སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
ལུགས་གཉིས་ཀྱི་ཕུགས་འདུན་སྒྲུབ་ཚུལ་ཟུར་ཙམ་གླེང་བ་བཞུགས།། | 2016/12/10 16:27:00
དང་པོ་སྤྱིར་ཕུགས་འདུན་གླེང་བ། དྲིན་ཅན་མཐར་ཐུག་རྩ་བའི་བླ་མ་རྗེ། སྐྱབས་ཡུལ་མཐར་ཐུག་རྒྱལ་བ་རྫོགས་སངས་རྒྱས། བགྲོད་ལམ་མཐར་ཐུག་བདེན་གཉིས་གཡུང་དྲུང་བོན། གྲོགས་ཀྱི་མཐར་ཐུག་ལམ་ལྔའི་སེམས་དཔའ་སྟེ། ཕུག་འདུན་མཐར་ཐུག་བཞི་ལ་ཕྱག་འཚལ་ལོ།། ཕུགས་འདུན་ལུས་ཀྱི་སྲོག་སྙིང་རྒྱལ་བའི་བཀའ། ཕུགས་འདུན་ལུས་ཀྱི་ཆ་ཤས་འཕགས་པའི་ལུང་། ཕུགས་འདུན་ལུས་ཀྱི་རྒྱན་གོས་རིག་པས་བཙལ། འདི་ལྟའི་ཕུགས་འདུན་གཏམ་གླེང་ཕྱོགས་བསྡུས་འདི། གཞན་ལ་མ་ཡིན་རང་སྐུལ་ཆེད་དུའོ། དེ་ཡང་མི་ལ་ཕུགས་བསམ་དགོས་ཚུལ་གླེང་བ་ལའང་།། ང་ཚོར་བླ་ན་མེད་པའི་ཕུགས་འདུན། ཤིན་དུ་ཆེན་པོ་ཞིག་ཡོད་དགོས་སྟེ། ཁྱོད་ཀྱིས་འགོ་བརྩམས་པའི། དོན་གང་ཞིག་མཐའ་འཁྱོངས་འདོད་དམ། ཁྱོད་ཀྱིས་སྙིང་ནས་རེ་བའི། བྱ་བ་ཞིག་ལེགས་གྲུབ་འབྱུང་འདོད་དམ། ཁྱོད་ཀྱི་འགྲོ་བ་མིའི་རིགས་ལ་ཕན་ཐོག་ཡོད་པ་དང་། རླབས་ཆེ་བའི་གྲུབ་འབྲས་ཤིག་ཐོབ་འདོད་དམ། དོན་འཁྱོངས་དང་ལེགས་གྲུབ་གྲུབ་འབྲས་བཅས་ནི། མི་ཚང་མས་རེ་འདོད་ཞིག་ཡིན་སྲིད། དེ་དག་ནི་རང་རྟོན་དང་ཕུགས་འདུན་ནས་འགོ་བརྩམས་དགོས། རང་རྟོན་ལྡན་ལ་ཕུགས་འདུན་ཡོད་པའི་མིའི། ད་གཟོད་བྱ་བཞག་ཆེ་ཆུང་གང་ཡང་། མཐའ་འཁྱོངས་ནས་ལེགས་གྲུབ་འབྱུང་ལ། གང་ལ་གང་འཚམས་ཀྱི་གྲུབ་འབྲས་ཐོབ་ངེས་ཡིན། ཕུགས་འདུན་ཡོད་ན། ང་ཚོས་བསམ་བློའི་བློ་སྦྱོང་དང་། རིག་གནས་སློབ་སྦྱོང་། བསྟན་པ་འཛིན་སྐྱོང་། ཉམས་ལེན་མཐར་འཁྱོངས། དཀའ་སྤྱད་ལས་བརྩོན་བཅས་བྱེད་པར། སྐུལ་འདེད་ཀྱི་ནུས་ཤུགས་ཆེན་པོར་ཐོན་ཐུབ། ཕུགས་འདུན་ཡོད་པའི་མི་ཡིས། མ་འོང་པར་སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་དང་། མི་རིགས་ཀྱི་རིག་གནས་ཁྱབ་སྤེལ། མི་རིགས་ཐུན་མོང་གི་ཁེ་ཕན་སོགས། ཕྱོགས་གང་ས་ཅི་ཐད་ནས་ལས་འགན་ལྗིད་པོ་ཁུར་ཐུབ། ཕུགས་འདུན་གྱི་ཆེད་དུ་འབད་པར་འདོད་པའི་མི་ནི། རླབས་ཆེན་གྱི་མི་སྣར་འགྱུར་སྲིད་ལ། མི་ཚེའི་འཚོ་གནས་ལ་རིན་ཐང་ལྡན་པ་ཞིག་རེད། གཏན་ནས་མི་སྐྱུར་བའི་སྙིང་སྟོབས་དང་། ཕུགས་འདུན་གྱི་ཆེད་དུ། དཀའ་ངལ་ལ་ཡུན་རིང་བཟོད་བསྲན་དང་ལྡན་ན། རང་ཉིད་ཀྱི་ཕུགས་འདུན་འགྲུབ་ངེས་ཡིན། ཕུགས་འདུན་མེད་པའི་མི་ལ། ཡུན་རིང་གི་བརྩོན་སེམས་དྲག་པོ་ཡོད་མི་སྲིད་པའི། མི་དེ་འདྲ་ལ་རིན་ཐང་ལྡན་པའི་རླབས་ཆེན་གྱི། མི་ཚེའང་ཅི་ལ་སྲིད། ཁྱེད་ཉིད་བྱ་བ་ཞིག་དོན་འཁྱོངས་དང་ལེགས་གྲུབ། གྲུབ་འབྲས་ཐོབ་པ་བཅས་འདོད་ན། ཕུགས་འདུན་གྱི་དམིགས་ཡུལ་བརྟན་པོ་ཞིག་གཙུགས་ཏེ། རང་ཉིད་ཀྱི་མི་ཚེའི་རིན་ཐང་ལྡབ་བཅུ་དང་ལྡབ་བརྒྱ། ཐ་ན་ལྡབ་ཁྲི་སྟོང་མང་པོ་འཕེལ་དུ་འཇུག་དགོས། ཁྱོད་ཀྱི་རླབས་ཆེན་བྱ་བ་རྒྱུན་འཁྱོངས་ཐུབ་སྟེ། ཁྱོད་ལ་ཕུགས་འདུན་དམིགས་ཡུལ་སྒྲུབ་ཐུབ་པའི། སྦས་ནུས་ཆེན་པོ་ཞིག་ཡོད་པའི་ཕྱིར་རོ། 

དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.