སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
གཉིས་པ། དང་ཐོག་ཕུགས་འདུན་གྱི་དམིགས་ཡུལ་གསལ་པོ་ཞིག་ཡོད་དགོས། | 2016/12/11 11:42:00
གཉིས་པ། དང་ཐོག་ཕུགས་འདུན་གྱི་དམིགས་ཡུལ་གསལ་པོ་ཞིག་ཡོད་དགོས། ཁྱོད་ཉིད་ཕུགས་འདུན་དོན་འཁྱོངས་ནས་གྲུབ་འབྲས་ཐོབ་པར་འདོད་ན། དང་པོ་ངེས་པར་དུ། ཕུགས་འདུན་གྱི་དམིགས་ཡུལ། གསལ་པོ་ཞིག་ཡོད་དགོས། དེ་མེད་ན་ཁྱོད་ཉིད་ལེགས་འགྲུབ་འབྱུང་མི་སྲིད་དོ། དཔེར་ན། ཕུགས་འདུན་ཡོད་པའི་མི་ནི། རྒྱ་མཚོའི་གླིང་ལ། ནོར་བུ་ལེན་དུ་ཆས་པ་དང་མཚུངས་ཤིང་། ལམ་བར་དུ་དྲག་ཆར་རླུང་འཚུབ་དང་། རྦ་རླབས་ཆེན་པོ་ག་ཚད་འཕྲད་ཀྱང་། ཐོག་མཐའ་བར་གསུམ་ལ། ཕུགས་འདུན་དམིགས་ཡུལ་མ་བརྗེད་ན། ཕུགས་འདུན་གྱིས་བསྐུལ་ནས། དཀའ་ངལ་ལ་མི་སྐྲག་པར། བཟོད་བསྲན་ཆེན་པོའི། རྒྱ་མཚོ་ཕ་མཐར་སྒྲོལ་ཏེ། མཐར་ཐུག་དམིགས་ཡུལ་ནོར་བུ་ལོན་ནས། ཕུགས་འདུན་མངོན་དུ་འགྱུར་སྲིད་ལ། གལ་ཏེ་ཕུགས་འདུན་དམིགས་ཡུལ་བརྟན་པོ་དང་། གསལ་པོ་མེད་པའི་མི་དག་ནི། རྒྱ་མཚོའི་གླིང་ལ་གྲུ་གཟེངས་རླུང་ཤུགས་ཀྱིས། ཅི་གར་བསྐྱོད་པ་དང་འདྲ་བའི། ཤར་རླུང་གིས་ཁ་ནུབ་ཏུ་བསྒྱུར་འགྲོ་བ་དང་། ལྷོ་རླུང་གིས་ཁ་བྱང་དུ་བསྒྱུར་འགྲོ་བའི། ནོར་བུས་གླིང་ལ་སླེབས་པའི། དུས་ཤིག་ག་ལ་སྲིད་དེ་མི་སྲིད་པ་བཞིན་ནོ།། སྤྱིར་མི་རྣམས་ཀྱི་འཚོ་གནས་ཚང་མ་ནི། དམིགས་ཡུལ་ཡོད་པ་ཞིག་ཡིན་ལ། དེ་ཡང་རྒྱལ་ཁབ་དང་མི་རིགས་མི་འདྲ་བ་དང་། ཡུལ་དུས་མི་འདྲ་བར་འཚོ་གནས་ཀྱི་དམིགས་ཡུལ་ཡང་། མི་འདྲ་བ་རེ་འཛིན་བཞིན་ཡོད་ལ། དེ་ལས་ལམ་ཞུགས་དགེ་འདུན་པ་དང་། འཇིག་རྟེན་འཁོར་བ་པ་གཉིས་ཀྱི། དམིགས་ཡུལ་ནི་རྩ་བ་ནས་མི་འདྲ་འོ། 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.