གནམ་སྲས་གཟི་དམར།
སྤྱི་བསྒྲགས།

    རུས་མིང་མཐའ་ཞུ་ཡེ་ཤེས་བསྟན་འཛིན།   སེར་མིང་འོད་ཟེར་མཐར་རྒྱས་འབྲེལ་གཏུག་གློག་འཕྲིན་18708082885  ཡང་ན་༡༨༨༩༨༠༡༣༥༨༨འབྲེལ་གཏུག་གློག་མཐོང་QQ1656147408  རྒྱ་ཆེའི་དྲྭ་གྲོགས་ཚོས་སློབ་སྟོན་དང་རྒྱབ་སྐྱོར་རོག་རིམ་གང་མང་གནང་བའི་རེ་བ་ཆེའོ།། །།

ལི་ཐོ།
    <<  < 2021 - 12 >  >>
    123
    45678910
    11121314151617
    18192021222324
    25262728293031
ཆེད་སྒྲིག་རྣམ་དབྱེ།
པར་མཛོད།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
ནང་འཇུག
དྲ་གྲོགས།
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
བཞི་པ་འཇིགས་རྟེན་པ་ལ་ཡོད་དགོས་པའི་ཕུགས་འདུན། | 2016/12/18 14:51:00
བཞི་པ། འཇིག་རྟེན་པ་རྣམས་ལ་ཡོད་པའི་དགོས་པའི་ཕུགས་འདུན། འཇིག་རྟེན་པ་ལ་མཚོན་ན། མི་ལ་ལའི་འཚོ་གནས་ཀྱི་དམིགས་ཡུལ་ནི། རང་ཉིད་བློ་བདེ་བག་ཕེབས་ངང་། བདེ་སྐྱིད་ལོངས་སྤྱོད་བྱེད་པ་དེ་ཡིན། མི་དེ་ཚོའི་མིག་རྒྱ་དེ། རང་ཉིད་དང་ཁྱིམ་ཚང་ཁོ་ནའི་ཐོག་ཏུ་འཁོར་བཞིན་ཡོད་དེ། མི་དེ་ཚོས་བསམ་པར་འཇིག་རྟེན་དུ་འཚོ་གནས་བྱས་པའི། སྙིང་པོ་ཁ་རྒྱབ་གཉིས་ཀྱི་དོན་ཡིན་པར་སྙམ་ནས། ཁ་ལ་བཟའ་བཏུང་ཞིམ་མངར་ཅན་ཟ་འཐུང་དང་། རྒྱབ་ལ་གོས་སྤུས་ལེགས་དར་སོ་ཅན་གོན་པ། བློ་ལ་བབ་པའི་བཟའ་ཟླ་དང་ཕྲུ་གུ་ལྷན་དུ། མཛེས་བརྗིད་ལྡན་པའི་ཁང་བཟང་དུ་སྡོད་པ། བེད་སྤྱོད་མང་ལ་འགྲོ་རྒྱུག་ཆེ་བའི་ཤོག་དངུལ་མོད་པ། རིན་ཐང་ཆེ་བའི་གསར་དར་སྤྱོད་ཆས་ཡོད་པ་སོགས། དེ་ཙམ་གྱི་བློ་ཡིད་ཚིམ་པ་རེད། གང་ཞིག་རྒྱལ་ཁབ་དང་མི་རིགས་ཆགས་འཇིག་ གང་ཞིག་མི་རིགས་ཀྱི་སྐད་ཡིག་དང་། རིག་གཞུང་དར་རྒུད། གང་ཞིག་མི་རིགས་ཐུན་མོང་གི་ཁེ་ཕན་སོགས་ནི། མི་དེ་དག་དང་འབྲེལ་བ་ཡོད་མི་སྲིད། མི་དེ་ཚོའི་སྐྱེལ་བའི་མི་ཚེའི་འཚོ་གནས་ཀྱི་སྙིང་པོ་ནི། ཤིན་ཏུ་རྨོངས་པའི་ཁྱི་ཕག་ལྟ་བུའི། ཐ་ཤལ་བའི་འཚོ་གནས་བྱེད་སྟངས་ཤིག་རེད། མི་དེ་རིགས་ཀྱི་མི་ཚེའི་འཚོ་གནས་ལ། རིན་ཐང་གང་ཡང་མེད་དེ། ཁ་རྒྱབ་གཉིས་ནི་ཤིན་ཏུ་རྨོང་པ། དུད་འགྲོའི་ཀྱང་འཚོལ་ཐུབ་པའི་ཕྱིར། མི་ལ་ལའི་འཚོ་གནས་ཀྱི་དམིགས་ཡུལ་ནི། རྒྱལ་ཁབ་དང་མི་རིགས་ཆགས་འཇིག མི་རིགས་ཀྱི་སྐད་ཡིག་དང་ཆོས་ལུགས། རིག་གཞུང་དར་རྒུད། མི་རིགས་ཐུན་མོང་གི་ཁེ་ཕན་སོགས་ཀྱི་ཆེད་དུ་ཡིན་ལ། མི་དེ་ཚོར་ཡང་རང་ཉིད་ཀྱི་དགོས་མཁོ་དང་། རང་ཉིད་ཀྱི་ཁེ་ཕན་རེ་ཡོད་པ་ནི་ཅི་སྨོས་ཏེ། འོན་ཀྱང་མི་དེ་ཚོས་རང་ཉིད་དང་ལྷན་དུ། རྒྱལ་ཁབ་དང་མི་རིགས་ཆགས་འཇིག མི་རིགས་ཀྱི་སྐད་ཡིག་དང་། རིག་གཞུང་དར་རྒུད། མི་རིགས་ཐུན་མོང་གི་ཁེ་ཕན་བཅས་དམ་པོར་སྦྲེལ་ཏེ། གྲོན་ཆུང་སྲི་ཚག་དང་། དཀའ་སྤྱད་སྙིང་རུས། ལྷོད་མེད་འབད་བརྩོན་བཅས་བྱེད་ནས། མི་རིགས་ལ་བྱས་རྗེས་འཇོག་པ་ལས། སོ་སོ་སྒེར་གྱི་ཁེ་ཕན་བརྩོན་ལེན་མི་བྱེད་པ། སོ་སོ་སྒེར་གྱི་བདེ་སྐྱིད་ལོངས་སྤྱོད་མི་གཉེར་བར། གཙོ་བོ་རྒྱལ་ཁབ་དང་མི་རིགས་ཆགས་འཇིག མི་རིགས་ཀྱི་སྐད་ཡིག་དང་ཆོས་ལུགས། རིག་གཞུང་དར་རྒུད། མི་རིགས་ཐུན་མོང་གི་ཁེ་ཕན་སོགས་ཀྱི་ཆེད་དུ། འབད་བརྩོན་བྱེད་པའི་མི་དེ་ཚོར། ད་གཟོད་དངོས་གནས་འཚོ་གནས་ལ་དོན་སྙིང་ལྡན་ཞིང་། མི་ཚེ་ལ་རིན་ཐང་ཆེན་པོ་ཡོད་པ་ཞིག་རེད། མི་དེ་དག་གི་མི་ཚེ་ལ་རིན་ཐང་ཆེན་པོར་ལྡན་པ་ནི། མི་དེ་ཚོའི་སེམས་ལ་དམིགས་ཡུལ། ཕུགས་འདུན་ཤིན་ཏུ་ཆེན་པོར། ཡོད་པའི་དོན་གྱི་ཡིན་ནོ།
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.