤགས། ༽ཞེས་དང་། ཡང་དེ་ལས། ༼ཁམས་གསུམ་སེམས་ཅན་སྤྱི་ལ་འཚེ་བ་གཏོང་། དེ་ཡང་མི་འཆབ་མི་སྦས་མཐོལ་ལོ་བཤགས། ༽ཅེས་སྤངས་བྱར་བསྟན་པས་ན། སེམས་ཅན་ལྔ་པོ་དེ་དག་ཚེ་ཟད་ནས་རང་བཞིན་གྱི་འཕོས་པའམ། ནད་གཙང་མའི་ཤི་བ་སོགས་ཀྱི། ཤ་ཁྲག་ལ་བྱ་དགོས་པ་ཡིན་ནོ། འདི་ལྟ་བུས་ཤ་ཁྲག་གི་མཆོད་པ་འབུལ་བ་ལ། བོན་པོའི་དམར་མཆོད་འབུལ་བར་བཤད་ན་ནི། ཤག་ཐུབ་རྗེས་འཇུག་གི་སྤྱོད་བཞིན་པའི།། སྔགས་ཀྱི་གཞུང་། འཇིག་བྱེད། རྟ་མགྲིན། ཞི་ཁྲོ། མ་གཤིན་སེང་གསུམ་སོགས་གཞུང་མང་པོ་ལས་ཀྱང་། ཤ་ཁྲག་རུས་གསུམ་གྱི་མཆོད་པ་བསྟན་པས། ཐུབ་ཆོས་སྤྱོད་མཁན་ཚང་མ། དམར་མཆོད་འབུལ་མཁན་དུ་ཁས་ལེན་གྲུབ་བམ་སྙམ་མོ། ཞོར་དུ་ཞུ་རྒྱུ་ཞིག་ལ། རྡོལ་བོན་དང་། འཁྱལ་བོན། བསྒྱུར་བོན། ཞེས་པའི་ཁུངས་ནི། དབྲ་སྟོན་པས། ༼་དེ་ཡང་རྡོལ་འཁྱལ་བསྒྱུར་གསུམ་གྱི་གཏམ་འདི། འབྲི་གུང་པ་རིན་ཆེན་ཕུན་ཚོགས་ཡན་ཆད་མེད་ལ། དགོནས་གཅིག་གི་བསྟན་བཅོས་བྱས་ཚུན་བྱུང་བ་སྟེ། འཇིག་རྟེན་མགོན་པོ་ནི། སྐྱེས་བུ་ཚད་མར་གྲགས་ཀྱང་། དེའི་རྡོ་རྗེའི་གསུང་བརྒྱ་དང་ལྔ་བཅུའི་གྲས་སུ་མེད་ལ། དེའི་ལྷན་ཐབས་བསྣན་པ་ལས། མུ་སྟེགས་དང་བོན་ལ་བདེན་པ་མཐོང་བ་མེད་པ་དང་། དེའི་ཌྰི་ཀྰ་ལས་རྡོལ་འཁྱལ་བསྒྱུར་གསུམ་གྱི་སྒྲོས་སྣང་བ། ཕྱིས་ཀྱི་གང་ཟག་གིས་སྦྱར་བ་ཡིན་པས། ཡིད་རྟོན་པའི་འོས་མིན་ཞིང་། དེ་ལས་གཞན་བཀའ་ཐང་དང་། ཆོས་མིག་རྡུལ་བྲལ་ཐོབ་པའི་གསུང་གང་ན་ཡང་མ་མཐོང་ངོ་། ལར་སྐྱེས་བུ་དམ་པའི་གསུང་འགའ་ཞིག་ནའང་། རྙིང་མའི་གཞོན་ནུ་བུམ་སྐུ་དང་། ཇོ་ནང་པའི་བདེར་གཤེགས་སྙིང་པོ་རྟག་ལྟ་དང་། རྗེ་རིན་པོ་ཆེ་ཙོང་ཁའི་ལྟ་བ་ཆད་ལྟར་འཕུལ་བ་སོགས། ར་ཆོད་ཀྱི་གསུང་ཡོད་སྲིད་པར་སྣང་བས། དགོངས་གཞི་དང་དགོས་པ་གང་ཡིན་མ་ཤེས་ན། བླུན་པོ་ཕལ་ཆེར་མགོ་བོ་གདུགས་བཞིན་འཁོར་བར་སྣང་བས། ཆོས་ཀྱི་མཐིལ་མ་རྙེད་པ་རྣམས་ཀྱིས། སྨྲ་བ་ཉུང་བར་བྱས་ན། ཁྲེལ་ཆུང་ཞིང་བརྫུ་བཟང་བར་ཤེས་སོ། ༽ཞེས་གསུང་འབུམ་ཕྱོགས་བསྒྲིགས་དེབ་དང་པོ་ལས་གསལ་ལོ། དེ་མིན་རྡོལ་འཁྱལ་བསྒྱུར་གསུམ་ཞེས་པ་བོན་བན་གཉིས་ཀ་ལ་སྦྱར་ཚུལ་ཞིག་ནི། དང་པོ་བན་ལ་སྦྱར་ཚུལ་ནི། རྡོལ་ཆོས་ཞེས་པ། ཤྰཀྱ་ཐུབ་པ་མ་བྱོན་གོང་ནས། རྒྱ་གར་དུ་གནའ་ནས་དར་ཡོད་པའི་དམ་པའི་ཆོས་དང་། འཁྱལ་ཆོས་ཞེས་པ་ཤག་ཐུབ་འདས་ནས་ལོ་ལྔ་བརྒྱར་ཐེག་དམན་སྒྲ་བཅོམ་པའི་བསྟན་པ་དར་ནའང་། དེའི་རྗེས་སུ། ཤྰཀྱ་ཐུབ་པའི་ཐེག་དམན་སྒྲ་བཅོམ་པའི་ཆོས་ལུགས་ལ། ཀླུ་ཐོག་གཉིས་ཀྱི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་ཡུམ་གྱི་མདོ་ཞེས་པ་སོགས། ཐེག་ཆེན་ཞེས་པའི་ལྟ་བ་འཁྱལ་བ་ལས། དམ་ཆོས་ཐེག་དམན་ལ་ཐེག་ཆེན་གྱི་ལྷད་ཞུགས་པ་དེར་འཁྱལ་ཆོས་དང་། བསྒྱར་ཆོས་ཞེས་པ་དེར་ཐོག་མར་བསྒྱུར་བ་དང་བར་དུ་བསྒྱུར་བ། ཐ་མར་བསྒྱུར་བའོ། དང་པོ་སྟོན་པ་གཤེན་རབ་ཀྱི་མཛད་སྤྱོད་ཅི་ལྟ་བ་བཞིན་དུ། གཤེན་རབ་ཀྱི་སློབ་བུ་དམ་པ་ཏོག་དཀར་རམ། ཤྰཀྱ་ཐུབ་པའི་དཔེ་བལྟས་ནས་མཛད་པ་མ་ཟད། ལྟ་བ་བཀའ་རྟགས་ཀྱི་ཕྱག་བརྒྱ་བཞི་སོགས་བོན་རྣམས་ཀྱང་། གཤེན་རབ་ཀྱི་བཀའ་མངག་ལྟར། ཤྰཀྱ་ཐུབ་པའས་ཆོས་སུ་མིང་བཏགས་ནས་བསྒྱུར་བ་དེར། བོན་ལས་བཅོས་པའི་ཆོས་ཞེས། ཐོག་མར་བསྒྱུར་བའི་ན། དང་པོར་བསྒྱུར་བས་བསྒྱུར་ཆོས་ཟེར། གཉིས་པ་ཀླུ་སྒྲུབ་དང་ཐོག་མེད་ཀྱིས་གཡུང་དྲུང་བོན་གྱི་ཐེག་ཆེན་ལ་དཔེ་བླངས་ནས། རང་བཟོས་ཐེག་ཆེན་གྱི་ཆོས་ཤིག་གསར་དུ་བཟོས་པ་དེར། བར་དུ་བསྒྱུར་བ་ཟེར། གསུམ་པ་ནི། ཁྲི་སྲོང་ལྡེ་བཙན་གྱི་དྲག་པོའི་དམག་གི་སྟོབས་ཤུགས་ལ་རྟེན་ནས། བོན་གཤེན་གྱི་ལག་ནས་གཡུང་དྲུང་བོན་གྱི་དཔེ་ཆ་ཀུན་འཕྲོགས་ཏེ། བེེ་རོ་ཙ་ན་སོགས་ལ། བོན་རྣམས་ཆོས་སུ་མིང་བསྒྱུར་དགོས་པའི་བཀའ་གནང་བཞིན། བོན་དཔེ་མང་པོ་ཆོས་སུ་བསྒྱུར་བ་དང་། བོན་གྱི་དཔེ་རྙིང་མ་དཔེ་དེ་ཚོ། ཆུ་ལ་བཏབས། ས་ལ་མནན། མེ་ལ་བསྲེགས་པ་སོགས་ཀྱི་ལས་འགུལ་འགོ་གཙུགས་ནས། དུས་རབས་གསར་པའི་ རིག་གནས་གསར་བརྗེའི་བར། བན་དེའི་མཁས་དབང་མང་པོས། བོན་དཔེ་ཆོས་སུ་བསྒྱུར་བ་རྣམས་སོ། བོན་གྱི་རྡོལ་འཁྱལ་བསྒྱུར་གསུམ་ནི། རྡོལ་བོན་ནི། དང་པོ་ནས་བོད་ལ་དར་བའི་ཆོས་ལུགས་ཏེ། གདོད་མའི་བོན་ནམ། སྲིད་པའི་བོན་ལ་ཟེར་བ་དང་། འཁྱལ་བོན་ནི། སྲིད་པའི་བོན་དེར་མཐའ་བཞིའི་རྒྱལ་ཁམས་ནས། འཁྱལ་འོང་བའི་རྨོང་དད་མོ་འདེབས་པ་ལྷ་ཕབས་པ་སོགས་འདྲེས་པ་དེར། འཁྱལ་བོན་ཟེར། བསྒྱུར་བོན་ནི། འཛམ་གླིང་མཁས་པའི་རྒྱན་དྲུག་གིས་ཞང་ཞུང་གི་ཡུལ་ནས་སོ་སོའི་ཡུལ་དུ་གཡུང་དྲུང་གི་བོན་བསྒྱུར་བ་དང་། མཁས་པ་མི་བཞིས་ཞང་ཞུང་ནས་བོད་དུ་གཉའ་ཁྲི་དང་མུ་ཁྲིའི་སྐབས། གཡུང་དྲུང་གི་བོན་བསྒྱུར་བ་རྣམས་ལ་བསྒྱུར་བོན་ཞེས་བོས་ཀྱང་འགྲིགས་པར་དྲན། ད་རུང་ནན་ཞུ་ཞིག་ལ། དེངས་སོང་ཆོས་ཞེན་ཅན་རྙིང་མའི་ཚུལ་བློ་སོགས། བན་དེ་ཁ་ཅིག་གིས། བོན་ནི་ནང་པ་མ་ཡིན་ཞིང་། ནང་པ་མིན་པའི་རྒྱུ་མཚན་ནི། ཤྰཀྱ་ཐུབ་པར་སྐྱབས་སུ་མི་འགྲོ་བ་དང་། དེའི་རྗེས་སུ་མི་ཞུགས་པས་སོ་ཟེར། དེར་བཤད་རྒྱུར། སྟོན་པ་གཤེན་རབ་ཀྱིས་བསྟན་པའི། གཡུང་དྲུང་བོན་ལུགས་ཀྱི་ཕྱི་པ་ནང་པའི་ཁྱད་པར། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་མིན་དང་། ལྟ་བ་བཀའ་རྟགས་ཀྱི་ཕྱག་བརྒྱ་བཞི་ཁས་ལེན་མིན། ཉམས་ལེན་གྱི་གཙོ་བོ་ནང་སེམས་ཀྱི་ཐོག་ནས་བྱེད་སོགས་ཀྱི་ཕྱེ་བ་ཡིན་ལ། དེའང་སྤྱིར་ནང་པ་ཞེས་པ་ནི། མུ་སྟེགས་པ་འགའ་ཞིག་ལྟར། ཕྱི་ལུས་ཀྱི་དཀའ་སྤྱད་གཙོ་བོར་བྱེད་པ་མ་ཡིན་པར། མདོ་སྔགས་སེམས་གསུམ་གང་གི་སྒོ་རུ་ཞུགས་ཀྱང་། དང་པོ་སྐྱབས་འགྲོ་དང་སེམས་བསྐྱེད་སྔོན་དུ་འགྲོ་དགོས་པ་གཞིར་བཅས། ནང་གི་སེམས་ཀྱི་ཉམས་ལེན་གཙོ་བོར་བྱེད་པ་དང་། ཕྱི་ལུས་ཀྱི་དཀའ་སྤྱད་ཕལ་པར་བྱེད་པ། ལྟ་བ་བཀའ་རྟགས་ཀྱི་ཕྱག་བརྒྱ་བཞི་ཁས་ལེན་མཁན་ཞིག་ལ་ནང་པ་ཟེར་བ་དང་། དེ་ལས་ལྡོག་པར་ཕྱི་པ་མུ་སྟེགས་པར་ཟེར་བ་ཡིན། དེ་ལས་དཀོན་མཆོག་གསུམ་ནི། སངས་རྒྱས་བོན་དང་སེམས་དཔའ་གསུམ་ལ་གོ་ཞིང་། སངས་རྒྱས་ནི། གཤེན་རབ་མི་བོ་གཅིག་པོར་གོ་བ་མ་ཡིན་པར། དུས་གསུམ་གྱི་སངས་རྒྱས་དང་། ཕྱོགས་བཅུའི་སངས་རྒྱས། སངས་རྒྱས་སྟོང་རྩ་གཉིས། སྐུ་གསུམ་སངས་རྒྱས། སོགས། མདོར་ན་ཉོན་མོངས་སངས། ཡེ་ཤེས་རྒྱས་པས། སངས་རྒྱས་ཡོངས་སུ་རྫོགས་པ་ལ་སྐྱབས་སུ་འགྲོ་བ་ཡིན། དེའི་ནང་དུ་སངས་རྒྱས་སྟོན་པ་གཤེན་རབ་དང་སངས་རྒྱས་ཤྰ་ཀྱ་ཐུབ་པའང་འདུས་ཡོད་པ་ཡིན། བོན་ནི། སྤྱད་ཅིང་ཉམས་སུ་བླངས་པ་ལ་རྟེན་ནས། ལུས་ཅན་གྱི་སྒྲིབ་པ་བྱང་བའི་ཐབས་སུ་གྱུར་པ་ཞིག་ལ་ཟེར་བ་ཡིན། དེའི་ནང་གཡུང་དྲུང་བོན་དང་དམ་པའི་ཆོས་ཡང་དག་པའང་འདུས་ཡོད་པ་ཡིན། སེམས་དཔའ་ནི། བོན་དེ་ཉམས་སུ་ལེན་པ་པོར་ཟེར་བ་ཡིན་ཞིང་། དེར་ཐེག་པ་གསུམ་གྱི་གཡུང་དྲུང་སེམས་དཔའ་དང་། དགེ་འདུན་བྱང་ཆུབ་སེམས་དཔའ་པའང་འདུས་པ་ཡོད་པ་ཡིན། དེའི་ན་བོན་བན་སྐྱབས་འགྲོའི་ཚིག་ཙམ་མི་འདྲ་བ་ལས། དོན་དུ་བོན་པོ་ཚོས་བོན་བན་གཉིས་ཆར་གྱི་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་འཞིན་ཡོད་པ་ཤེས་དགོས། བོན་པོ་ཡོངས་ཀྱིས་བན་དེ་ཕྱི་པར་བརྩི་སྲོལ་མེད་ཅིང་། དེའང་ཤྰཀྱ་ཐུབ་པ་གཤེན་རབ་ཀྱི་སློབ་མ་ཞིག་གི་སྤྲུལ་པར་འདོད་པ་དང་། དེ་མིན་ནང་སེམས་ཀྱི་ཉམས་ལེན་དང་། སྤྱོད་པ་འཚེ་མེད། ལྟ་བ་བཀའ་བཏགས་ཀྱི་ཕྱག་རྒྱ་བཞི་སོགས། གཡུང་དྲུང་བོན་དང་ཕྱོགས་ཙམ་འདྲ་བའི་ཕྱིར་ན། བོན་པོ་ཀུན་གྱིས། བོན་པོའི་ཆོས་དང་བན་དེའི་ཆོས་དབྱེ་བ་མེད་པར་དད་མོས་བྱེད་པ་ལས། སྐྱོན་དུ་ལྟ་བའི་སྲོལ་མེད་ལ། སོ་སོའི་གྲུབ་མཐའ་སོ་སོས་དད་མོས་བྱ་དགོས་པར་བཞེད་པ་རེད། ཡིན་ན་ཡང་བན་དེ་ནང་བཞིན་རང་གི་གྲུབ་མཐའ་དང་། ཆོས་ལུགས་ཀྱི་སྒོ་རུ་ཞུགས་པས་དད་ལྡན་པར། གཞན་གྱི་གྲུབ་མཐའ་དང་ཆོས་ལུགས་དེ། ནང་པ་མ་རེད། དེར་དབང་ཞུས་ན་ངན་སོང་དུ་ལྟུང་ངེས་རེད། ཟེར་བ་སོགས་ནི། དུས་ནམ་ཡང་གསུངས་སྲོལ་མེད་ལ། གཞན་གྱི་ཆོས་ལུགས་དང་། གྲུབ་མཐའ་ཚང་མར། དམའ་འབེབས་དང་། ངན་སྨྲས་སྒྲོ་མདོགས་སོགས་བྱེད་མི་རུང་ཞེས་སྟོན་པ་གཤེན་རབ་ཀྱིས་གསུངས་སྲོལ་ཡོད་ན་ཡང་། སོ་སོའི་གྲུབ་མཐའ་སོ་སོས་སྐྱོང་དགོས་པ་ལས། ཆོས་ལུགས་ཕན་ཚུན་མཉམ་བསྲེས་བྱེད་མི་ཉན་ལ། ཕར་རོལ་གཞན་གྱི་ཆོས་ལུགས་གང་ཡིན་པ་དེ་དག་གི་ཆོས་སྒོར་ཞུགས་པས་དད་ལྡན་མང་ཚོགས་ལ། ཐབས་ཤེས་འདྲ་མིན་སྣ་ཚོགས་ཀྱི་གཡོ་ཇུས་དང་། སློབ་གསོ་གཏོང་ནས་དད་མོས་བསྒྱུར་ཏེ། དད་ལྡན་མང་ཚོགས་འཕྲོགས་རེས་དང་ཟ་རེས་ཀྱང་བྱེད་མི་རུང་ཞེས་ཀྱང་གསུངས་ཡོད་པ་ཡིན། བོན་པོའི་ཆོས་ལུགས་ཀྱི་ལྟ་བ་འདི་དག་ནི། སྟོན་པ་གཤེན་རབ་ཀྱིས་གསུངས་པ་ལྟར། གཡུང་དྲུང་སེམས་དཔའ་གཤེན་རབས་རིམ་བྱོན་གྱིས་ལག་ལེན་བསྟར་བ་དང་། རྗེས་སུ་བོན་གཤེན་རིམ་བྱོན་གྱིས་ཉམས་སུ་བླངས་ཏེ། ད་ལྟའི་བར་དུ་རྒྱུད་འོང་བ་ཡིན་པ་ལས། སྔར་མེད་གསར་བཟོ་ཞིག་རྩ་བ་ཉིད་ནས་མ་རེད་ཞུའོ། བན་དེ་ཚོས་ཁྲི་སྲོང་དུས་ནས་འགོ་གཙུགས་ཏེ། སྡེ་པ་གཞུང་རྩ་མེད་མ་སོང་བར། བོན་པོ་མུ་སྟེགས་པ་དང་གཅིག་པ་རེད། བོན་ལ་དབང་ལུང་ཞུ་མི་རུང་། བོན་པོ་ལ་ཁ་ལག་འདྲེ་མི་རུང་། བོན་ནག་ལ་ཁ་ལག་འདྲེས་ན་ངན་སོང་དུ་ལྟུང་འགྲོ་བ་རེད། བོན་ནག་གི་དམར་མཆོད་འབུལ་གྱི་ཡོད་རེད། བོན་པོ་ལ་ཐར་པ་ཐོབ་རྒྱུ་མེད་ཟེར་བ་སོགས། བན་དེ་ཚོས་དཀྲུགས་གཏམ་མི་རབས་ནས་མི་རབས་རྒྱུད་དེ། གང་ས་གང་དུ་བཤད་བཤད་གཉིས་ཀྱིས། བན་དེའི་སྐྱ་སེར་མང་པོ་ཞིག་དུས་དེངས་སང་ཡང་། བོན་པོར་རྣམ་རྟོག་བརྩི་ནས། ཁ་ལག་མི་བསྲེ་བ་དང་། བོན་པོའི་ཚོགས་དང་བྱིན་རླབས་ལ། དུག་བཞིན་དུ་འཛེམས་པ་དང་། ལྐོག་ཏུ་བོན་ནག་ཁ་ཆེའི་ཆོས་ལུགས་ཞེས་བོད་མི་འགས་ཐན་དུ་བལྟ་བ་སོགས། མདོར་ན་བོད་དུ། བན་ཆོས་བྱུང་བ་ནས། གུང་ཕྲན་ཏང་གི་ཆོས་དད་རང་མོས་སྲིད་ཇུས་མ་བྱུང་བར་དུ། བན་དེ་མཁས་བླུན་མང་ཕལ་ཆེར་གྱི་བོན་དཔེ་རྩ་བ་ནས་མི་བལྟ་བར། རྣམ་རྟོག་ཏུ་བརྩི་ནས། བོན་པོ་དང་བོན་དཔེ་འདྲེ་རུ་བལྟ་བ་མ་ཟད། བོན་པོར་བཀའ་འགྱུར་རྟེན་འགྱུར་ཡོད་མེད་མི་བལྟ་བར། བོན་པོར་བཀའ་འགྱུར་རྟེན་འགྱུར་ཟེར་བ་རྩ་བ་ནས་མེད་པར་བཤད་བཞིན། དུས་རབས་མང་པོ་སོང་བ་རེད། དུས་འགྱུར་རླུང་གིས་ཕྱིར་དེད་པའི། སྐྱབས་རྗེ་སྨན་རིའི་མཁན་དཔོན་སློབ་གཉིས་ཀྱིས། དཀའ་བ་སྲོག་དང་བསྡོས་ཏེ། བོན་བསྟན་ཕྱི་གླིང་དང་རྒྱ་གར་བལ་ཡུལ་བཅས་སུ་སྤེལ་བའི་བཀའ་དྲིན་ལས། ཕྱི་རྒྱལ་ཡུལ་གྲུ་ཁག་ནས་བོན་དཔེ་འགའ་ཞིག། རིས་མེད་མཁས་དབང་མང་པོས་མཇལ་ཏེ། གཡུང་དྲུང་བོན་ནི། ཤྰ་ཀྱ་ཐུབ་པའི་ཆོས་ལུགས་དང་འདྲ་བ་ཞིག་ལས། མུ་སྟེགས་པ་དང་མི་འདྲ་བར་འདུག་ཅེས་པས་གསར་འགྱུར། འཛམ་གླིང་ཡོངས་སུ་ཁྱབ་རྗེས། ཡང་ཏ་ལའི་སྐུ་ཕྲིང་བཅུ་བཞི་པ་ཁོང་། བོན་པོར་འདི་ལྟར་རྒྱ་ཆེ་ལ་གཏིང་ཟབ་པའི་རིག་གཞུང་ཡོད་པ་ཐོས་རྗེས། ཕྲག་དོག་ལང་སྟེ། བོན་པོར་བཀའ་འགྱུར་རྟེན་འགྱུར་ཡོད་མ་རེད། ད་ལྟའི་ཡོད་པ་འདི་བན་དེའི་ཅན་དཔེ་བཤུས་ནས། གསར་དུ་བཟོས་པ་ཞིག་རེད་ཅེས་དང་། དུས་རབས་བརྒྱད་པའི་ཡར་སྔོན་དུ། བོན་པོར་གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་ཡོད་པའི། གྲུབ་མཐའ་ཚུགས་ཐུབ་གཅིག་ཡོད་མ་རེད། ད་ལྟའི་བོན་འདི་དུས་རབ་བརྒྱད་པའི་རྗེས་སུ་གསར་དུ་བཟོས་པ་རེད་ཟེར་བ་སོགས། བོན་འབངས་སེར་སྐྱ་མང་པོའི་སེམས་ལ་རྨ་ཁ་ཆེན་པོ་ཞིག་བཟོས་པ་རེད། དེ་ནས་རིམ་བཞིན་དགེ་ལུགས་པའི་གྲྭ་ལོག་འགའ་དེའི་རྗེས་སུ་འབྲེངས་ནས། བོན་ལ་དམའ་འབེབས་ཡང་ནས་ཡང་དུ་བྱས་པ་ཐོས་རྒྱུ་འདུག་ དེར་གོང་ས་རིན་པོ་ཆེར་ཞུ་རྒྱུར། ཁྱེད་ཀྱིས་བོན་པོར་བཀའ་འགྱུར་ཡོད་མ་རེད། ད་ལྟའི་ཡོད་པ་འདི་བན་དེའི་ཅན་ལས་དཔེ་བཤུས་པ་རེད་གསུངས་པ་དེ་ནི། ཁྱེད་ཀྱིས་མ་བརྟགས་མ་དཔྱད་པའི་གསུངས་ཤིག་རང་རེད་འདུག་། བོན་པོའི་བཀའ་འགྱུར་ནང་། གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་དང་། ལྟ་སྒོམ་སྤྱོད་འབྲས་སོགས། ཕྱོགས་གང་ས་ནས། བན་དེའི་བཀའ་འགྱུར་དང་མི་འདྲ་བའི། དཔོད་ཤིན་ཏུ་མང་པོ་ཡོད་པ་རེད་ལ། ཆུང་ས་ནས་རྒྱ་གར་གྱི་སམ་ཏྲི་ཏ་དང་། བོད་ཡིག་ཏུ་གོ་དོན་ཅི་ཡིན་རྩ་བ་ནས་བཀྲོལ་མི་ཤེས་པའི། ཞང་ཞུང་གི་སྐད་མང་པོ་ཞིག་ཡོད་པ་རེད། དེའི་ཐོག་ནས་ཀྱང་བོན་པོའི་བཀའ་འགྱུར་ཁྲི་སྲོང་གོང་ནས་ཡོད་པ་སྒྲུབ་ཐུབ། གལ་སྲིད་ད་རུང་བན་དེའི་བཀའ་འགྱུར་ལས་བོན་པོས་རྐུ་བཤུས་བྱས་སོང་པ་རེད་ཅེས་བཀའ་གནང་འདོད་ཡོད་ན། བོན་གྱི་བཀའ་འགྱུར་དཔོད་གྲངས་ཉིས་བརྒྱ་ཁ་ལྷག་ཙམ་དེའི། དཔོད་རེ་རེ་བཞིན་དང་། ལེའུ་རེ་རེ་བཞིན། མིང་ཚིག་རེ་རེ་བཞིན་འདྲ་བསྡུར་ཏེ། འདི་བཅོམ་ལྡན་འདས་ཀྱིས་གསུངས་པའི་བཀའ་འགྱུར་ནང་། མིང་འདི་ཟེར་བ་རེད། ད་བོན་གྱིས་མིང་འདི་བཏགས་ནས་བསྒྱུར་བཞག་ཅེས་ངོ་སྤྲོད་གསལ་ཐག་གཅོད་གནང་ན། བོན་པོ་ཚོས་ཁས་མ་ལེན་རང་ལེན་རེད་མ་གཏོགས། བོན་པོར་བཀའ་འགྱུར་ཡོད་མ་རེད་ཅེས། བཙན་བཀའ་བཏངས་ན་མི་འོས་སོ། དེ་གོང་ས་རིན་པོ་ཆེས། ཁྲི་སྲོང་གོང་དུ་བོན་པོར། གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་ཆ་ཚང་ཡོད་པའི། གཡུང་དྲུང་བོན་གྱི་གྲུབ་མཐའ་ཞིག་ཡོད་མ་རེད་ཅེས་གསུངས་པ། དེ་ཡང་མ་བརྟགས་མ་དཔྱད་པའི་བཙན་བཀའ་ཞིག་ལས་མ་འདས་ཏེ། བོན་བན་གཉིས་ཀྱི་ལོ་རྒྱུས་ཚད་ལྡན་མང་པོར། གཡུང་དྲུང་བོན་མདོ་སྔགས་སེམས་གསུམ་ཚང་མ། གཉའ་ཁྲིའི་སྐབས་ནས་བོད་དུ་དར་བར་བཤད་ལ། སྔ་དར་གྱི་བོན་ཉམས་སུ་བླངས་པས། རིག་འཛིན་གྲུབ་ཐོབ་མང་པོར་འཇའ་ལུས་སུ་དེངས་པའི་ལོ་རྒྱུས་བཤད་དུ་ཡོད་པ་དང་། གྲི་གུམ་སྐབས་བོན་ལ་བརྡུང་བརྡེགས་ཐེངས་དང་པོར་ཐེབས་པ་དང་། དེ་ནས་ཁྲི་སྲོང་གིས། ཐུབ་ཆོས་བོད་དུ་དྲོངས་ཏེ། བོད་དུ་རྒྱ་གར་དང་བོད་ཀྱི་རིག་གནས་གསར་བརྗེའི་འཐབ་རྩོད། ཐེངས་དང་པོ་ཁྲི་སྲོང་གིས་འགོ་གཙུགས་ཏེ། དེ་ནས་བོད་ཀྱི་དམག་སྲིད་དབང་འཛིན་མཁན། བན་དེ་ཚང་མའི་བོན་དགོན་མེ་ལ་བསྲེགས་པའམ། ཡང་ན་ཞྭ་བསྒྱུར་བ་དང་། བླ་གྲྭ་དམར་གསོད་བཏང་བའམ་ཡང་ན་བན་དེར་བསྒྱུར་བ་དང་། བོན་འབངས་བན་དེར་བསྒྱུར་བ་སོགས། བོན་གྱི་རིག་གཞུང་རྩ་མེད་བཟོ་བས་ལས་འགུལ། དུས་རབས་མང་པོར། མི་རབས་ནས་མི་རབས་རྒྱུད་དེ། ཏང་གིས་ཆོས་དད་རང་མོས་ཀྱི་སྲིད་ཇུས་བར་དུ། ཐེངས་མང་སྤེལ་བས། རྐྱེན་ལས་བོན་དཔེ་མང་ཆེ་བ་འབྱུང་བའི་ཀློང་དུ་ཐིམ་ཟིན་པའམ། ཁ་ཅིག་གཏེར་ལ་གཟིམས་ན་ཡང་། ཞང་ཞུང་མེ་རི་སྔགས་སེམས་གཉིས་དང་། འདུལ་བ་རྒྱུད་དྲུག་སོགས། མདོ་སྔགས་སེམས་གསུམ་གྱི་བོན་དཔེ་འགའ་ཞིག་ཁྲི་སྲོང་སྐབས་ཀྱང་མ་ནུབ་པར། དབེན་གནས་རི་ཁྲོད་དགོན་པ་མཚོ་གླིང་ནགས་ཚལ་སོགས་སུ། འཆད་ཉན་སྒོམ་སྒྲུབ་གནང་མཁན། སྟོན་པ་གཤེན་རབ་ནས། དུས་ད་ལྟའི་སྨན་རིའི་ཡོངས་འཛིན་རིན་པོ་ཆེ། བསྟན་འཛིན་རྣམ་དག་བར་དུ་རྒྱུན་མ་ཆད་པར་བྱུང་ཡོད་ཅིང་། དེ་ཡང་སྔ་དར་བོན་གཤེན་འཕོ་ཆེན་འཇའ་ལུས་ཉེར་དྲུག་དང་། ཞང་བོད་མཁས་པ་མི་བཞི། བར་གྱི་གདུང་རྒྱུད་བཅུ་གསུམ། མཁས་པ་ཉི་ཤུ་སོགས། ཟག་མེད་འཇའ་ལུས་སུ་དེངས་པའི་ལོ་རྒྱུས་ཡོད་ལ། སྔ་དར་བོན་གཤེན་དེ་ཚོའི་སྐྱེ་སའི་ཡུལ་ལུང་དང་། ཡབ་ཡུམ། བླ་མ། སྒྲུབ་གནས་སོགས། རེ་རེ་བཞིན་གྱི་ལོ་རྒྱུས་ཁ་གསལ་ད་ལྟའང་བཞུགས་ཡོད་ལ། སྐྱེ་སའི་ཡུལ་ལུང་དང་སྒྲུབ་གནས་སོགས། ཞང་བོད་མཐོ་སྒང་དུ། དེངས་སང་ས་ཆ་མང་ཕལ་ཆེར་ངོས་འཛིན་དུ་ཡོད་ལ། མང་ཤོས་ཀྱི་ས་མིང་ཡང་མ་འགྱུར་བར་དེངས་སང་འབོད་བཞིན་ཡོད། དེ་རྗེས་བསྟན་པ་ཕྱི་དར་སྐབས་ནས་ད་བར་དུ་ནི་ཞུ་མ་དགོས་པ་རེད། མེ་རི་སྔགས་སེམས་གཉིས་དེ། དུས་རབས་བདུན་པའི་སྐབས་ཀྱི་བླ་མ་གུ་རུབ་སྣང་བཞེད་ལོད་པོས་ཡིག་གེར་བཏབས་པར། ལོ་རྒྱུས་ལས་གསལ་བའི་ཕྱིར་ན། གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་ཆ་ཚང་བའི་གཞུང་ལུགས། རྫོགས་ཆེན་བཀའ་རྒྱུད་སྐོར་བཞི་དང་། མེ་རིའི་རྒྱུད་གཞུང་སོགས། དུས་རབས་བརྒྱད་པའི་གོང་ནས་ཡོད་པ་གསལ་བཤད་ཐུབ་པ་ཡིན། དེ་བཞིན་གཏེར་དཔེ་ཁག་ཀྱང་ཁ་ཅིག་གླང་དར་གྱིས་བསྟན་པ་བསྣུབས་ནས་ལོ་བཅུ་ཕྲག་གཉིས་མ་ཟིན་པའི་རྗེས་སུ། བསམ་ཡས་ནས་སྔ་ཕྱིར་རྙེད་པ་ཡིན་ལ། ཁ་ཅིག་བྲག་ཕུག་དང་ས་འོག་ནས་ཐོན་པ་ཡིན། དེ་དག་ལ་མིང་གཏེར་མ་བཏགས་པ་ཙམ་ལས། དོན་དུ་ཏུང་ཧོང་ཡིག་རྙིང་བཞིན་རྩ་བའི་ཆ་ནས། ཁུངས་ལྡན་གྱི་ལོ་རྒྱུས་ཡོད་པའི་དཔེ་ཆ་ཤ་རྟག་ཡིན་ཞིང་། གཏེར་དཔེ་དཔེ་རྙིང་འགའ་ཞིག་དུས་ཕྱིས་སུ་ཡང་མཇལ་རྒྱུ་ཡོད་པ་ཐོས། དེའི་རྗེས་སུ་ཡང་གསེར་རྟའི་མཁན་པོ་ཚུལ་བློ་སོགས་རྙིང་མའི་བླ་ཆེན་འགའ་ཤས་ཀྱི་ཡང་། དེ་བཞིན་བོན་པོ་ནང་པ་མ་རེད་ཟེར་བ་སོགས། བོན་བན་བར་དཀྲུགས་གཏམ་མང་པོ་བཤད་དེ། བོད་ནང་ཁུལ་དུ་འགལ་ཟླ་ཆེ་རུ་བཟོས་པ་རེད། དེངས་སང་ནི་བོན་བན་བར་དྲྭ་བ་དང་སྐད་འཕྲིན་རྒྱུད་ནས། འཁྲུག་རྩོད་ཆེ་རུ་ཆེ་རུ་འགྲོ་བཞིན་པ་དང་། བོད་ནང་ཁུལ་གྱི་བོད་མི་ཁག་ཆོས་ལུགས་ཀྱི་འགལ་ཟླ་མང་རུ་མང་རུ་འགྲོ་བཞིན་པའོ། དེའི་དགག་ལན་གོང་དུ་སྐྱབས་འགྲོའི་སྐབས་སུ་བཤད་པ་དེའི་འཐུས་པར་བྱས། ཡང་འོད་སྐལ་བཟང་རྡོ་རྗེ་ཟེར་བ་དང་། བླ་བྲང་སྐལ་བཟང་རྡོ་རྗེ་ཟེར་སོགས་ཀྱིས། དུས་རབས་བཅུ་པའི་གོང་དུ། གཡུང་དྲུང་བོན་ཟེར་བ་མེད་པ་དང་། བོན་གྱི་སྟོན་པ་གཤེན་རབ་ཟེར་བ་ཡང་དེའི་གོང་བྱོན་མྱོང་མེད་པ་དང་། སྲོང་བཙན་གོང་དུ་བོད་ལ་ཡི་གེ་མེད་པ་སོགས་བཤད་པ་དང་། གལ་སྲིད་དེ་དག་ཡོད་པར་འདོད་ན། ཡོད་པའི་དཔངས་རྟགས་ལ། ལོ་སྟོང་ཕྲག་ལྷག་ཙམ་སོང་བའི་དཔེ་རྙིང་སྟོན་ཤོག་ཟེར་བའི་ལན་དུ། དུས་རབས་མང་པོར་བོན་ལ་བརྡུངས་བདེགས་ཐེབས་ཆེས་པའི། དཔེ་རྙིང་མང་པོ་ཉར་ཚག་ཐུབ་མཁན་བྱུང་མི་སྲིད་པ་ཙམ་རེད། འོན་ཀྱང་ཉར་ཚག་ཐུབ་ནས་རྗེས་སུ་མཇལ་བའི་དུས་ཤིག་ཤར་བའང་སྲིད་ལ། ལོ་རྒྱུས་ཀྱི་མི་སྣ་ཡོངས་རྫོགས་ལ་དཔང་རྟགས་མེད་ན་རྫུན་མ་ཡིན་མི་སྲིད་ཅིང་། གལ་ཏེ་དེ་ལྟར་ཡིན་ན། བོད་རྒྱལ་གཉའ་ཁྲི་བཙན་པོའང་དངོས་སུ་བྱོན་པའི་དཔང་རྟགས་ཅི་ཡང་མེད་པའི་ན། དེ་ཡང་བྱོན་མ་མྱོང་ངམ། འཇུག་ཏུ་ཞུ་རྒྱུར། ཕྲན་ནི་སེར་མོ་བ་ཞིག་ཡིན་ཙང་། རང་གི་དད་སའི་ཆོས་ལུགས་ཏེ། གཡུང་དྲུང་བོན་ལ་སྨད་ཚིག་བཤད་མཁན་ལ། དུས་ནམ་ཡང་འཁོན་འཛིན་བྱེད་པ་ལས། ཆབ་སྲིད་ཤེས་མི་ཤེས་ལ། སེར་མོ་བ་ཆབ་སྲིད་དགོས་མཁོ་མེད་ཙང་། ཆབ་སྲིད་ཀྱི་སྐོར་ནས་གཞིགས་ཏེགབཤད་པ་རྩ་བ་ནས་མེད་ལ། དེ་བཞིན་ཆབ་སྲིད་སྐོར། བརྟགས་དཔྱད་ཞིབ་འཇུག་གང་ཡང་བྱེད་མ་མྱོང་བའི་ཆོས་ཞེན་ཅན་གྱི་ཆོས་ཞེན་སྐད་ཆ་དག་མ་ཞིག་ཡིན་ནོ། ཞུ་འོད་རྒྱས་པས་ཟླ་དགོན་རི་ཁྲོད་དུ། ༢༠༡༨༑༡༑༨
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.