གནམ་སྲས་གཟི་དམར།
སྤྱི་བསྒྲགས།
རུས་མིང་མཐའ་ཞུ་ཡེ་ཤེས་བསྟན་འཛིན། སེར་མིང་འོད་ཟེར་མཐར་རྒྱས་འབྲེལ་གཏུག་གློག་འཕྲིན་18708082885 ཡང་ན་༡༨༨༩༨༠༡༣༥༨༨འབྲེལ་གཏུག་གློག་མཐོང་QQ1656147408 རྒྱ་ཆེའི་དྲྭ་གྲོགས་ཚོས་སློབ་སྟོན་དང་རྒྱབ་སྐྱོར་རོག་རིམ་གང་མང་གནང་བའི་རེ་བ་ཆེའོ།། །།
ལི་ཐོ།
ཆེད་སྒྲིག་རྣམ་དབྱེ།
པར་མཛོད།
ཟིན་ཐོ་གསར་བ།
- ལུང་རིག་འཁོར་ལོ།
- སྨན་རིའི་ཡོངས་འཛིན
- སྙིང་པོ་རྣམ་གྱི་ཕན
- མ་རྒྱུད་ཐེག་པ་གང་ལ
- མི་སྣ་རིདས་ཕྱི་མ་ག
- བོད་ལ་མི་ཆོས་ཀྱི་ར
- རི་དམར་སྣའི་གྲུབ་ཐ
- སྒོ་བཞི་མཛོད་ལྔའི་
- སུག་བུ་ཆུང་གི་སྐོར
- སྔགས་ཆས།
- གྲོང་ཆོག་སྐོར་གྱི་
- སྔགས་འཆང་བ།
- གནའ་རྫས་རི་མོའི་བོ
- ལོ་རྒྱུས་མི་སྣ་དང་
- རྗེ་མཉམ་མེད་པའི་རྣ
- རྗེ་མཉམ་མེད་པའི་སྐ
- མིའི་བུ་མོ་དང་ཀླུ་
- ངའི་ཕུག་བསམ་གཉིས་ག
དཔྱད་གཏམ་གསར་བ།
- Re:རྒྱལ་ཤོད་ལ་བླ་ག
- Re:སྒོ་བཞི་མཛོད་ལྔ
- Re:ལུང་རིག་འཁོར་ལོ
- Re:མི་སྣ་རིདས་ཕྱི་
- Re:མི་སྣ་རིདས་ཕྱི་
- Re:མི་སྣ་རིདས་ཕྱི་
- Re:མི་སྣ་རིདས་ཕྱི་
- Re:གནའ་རྫས་རི་མོའི
- Re:བོད་ལ་མི་ཆོས་ཀྱ
- Re:བོད་ལ་མི་ཆོས་ཀྱ
- Re:རྗེ་མཉམ་མེད་པའི
- Re:ངའི་ཕུག་བསམ་གཉི
- Re:ངའི་ཕུག་བསམ་གཉི
- Re:བོད་དཔེ་བཀའ་གཏེ
- Re:སྟག་སླག་ཅན་ལ་ཟུ
- Re:2ཁྱུང་ནག་བསམ་གཏ
- Re:ཁྱུང་པོའི་བླ་ཆུ
- Re:ཁྱུང་པོའི་བླ་ཆུ
ཆེམས་གསར་བ།
ནང་འཇུག
དྲ་གྲོགས།
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
གྲོང་ཆོག་སྐོར་གྱི་དྲི་བ་ཁ་ཤས་དང་དྲིས་ལན། | 2018/7/22 11:51:00
3
དྲི་བ་སྒྲུབ་གཤེན་གླིང་དུ་བཞུགས་པའི་བླ་སྤྲུལ་དགེ་བའི་བཤེས་གཉེན་རྣམས་པ་དང་།
དགེན་ལུང་རིག་འཁོར་ལོ་གཙོས་པའི་གཡུང་དྲུང་སྤུན་གྲོགས་ཡོངས་ལ་བཀྲིས་བདེ་ལེགས་ཞུ།
གུས་པའི་དྲི་བ་ཞིག་ཞུ་ཆོག་པ་མཁྱེན།
༡གྲོང་ཆོག་ཞེས་པའི་མིང་གིས་ཐ་སྙད་དང་དེའི་གོ་དོན།
༢གྲོང་ཆོག་པའམ་སྒྲུབ་གཤེན་རྣམས་ལ་ཚངས་དགོས་པའི་ཆ་རྐྱེན།
༣སྒྲུབ་གཤེན་རྣམས་ཀྱི་དོར་དགོས་པའི་སྐྱོན་ཆ།
༤གྲོང་ཆོག་འགྲོ་སྐབས་ཡིན་གཅིག་མིན་གཉིས་གཞི་དཀྱིལ་འཁོར་མདུན་དུ་ཉལ་དགོས་པའི་རྒྱུ་མཚན།
༥སྒྲུབ་ཁང་སྟོང་པ་མ་བཞགས་ཟེར་བའི་གོ་དོན།
༦སྐྱབས་སེམས་དང་བདག་མདུན་གྱི་བསྐྱེད་རྫོགས་བྱེད་ལུགས།
༧གྲྭ་པ་དང་སྐྱ་བོའི་བར་བོན་གསུངས་སྐབས་ཕན་ཐོག་ཆེ་ཆུང་ཡོད་མེད།
༨བོན་འདོན་མཁན་ཕོ་དང་མོ་གིས་བར་ཁྱད་པར་ཡོད་མེད།
༩གྲོང་ཆོག་པ་ཚོའི་སྒྲུབ་ཞལ་ཕྱེ་སྐབས་བུད་མེད་ལ་སྤྱོད་ཉེན་མི་ཉེན།བུད་མེད་ལ་ཆག་པ་སྤྱོད་ན་འགལ་བ་དང་མ་སྤྱོད་ན་ཕན་པ་ཅི་ཡོད་མིན།
༡༠མིི་སྐྱ་བོན་འདོན་མཁན་ཚོས་གྱོན་གོས་ཁ་དོག་གང་འདྲ་གྱོན་དགོས་མིན་དང་།གོས་ལ་ཁ་དོག་གྱི་ཁྱད་པར་ཡོད་མིན།
༡༡མདོ་སྔགས་སེམས་གསུམ་གྱི་ཁྱད་པར་སོགས།
༡༢ང་ཚོའི་ཐོག་མར་ཡིག་གེ་འདོན་སྐབས་གཤེན་རབ་མི་བོའི་གསོལ་འདེབས་མི་འདོན་མཉམ་མེད་གསོལ་འདེབས་འདོན་དགོས་པའི་རྒྱུ་མཚན་སོགས།
ཤེས་དམན་བླུན་རྨོངས་ང་དང་ང་འདྲ་རྣམས་ལ་བཀའ་སློབ་ལམ་སྟོན་གནང་རོག་ཞུ་ཞུ་ཞུ།
གུས་བློ་ལྡན་བཟང་པོ་ནས་དྲིས་ནོར་བྱུང་ན་སྐྱབས་གནས་ཡུལ་མཆོག་གནས་བཞིར་བཤགས།
དྲི་བ་༡༢་ལས་ཁག་གཅིག་ནི་གྲོང་ཆོག་པ་མི་སྐྱ་དང་སྔགས་པ། དགེ་བསྙེན་བཅས་ཀྱི་ལྟ་སྤྱོད་སྐོར་ཞེས་པའི་བརྗོད་བྱའི་ཞོར་ལས་འབྱུང་གི་རེད།། འདིར་དྲིས་ལན་ཁ་ཤས་ཙམ་འབུལ་བ་ལ།
༡་གྲོང་ཆོག་ཞེས་པའི་མིང་གིས་ཐ་སྙད་དང་དེའི་གོ་དོན། སྤྱིར་གྲོང་ཆོག་པ་ཟེར་སའི་རིགས་ནི་ཁྱབ་ཆེ་ཙམ་ཞིག་རེད་སྙམ། ཅི་སྟེ་ན། གྲོང་པར་མདོ་འབུམ་གཟུངས་གསུམ་ཀློག་མཁན་དང་། སྐུ་རིམ་ཞབས་རྟེན་སྒྲུབ་མཁན། གཤིན་པོར་ཞེ་དགུ་དང་ཞི་ཁྲོ་སྦྱིན་བསྲེགས། གཤིན་འདུར་སོགས་དགེ་རྩ་སྒྲུབ་མཁན་བཅས། མདོར་ན་གྲོང་པར་ཆོ་ག་གང་རུང་གི་སྒོ་ནས་གཞན་ལ་ཕན་པ་སྒྲུབ་མཁན་གྱི་སྤྱི་མིང་ཙམ་ཞིག་ཡིན་པར་སྙམས། གྲོང་ཆོག་པ་ཟེར་བ་འདིའི་ནང་དུ། སྡོམ་གསུམ་རྨ་མེད་དུ་འཛིན་པས་བསྟན་འཛིན་སྐྱེས་མཆོག་བླ་མ་མཁན་སློབ་དགེ་བཤེས་གྲྭ་ཇོ་སོགས་ཀྱང་ཡོད་སྲིད་ལ། དེ་བཞིན་སྔགས་པ་དང་དགེ་བསྙེན་པའང་ཡོད་དང་ཡོད། ཐ་ན་ཡི་གེ་འདོན་ཀློག་ཤེས་ཙམ་གྱི་མི་སྐྱ་ཕོ་མོའང་ཡོད་ཆོག་སྙམ།
༢་གྲོང་ཆོག་པའམ་སྒྲུབ་གཤེན་རྣམས་ལ་ཚང་དགོས་པའི་ཆ་རྐྱེན། ལན་དེའང་སེར་མོ་བ་གྲྭ་ཇོ་རིགས་ཡིན་ན། བཤད་སྒྲུབ་སྒོམ་གསུམ་གང་རུང་ལ་ཞུགས་མྱོང་བའམ། ཡང་ན་ཐོས་བསམ་སློབ་གཉེར་ལོ་གྲངས་གང་འཚམ་གནང་མྱོང་བ་ཞིག་དགོས། སྔགས་པ་དང་དགེ་བསྙེན་ཡོངས་འཛིན་རིན་པོ་ཆེས་སྔགས་པའི་ཆས་གོས་དང་། སྒྲིགས་ཁྲིམས། བློ་སྦྱང་གི་སྐོར་བཅས་གསུམ་ནང་དུ་གསུངས་པས་དོན་རྣམས་ངེས་པར་དུ་འཛོམས་དགོས་སྙམ། དགེ་བསྙེན་ལ་ཡང་དེ་ནང་ནས་གསུངས་པ་ལྟར་ཚང་དགོས་དྲན།
༣་སྒྲུབ་གཤེན་རྣམས་ཀྱི་དོར་དགོས་པའི་སྐྱོན་ཆ། ལན་དེའང་། ཡོངས་འཛིན་རིན་པོ་ཆེས་གསུངས་པ་ལྟར་སྤངས་བླངས་བྱས་ན་འགྲིགས་སྙམ།
༨་བོན་འདོན་མཁན་ཕོ་དང་མོ་གིས་ཁྱད་པར་ཡོད་མེད། ལན་སྡོམ་པ་དང་དམ་ཚིག་ཡོད་མེད། སློབ་སྦྱོང་ཐོས་བསམ་ཡོད་མེད། ལྟ་སྒོམ་ཉམས་ལེན་ཡོད་མེད་ཀྱི་ཁྱད་པར་ལས། ལུས་ཕོ་མོའི་ཁྱད་པར་ཡོད་མ་རེད་དྲན།
༡༠ མི་སྐྱ་བོན་འདོན་མཁན་ཚོས་གྱོན་གོས་ཁ་དོག་གང་འདྲ་གྱོན་དགོས་མིན་དང་། གོས་ལ་ཁ་དོག་གི་ཁྱད་པར་ཡོད་མིན། ལན་དེའང་ཡོངས་འཛིན་རིན་པོ་ཆེས་གསུངས་པར་ལྟར་ཤེས་པར་མཛོད།
ལུང་རིགས་འཁོར་ལོས་༢༠༡༨་ལོའི་༧་༢༢་ཉིན།
རྩོམ་པ་པོ།:TXLM | བལྟ་ཀློག(799) | ལན་སློག(0) |གནད་དོན་ཡར་ཞུ | འདྲེན་བཀོལ་སྤྱི་བསྒྲགས(0) | རྩོམ་སྒྲིག
- ཟིན་ཐོ་གོང་མ།སྔགས་འཆང་བ།
- ཟིན་ཐོ་འོག་མ།སྔགས་ཆས།