སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
གཟི་ཀིས་རི་ཁྲོད་ཀྱི་ལོ་རྒྱུས་དང་མཁན་རབས་གསུམ་གྱི་རྣམ་ཐར་བཞུགས། | 2016/12/11 15:41:00
གནས་མཆོག་དབལ་མོ་འབྲོང་རིའི་ གཟི་ཀིས་རི་ཁྲོད་ཀྱི་ལོ་རྒྱུས་དང་མཁན་རབས་གསུམ་གྱི་རྣམ་ཐར་བཞུགས། གནས་མཆོག་དབལ་མོ་འབྲོང་རི་འདི། དབལ་འབར་སྟག་སླག་ཅན་གྱིས་གནས་སྒོ་ཕྱེས་ཤིང་གནས་ལམ་གསར་དུ་བཏོད། དེ་ནས་ཁྱུང་ནག་མཁན་པོ་ཚུལ་ཁྲིམས་ཕུན་ཚོགས་མཆོག་གིས འདིར་རི་ཁྲོད་གསར་དུ་ཕྱག་བཏབ་ཅིང་སྒོམ་སྒྲུབ་ཀྱི་འདུས་སྡེ་གསར་དུ་གཙུགས་ནས་དམངས་གཙོ་བཅོས་བསྒྱུར་བར་གནས། དེ་རྗེས་ཕྱི་ལོ་1994་ལོར། མཐའ་ཞུ་ཚུལ་ཁྲིམས་ཡེ་ཤེས་མཆོག་རི་ཁྲོད་བསྐྱར་གསོ་མཛད་དེ་བཞུགས། ཐོག་མར་འདིར་རླངས་འཁོར་སོགས་བགྲོད་ལམ་མེད་པ་དང་། མཐའ་ཞུ་ཚུལ་ཁྲིམས་ཡེ་ཤེས་མཆོག་རི་ཁྲོད་འདིར་གང་མགྱོགས་བཅད་རྒྱ་བཞུགས་རྒྱུར་བྲེལ་ཏེ། ཡུལ་མི་དང་ཉེ་འབྲེལ་སོགས་རོགས་རིམ་ཞབས་ཞུ་སྒྲུབ་མཁན་ཚོར། ཁོང་ཉིད་བཞུགས་ས། སྟབས་བདེ་རྡོ་ཁང་བརྩིགས་དགོས་པས་བཀའ་མངག་ལྟར། རྡོ་བརྩིག་གི་ཁང་པ་ཆུང་ཆུང་གཉིས་དང་། ཐོད་བརྒལ་གཟིགས་སའི་ཉི་ཡབ། རྒྱ་ར་ཆུང་ཆུང་ཅིག་བཅས། བཞེངས་ཏེ་བཞུགས་པར་གནང་། དེ་ནས་རི་ཁྲོད་འདིར་བོན་ཞུ་མཁན་སོགས། དགེ་སྦྱོར་པ་གང་མང་འདུས་པའི། ཟུར་དུ་གྱང་ཁང་མཛོད་གཉིས་ཐོག་བརྩིགས་ཅན་ཞིག་བཟོས་ཀྱང་། ས་ཆ་འདིར་རླན་ཤས་ཆེ་བའི་གྱང་ཁང་དེ་ཐེངས་མང་འགྱེལ་བའི། དེ་ནས་ཐོག་བརྩིགས་མེད་པ་བྱས་ཏེ་ཉེ་འཁོར་རྣམས་བཞུགས་ས་བྱས། དེ་ནས་མཐའ་ཞུ་ཚུལ་ཁྲིམས་ཡེ་ཤེས་མཆོག་རི་ཁྲོད་འདིར་སྒོམ་སྒྲུབ་ཉམས་ལེན་སྐྱོང་ནས་སྐུ་མ་གཤེགས་པར། མི་ཚེ་སྒོམ་སྒྲུབ་ལ་བསྐྱལ་ནས་དབེན་པར་བཞུགས་རིང་། ཐུན་དང་ཐུན་བར་གཉིས་སུ་ཕྱེ་ནས་སྒོམ་སྒྲུབ་ཉམས་ལེན་ཆུ་བོའི་རྒྱུན་ལྟར་གནང་བའི་ཉིན་རེའི་མཛད་རིམ་མདོར་བསྡུས་ནི། ཐོ་རེངས་ཆུ་ཚོད་ལྔ་པར་བཞེངས་ནས་འགྱུར་སྔགས་ཅི་རིགས་དང་རྩ་རླུང་གསོལ་འ དེབས་དང་རླུང་ཐུན་རེ་ཆགས་མེད་མཐར་བླ་མའི་རྣལ་འབྱོར་དང་ཉམས་ལེན་རིང་འཛིན་ཐུན་གཅིག་བཞུགས། གྲོལ་ནས་དྲན་པ་གསང་སྒྲུབ་བསྙེན་པ་སྟོང་རེ་ཆགས་མེད་བཟླས་མཐར། ཁྲུས་གཟུངས་འདོན་བཞིན་ཁྲུས་དང་གཙང་སྦྲ་མཛད། ཡན་ལན་བདུན་པ་བཏང་ནས་མཆོད་པ་རྣམ་ལྔ་བཤམས། དཔྱིད་དབྱར་སྟོན་གསུམ་ལ་ཆབ་གཏོར་རྩིས་འགོ་བདུན་པ་སོགས་ཆབ་གཏོར་རིགས་ཚང་མ་གསུངས། ཆུ་ཚོད་བདུན་དང་སྐར་མ་སུམ་ཅུ་ནས་ཞོགས་ཇ་བཞེས་ཏེ་གསང་དང་དཀར་བསུར་གཏོང༌། མཐར་ཐོད་བརྒལ་ཆུ་ཚོད་ཕྱེད་གཉིས་ལྷག་གཟིགས། ཆུ་ཚོད་དགུ་དང་སྐར་མ་སུམ་ཅུ་ནས་ལྟུང་བཤགས་སོགས་ཞལ་འདོན་རིགས་དང་བླ་སྒྲུབ་འདོད་འབྱུང་རིན་ཆེན་ལྟར་བསྙེན་པ་རྣམས་བརྒྱ་རེ་བསྒྲངས། མཐར་སྒྲུབ་གཞུང་གང་ཡིན་འཕྲིན་ལས་བཏང་འཛབ་ལ་སླེབས་ནས་ངག་བཅད་ཐུན་བཟུང་གི་བསྙེན་པ་བཟླས།ཆུ་ཚོད་བཅུ་གཉིས་ནས་ཉིན་ དགུང་གསོལ་ཚིགས་གནང་མཐར། སློབ་གཉེར་བ་ཡོད་ན་ཁྲིད་ལུང་འཆད་ཉན་བློ་དང་མཐུན་ཞིང་འཚམས་པར་འདྲི་རྟོགས་བསྐྱར་ཞུས་ཀྱི་སྒོ་ནས་མཛུབ་ཁྲིད་སྨར་བ་གནང༌། དེ་མིན་ཕྱག་དང་བསྐོར་བ་སཙྪ་གདབ་པ་བྲིས་འབྲི་བ་སོགས་ཅི་རིགས་རེ་མཛད། ཆུ་ཚོད་གསུམ་པ་ནས་ངག་གཅོད་དེ་བསྙེན་པ་བཟླས། ཆུ་ཚོད་ལྔ་པས་ནས་དགོང་ཇ་བཞེས་ཏེ་ཐོད་བརྒལ་གཟིགས། ཆུ་ཚོད་བརྒྱད་པ་ནས་བཀའ་སྐྱོང་བསྐུལ་ཏེ་གཏོར་མ་རྫས་ལྡན་འབུལ་ནས། དམར་ལམ་བྲོ་ཕྱྭ་ཚེ་དང༌། དྲན་པ་ཚེ་སྒྲུབ་བསྙེན་པ་བརྒྱ་རེ་ཆག་མེད་བསྒྲངས། དུ་ཏྲི་སུ་ཡི་གཞུང་བསྲང་སྟེ་ཨ་དཀར་གཅིག་སྟོང་ཆད་མེད་བསྒྲངས། གསང་མཚམས་བཅད།བོན་སྐུའི་སྨོན་ལམ་ཚེ་དབང་སྨོན་ལམ་བཅས་གསུངས།མཐར་གདུགས་དཀར་གཟུངས་དང་བྱམས་མ་སྟག་ལ་མདོ་ཟློག་ ཞི་གྱུར་བཅས་དང༌།དམར་གསུར་བཏང་ནས་སྙིང་པོ་རྣམ་གསུམ་བརྒྱ་རེ་ཡིག་བརྒྱ་ཉེར་གཅིག་ནས་བརྒྱ་བར་གང་འགྲུབ་བཟླས་ནས་བསྔོ་སྨོན་རྒྱས་པར་གསུངས། དེ་ནས་བླ་མའི་རྣམ་ཐར་སོགས་དཔེ་གཟིགས་མཛད། ཆུ་ཚོད་བཅུ་པར་ལུས་སྦྱིན་བཏང༌།མཐར་དྲན་པའི་ཨ་དཀར་དགོངས་དོན་བསྡུས་མ་དང་སྙིང་པོ་སྟོང་རེ་བཟླས་མཐར་གཉིད་སྣང་འོད་ག སལ་གྱི་ལམ་དུ་འཁྱེར་བར་མཛད་དོ། །ཇི་སྐད་དུ།སློབ་དཔོན་ལུས་ཀྱི་མགོ་ལྟར་ཁུར། །རྒྱུ་འབྲས་དམ་ཚིག་སྲོག་ལྟར་སྲུང༌། །སྒྲུབ་བརྩོན་དཀའ་བ་མཐར་ཕྱིན་པས། །སྣང་ལུས་སེམས་གསུམ་འཇའ་ལྟར་ཡལ། །ཞེས་པ་དོན་དང་མཐུན་ནོ། །དེ་ལྟར་དགུང་ལོ་བཅུ་དྲུག་ནས་བཟུང༌།བྲེལ་བྲེལ་འཚུབ་འཚུབ་ཀྱི་སྒོ་ནས་ཐོས་བསམ་སྒོམ་པ་དང༌།བསྙེན་སྒྲུབ་ཉམས་ལེན་སོགས་མཚན་བཅས་མཚན་ མེད་ཀྱི་དགེ་སྦྱོར་ལ་བརྩོན་འགྲུས་དྲག་པོ་གནང་བ་ནི།རྒྱུ་འབྲས་ལ་ཡིད་ཆེས་པའི་རྟགས་མཚན་དུ་མངོན། བླ་མ་དེའི་སྐུ་རིང་རི་ཁྲོད་འདིར་སྒོམ་སྒྲུབ་ཉམས་ལེན་མཛད་དེ། རྒྱུན་དུ་བཞུགས་མཁན་དགེ་བྱེད་པ་ཉི་ཤུ་མ་ཟིན་ཙམ་ཡོད། དེའི་སྐོར་མཚམས་པ་ཚུལ་ཁྲིམས་མཐར་ཕྱིན་གྱིས། ཡར་ཙམ་བྲག་ཙ་དེར་མཚམས་ཁང་བཞེངས་ནས་དགེ་སྦྱོར་སྒྲུབ་བཞིན་བཞུགས་པ་དང་། ཟུར་དུ་ཚེ་མཚམས་པ་ཤེས་རབ་ཚུལ་ཁྲིམས་མཆོག་གིས་ཀྱང་མཚམས་ཁང་བཞེངས་ནས། གནས་འདིར་དབེན་པ་རྟེན་ནས་བཞུགས། སྐབས་ཤིག་ནས་ཚེ་མཚམས་པ་ཤེས་རབ་ཚུལ་ཁྲིམས་མཆོག་གནས་འདིར་མ་བཞུགས་པར། ནག་རུ་ཞལ་ཕུའི་སྤང་ཁ་ཞིག་ཏུ་གནས་སྤོས་ནས་དེར་ད་བར་ཉམས་ལེན་སྐྱོང་བཞིན་བཞུགས། དེ་ནས་ཕྱི་ལོ་༢༠༠༢ལོའི་ཟླ་༡པོའི་ནང་མཐའ་ཞུ་ཚུལ་ཁྲིམས་ཡེ་ཤེས་མཆོག་དབྱིངས་སུ་བཤེགས་ནས་རྗེས། རི་ཁྲོད་འདིར་ཚུལ་ཁྲིམས་མཐར་ཕྱིན་དང་ཨ་ནེ་ཁ་ཤས་ལས་བཞུགས་མཁན་མེད་པར་གྱུར། དེ་སྐབས་ཚུལ་ཁྲིམས་མཐར་ཕྱིན་ཁོང་གིས། རི་ཁྲོད་འདིའི་མཚམས་ཁང་ཚང་མ་ཁོང་ལ་བཙོང་དགོས་ཞེས་ཕྲན་ལ་གསུང་བྱུང་བས། ཕྲན་གྱིས་མཚམས་ཁང་འདི་དག་ལ། དགེ་བྱེད་པ་སུ་བཞུགས་ནའང་ཆོག་པ་ལས། དངུལ་སྤྲད་དེ་ཉོ་དགོས་དོན་ཡོད་མ་རེད། ཁྱེད་ཁང་པ་གང་དུ་བཞུགས་ན་གཡར་ཆོག་ཞུས་ཀྱང་། ཁོང་གིས་གྱང་ཁང་མཛོད་མིག་གཉིས་ཀྱིས་ཤིང་ཆའི་རིན་པ་ངེས་པར་དུ་སྤྲད་རྒྱུ་ཡིན་ཟེར་ནས། སྒོར་དགུ་བརྒྱ་ཡན་མན་ཙམ་གནང་སོང་། དེ་མིན་མཐའ་ཞུ་ཚུལ་ཁྲིམས་ཡེ་ཤེས་སྐུ་མ་བཤེགས་པར། བཞུགས་སའི་མཛོད་མིག་གཉིས་དང་རྒྱ་ར་བཅས་ནི། སུ་ལའང་བཙོང་གི་མིན། དགེ་བྱེད་པ་སུ་བཞུགས་མཁན་བྱུང་ན་དེས་བདག་ཆོག་ལབ་པས། དེར་མཚམས་ཁང་དེར་ཨ་རྔ་རྟོགས་ལྡན་བྱང་ཆུབ་རྒྱལ་མཚན་ཕྱི་ལོ་༢༠༠༤་བར་དགེ་སྦྱོར་སྒྲུབ་ནས་བཞུགས་པར་མཛད། དེའི་སྐོར་ཀྱུ་རྟོགས་གཡུང་དྲུང་ཟླ་བ་གནས་འདིར་བྱོན་ཏེ། ཡར་ཙམ་བྲག་རྩ་དེར་མཚམས་ཁང་བཞེངས་ཏེ་ད་བར་དགེ་སྦྱོར་ཉམས་ལེན་སྐྱོང་བཞིན་བཞུགས། དེ་ནས་ཕྱི་ལོ་༢༠༠༤ལོར། བྱང་ཆུབ་རྒྱལ་མཚན་ནག་རུ་དགོན་པར་གདན་དྲངས་པ་བཞིན། ནག་རུ་དགོན་པར་བཞུགས་པས། ལོ་དེར་མཚམས་ཁང་ནང་བཞུགས་མཁན་མེད་པར་གྱུར་ཀྱང་། མཚམས་པ་ཚུལ་ཁྲིམས་མཐར་ཕྱིན་དང་། མཚམས་པ་གཡུང་དྲུང་ཟླ་བ་གཉིས་ཀྱིས། བདག་སྐྱོང་མཛད་དེ་མ་ཞིག་པར་གནས། དེ་རྗེས་ཨ་ནེ་འགའ་ཤས་བཞུགས་ཡོད་པ་ཐོས། དེ་རྗེས་༢༠༠༦ལོའི་སྔ་རྗེས་སུ་སྐབས་ཤིག ་མཚམས་པ་ཚུལ་ཁྲིམས་མཐར་ཕྱིན་ནས། ཡི་གེ་ཞིག་སྐུར་ཏེ། མཚམས་ཁང་མཛོད་མིག་གཉིས་ལས། གཅིག་ནི་འགྱེལ་གྲབ་འདུག་པའི་ཁ་བཤུས་ཚར་བ་ཡིན། དེ་མིན་མཛོད་གཅིག་དང་རྒྱ་ར་དེ་གཉིས་ཡང་བདག་བྱེད་མཁན་མེད་ན་ཞིག་འགྲོ་ས་འདུག་གཞན་དག་བཞུགས་མཁན་ནི། སུ་མི་རྙེད་འདུག་པའི་གང་བྱེད་བཤིགས་གཏོང་གམ་གསུང་འདུག་དེར་ཕྲན་ནས་བཤིགས་ཚར་བ་ནི། ཚར་སོང་བ་རེད། དེ་མིན་མ་ཞིག་པ་དེ་ཚོ་ཁྱེད་ཀྱིས་བདག་པོ་མཛད་རོགས། ཁང་པའི་བདག་དབང་ཚང་མ་ཁྱེད་ལ་འབུལ། རིན་པ་ནི་གནང་མི་དགོས་ཞུས་པ་ཡིན། འོན་ཀྱང་དེ་དུས་ཁོང་གིས་མཐའ་ཞུ་མ་རྒན་ལ་སྒོར་དྲུག་བརྒྱ་བདུན་བརྒྱ་ཙམ་གནང་ནས། མཚམས་ཁང་ཁོང་གིས་བདག་སྐྱོང་བྱེད་རྒྱུ་བྱས་འདུག་པས། དེ་ནས་བཟུང་མཚམས་ཁང་ཚང་མ་ཁོང་ལ་དབང་བ་རེེད། དེ་རྗེས་ཁོང་སྟེང་ཆེན་དགོན་དུ་སྒྲུབ་གྲྭར་བཞུགས་པ་དང་།དེ་མིན་མཚམས་པ་གཡུང་དྲུང་ཟླ་བ་དང་། ཨ་ནེ་ཁ་ཤས་བཅས་དགེ་སྦྱོར་སྒྲུབ་བཞིན་བཞུགས་མཁན་ད་བར་རྒྱུན་མ་ཆད་བྱུང་ཡོད་ལ། རི་ཁྲོད་འདིའི་འདུ་འཚོགས་ནི་རྗེ་བླ་མ་ཚུལ་ཁྲིམས་ཡེ་ཤེས་མཆོག་སྐུ་འཚོ་བཞུགས་སྐབས་ཀྱིས་བཤོ་སྲོལ་ལྟར།ལོ་ལྟར་ཟླ་བ་བྱུང་ངོ་ཅོག་གི་ཚེས་ བརྒྱད་དང་བཅུ་ལ་བོད་ཡུལ་མའི་ཚོགས་འཁོར་དང་།ཚེས་བཅུ་གསུམ་བཅུ་བཞི་བཅོ་ལྔ་བཅུ་དྲུག་བཅུ་བདུན་བཅས་ལ་ དྲན་པའི་ཚོགསའཁོར།ཚེས་ཉེར་གཉིས་ལ་སྲིད་རྒྱལ་ཚོགས་འཁོར།གནམ་སྟོང་ལ་གསོ་སྦྱོང་དང་ཀློང་རྒྱས་ཆོ་ག་བཅས་འཚོགས། དམིགས་གསར་ཧོར་ཟླ་དང་པོའི་ཚེས་གསུམ་ནས་དྲུག་བར་མཉམས་མེད་འཁྲུང་མཆོད་དང་། ཧོར་ཟླ་དྲུག་པའི་ཚེས་བཅུ་གསུམ་ནས་བཅུ་དྲུག་བར་རྣམ་རྒྱལ་སྟོང་མཆོད།ཧོར་ཟླ་དགུ་པའི་ཚེས ་སུམ་བཅུ་ཉིན་སྟོན་པའི་འདས་མཆོད་ཆེན་མོ་དང་།ཧོར་ཟླ་བཅུ་གཉིས་པའི་ཚེས་བཅོ་ལྔ་ཉིན་སྟོན་ པའི་འཁྲུངས་མཆོད་ཆེན་མོ།ཧོར་ཟླ་བཅུ་གཉིས་པའི་ཚེས་བཅུ་བདུན་ཉིན་བླ་མ་ཚུལ་ཁྲིམས་ ཡེ་ཤེས་མཆོག་གི་འདས་མཆོད་བཅས་འཚོགས་སྲོལ་ཡོད་ཕྲན་རང་ཉིད་ཀྱིས་ཤང་དང་རྫོངས། ས་ཁུལ་བཅས་ལ་ཞུ་ཡིག་ཐེངས་མང་ཕུལ་བ་ལྟར། གཟི་ཀིས་རི་ཁྲོད་འདི་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་གནས་རི་ཁྲོད་ཀྱི་ཐོ། འབྲེལ་ཡོད་སྲིད་གཞུང་
ལ་འཁོད་ཐུབ་པ་བྱུང་ཡོད།། །། 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.