སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ལི་ཐོ།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
ནང་འཇུག
སྒྲིག་འཇུག...
དྲ་གྲོགས།
སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
སྒྲིག་འཇུག...
༿ཞུ་སྒོམ་འཁྲུལ་ཞིག་དང་ཞིག་པོ་བཅོ་བརྒྱད། | 2016/10/17 15:43:00
༿ཞུ་སྒོམ་འཁྲུལ་ཞིག་དང་ཞིག་པོ་བཅོ་བརྒྱད། མཁས་དབང་དཔལ་ཚུལ་གྱིས། ཞུ་སྒོམ་སྔ་ཕྱི་གཉིས་བྱོན་པར་བཞེད་ལ། དེ་ཡང་ཁོང་གིས་ལོ་རྒྱུས་ཀྱི་དཔེ་ཆ་མཇལ་ནས་གསུང་པ་ཡིན་ཤས་ཆེ། སྐྱེ་སེའི་སྲས་ཞུ་སྒོམ་དེའི་རྣམ་ཐར་ལོ་རྒྱུས་འདིའི་འཇུག་བྱང་དུ། ༼་་བླ་མ་ཞུ་སྒོམ་འཁྲུལ་ཞིག་གི་ལོ་རྒྱུས་རྒད་པོ་བླ་མ་ཆེན་པོ་དང་མཇལ་བ་འགྷ་ལ་ཐུག་ནས། ཞང་སྒོམ་རིན་ཆེན་རྒྱལ་བས་བཀོད་པ་རྫོགས་སོ།། ་་༽ཞེས་པར་གཞིགས་ན། བརྩམས་པ་པོས་བླ་མ་ཞུ་སྒོམ་འཁྲུལ་ཞིག་ཞལ་མཇལ་མྱོང་བའི་རྒད་པོ་འགའ་ལ་གཏུགས་ནས། བླ་མའི་རྣམ་ཐར་ལོ་རྒྱུས་སྐོར་སྐད་ཆ་ཞིབ་པར་དྲིས་ཏེ། བརྩམས་སམ་སྙམ་མོ། དེ་ལྟར་ཡིན་ན་ལོ་རྒྱུས་རྣམ་ཐར་འདི་ཆེས་གཙིགས་སུ་ཆེ་ལ་དཔྱད་གཞིའ་རིན་ཐང་ཤིན་ཏུ་ཆེ་བར་སྙམ། ད་རུང་རྣམ་ཐར་འདིའི་ནང་ཞུ་སྒོམ་འཁྲུལ་ཞིག་གི་༼་་སྲས་ལྷ་འབུམ་ལ་གསུངས་པ།༼་་ང་ཤི་ཙ་ན་མྱ་ངན་པ་རྣམས་ཀྱི་ཁར་ཐལ་དྲོན་སྤ་ར་རེ་ཐོབ་ཅིག་ང་ཡི་བླ་མ་བདེ་གནས་བདེ་བར་འགྲོ་བ་ལ་་ང་ུ་མི་དགོས། ང་ུ་ན་ངན་སོང་གསུམ་དུ་སོང་གིས་དྭོགས་པ་ལ་ངུས་ འཁོར་བར་ འཁྱམས་ཀྱིས་དོགས་པ་ལ་ངུས་ཅིག་གསུང་། སློབ་དཔོན་བོན་ཁོར་བྱོན་ཟེར་དུ་འོང་ངོ་
།།ངས་བོན་གྱི་འཁོར་ལོ་མང་པོ་སྐོར།སྒྲུབ་པ་མང་པོ་བྱས་ད་འཇག་མ་ལ་བཞོགས་ནས་ཀ་བ་
ལ་མ་རློན།སྒམ་སྒོམ་དང་ཡོན་བདག་ཕོ་མོ་ཁྲལ་མ་བཏབ།ང་ཡི་རོ་ལ་སྤང་མེ་རེ་རེ་བརྩེགས་ ལ་སྲེགས་རྟགས་མི་འོང་རྟགས་མ་རེ།དགེ་བཤེས་ཀྱི་བསྲེགས་ལུགས་མ་བྱེད་ལན་མང་དུ་གསུང་ངོ་།།དེ་ནས་འགའ་ཞིག་ནས་སྙུང་ནས་དབྱར་གཅིག་ཙམ་སྙུང་ནས། སྲས་ལྷ་འབུམ་གྱི་ནོར་ངས་སོག་པ་མི་འོང་གསུང་ནས།ཐུགས་དམ་ཤེལ་ཕྲེང་གཅིག་བརྡའ་སྐད། ཞལ་ངོ་ཀུན་གྱིས་སྔོ་ཕུག་བྲག་ལ་བཏེག་པ་དང་གྲོངས་སྐད། བྲག་ལ་ཕོང་སྲེགས་བྱས་པས་དབུ་ཡི་ཐོང་རུས་ལ་ཡི་གེ་ཨ་ཤིན་ཏུ་གསལ་བ་ཅིག་བྱོན་སྐད།སྐྱེ་བ་མེད་པའི་བརྡའ་ཡིན་སྐད།རིང་སྲེལ་བཅྭོ་ལྔ་བཅུ་དྲུག་ཙམ་བྱོན་སྐད་དོ།།ཞལ་ངོ་རྣམས་དང་།སློབ་མས་བདུང་ཁང་གཡུང་དྲུང་ཁྲི་སྐོས་གི་བཟོ་ལུགས་ཅིག་གཤེགས་ནས།གདུང་ རུས་དང་ཨ་དང་རིང་སྲེལ་རྣམས་གནས་གཡུང་དྲུང་དགེ་སྟེངས་སུ་བཞུགས་སོ།།་་༽ཞེས་ཞུ་སྒོམ་དགུང་ལོ་སུམ་ཅུ་སོ་གྲངས་སྐོར། སྲས་ལྷ་འབུམ་འཁྲུངས་པར་གསལ་ལ། ཕྱིས་སུ་ཞུ་སྒོམ་གདའ་ཁར་སྲས་ལྷ་འབུམ་བཞུགས་པར་གསལ་བས། བོན་རྒྱ་རིན་པོ་ཆེའི་བསྟན་རྩིས་དུ་ལུང་དྲངས་པས། ཞུ་སྒོམ་རྣམ་ཐར་དེར།༼་་རྨ་རྒྱུད་སྐུ་བླ་བྲག་དཀར་རྩེ་རྫོངས་སུ་བཞུགས་ནས་འདའ་ཀའི་ཞལ་གདམས་གནང་སྐབས་མི་ལོ་བརྒྱ་དང་བརྒྱད་ཅུ་གྱ་ལྔ་སོང་ཞེས་པ་དང་། ཡང་ང་ལོ་བརྒྱ་ལོན་ནས་གཞོན་པར་སོང༌། ཞེས་པའི་ལུང་ལྟར་ན། ཞུ་སྒོམ་ཚེ་ལ་རང་དབང་ཐོབ་པ་མ་ཚད། སྲས་ལྷ་འབུམ་ཀྱང་ཚེ་ལ་རང་དབང་ཐོབ་ཡོད་ན་མ་གཏོགས། ཞུ་སྒོམ་གཅིག་གི་རྣམ་ཐར་གཉིས་ལ་གདའ་སའི་ས་ཆ་སོགས་གང་ས་ཅི་ཐད་ནས་འགལ་འདུ་ཆེན་པོ་དེ་ཙམ་ཡོང་མི་སྲིད་སྙམ་པའི། ཞུ་སྒོམ་སྔ་ཕྱི་གཉིས་བྱོན་པ་གོར་མ་ཆགས་སྙམ། འོན་ཀྱང་ཁོང་གི་ཞལ་སློབ་ཞིག་པོ་བཅོ་བརྒྱད་ཚང་མའི་གདུང་རྒྱུད་འགོ་ཁུངས་ཞུ་སྒོམ་ཡིན་མི་སྲིད་དེ། དཔེར་ན། ཞུ་སྒོམ་ཁོང་གི་ཞལ་སློབ་གྲས་སྣང་ཞིག་ལྟ་བུ་ལས། སྣང་ཞིག་དོ་འཕགས་ཆེན་པོ་ནི། ཞུ་སྒོམ་ཁོང་གི་དུས་ལས་བྱོན་སྔ་བའི་དམ་པ་ཁྱུང་སྒོམ་གྱིས་བྱིན་རླབས་ཐོབ་ནས་འཁྲུངས་པར་ཁྱུང་རབས་སོགས་ལས་གསལ་བའི་ན། ཞིག་པོ་བཅོ་བརྒྱད་ཀྱི་གདུང་རྒྱུད་ལས་འཁྲུངས་པའི་བླ་མ་རྣམས། ཞུ་སྒོམ་གྱི་སློབ་མར་གྱུར་རྗེས་མཐོང་དང་གོ་ས་སོགས་སྐད་གྲགས་ཆེ་རུ་ཕྱིན་པ་ཙམ་ལས། ཞིག་པོ་བཅོ་བརྒྱད་ཀྱི་གདུང་རྒྱུད་ནི་ཞུ་སྒོམ་སྔ་ཕྱི་གཉིས་ཀའི་གོང་ནས་ཡོད་པར་འདོད་དོ། འདི་ནི་ཕྲན་གྱི་རྨོངས་བློར་གང་དྲན་ཞུས་པ་ཙམ་ཡིན་ཞིང་ལོ་རྒྱུས་སོགས་ལ་དཔྱད་པས་བློ་རིག་མེད་མོད། མཐོ་མཁས་དབང་ནས་དམའ་གསར་བུ་ཡན་གྱིས། མདོ་སྔགས་ཀྱི་གཞུང་ལུགས་དང་ལོ་རྒྱུས་སོགས་ལ་དཔྱད་བརྩམས་གང་མང་སྤེལ་རོགས་ཞེས་རེ་སྐུལ་དང་མིག་ལྟོས་ཙམ་དུ་ཞུའོ། རྒྱུ་མཚན་ནི། རྨོངས་པ་ང་འདྲ་རྣམས་ཀྱིས་གང་ལ་དཔྱད་ཀྱང་གནད་ལ་མི་ཕིག་པ་མ་ཟད་ཚུར་ལ་དོག་པ་གང་མང་སྐྱེ་བཞིན་ཐེ་ཚོམ་ངང་གནས་དགོས་པ་འདུག་གོ། འོན་ཀྱང་དོག་སློང་ཙམ་དུ་བྲིས་སོ། ༧ བླ་མ་ཞུ་སྒོམ་འཁྲུལ་ཞིག་གི་རྣམ་ཐར་བཞུགས༎
༄༅། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ།།བླ་མ་ཞུ་སྒོམ་འཁྲུལ་ཞིག་གི་ལོ་རྒྱུས་ལ།བླ་མ་
ཆེན་པོ་དེ་ཡུལ་སྐྱིན་མཁར་འཚོགས་ཁར་སྐུ་འཁྲུངས།ཡབ་ཞུ་སྟོན་སྐྱེས་ཆེན་ཡིན།ཡུམ་ཇོ་མོ་
རྒྱན་ཞེས་བྱ་བ་སྟེ།དེ་ཡང་སློབ་དཔོན་ཞུ་སྟོན་སྐྱེས་སེ་རྒུང་ལོ་རྒྱད་ཅུ་རྩ་ལྔ།ཉེ་གནས་ཇོ་མོ་
རྒྱན་ཆུང་དང་འཇལ་ནས།སྲས་བྱུང་བ་དང་ཁོང་འགྲེས་པས།ཕ་མགོ་སྐྱ་ལ་བུ་རྐང་དམར་
བྱུང་བས་ངོ་ཚ་གསུང་ནས།སྲས་ཇོ་མཁར་བུ་རུ་བཅོས་ཏེ།གསང་མཚན་འབུམ་མེ་བཏགས་
སྐད།དེ་ནས་རྒུང་ལོ་རྒྱད་ལོན་དུ་ཡབ་ཀྱིས་སྲལ།འཕྱན་དུ་སྙལ།སྨན་མར་བསོལ་འཁྲོ་ནས་གནང་ཞི་ཁྲོ་
དང་བདུད་རྩི་ལསྭོགས་པའི་དབང་མང་དུ་སྐུར།བྱིན་རླབས་མང་དུ་འཛད།གཏོར་དབང་
ཉི་ཚེ་བསྐུར་ཅིང་།སྒོང་བའི་ནང་ན་གཤོག་དྲུག་རྒྱས་པར་ཤོག་ཅིག ཚིག་བོར་ཐོན་ལ་
ཞུགས་པ་ཤོག་ཅིགརང་ངོ་རང་གིས་ཤེས་པ་ཅིག་ཤོག་ཅིག་ལསྭོགས་སྨོན་ལམ་དུ་ཤེས་པ་
ཤིས་པ་བརྗོད་པ་ཤོག་ཅིག གསུང་སྐད། རྒུང་ལོ་བརྒྱད་ན་ལྷ་རྗེ་ཇོ་མཁར་ལ་སྒོམ་ཞུ་བ་མང་དུ་ཡོད་
པ་ལ་བླ་མ་ཡང་ཉན་སྐད།རི་ཁར་གཡམ་པའི་སྒྲོམ་བུ་བྱས་ནས་ཞུགས་ཏེ་དགོངས་པ་མཛད་པས། རིག་པ་རང་ས་ན་གནས་ཙམ་ན་སྒོམ་བྱུང་སྙམ་ནས་དགེས།སེམས་གཞན་དུ་འཕྲོས་
ཙམ་ན་མ་བྱུང་མནོ་ནས་མི་དགེས་སྐད།དུས་དེར་ཡབ་གྲོངས་ནས་སློབ་དཔོན་ཇོ་མཁར་གྱི་
དྲུང་དུ་རྒུང་ལོ་བཅུ་བཞི་ཡི་བར་དུ་མ་ཡར་ཇོ་མོ་བྱ་བ་སྡང་བས།འོ་རྒྱལ་བར་བགྱིས་སྐད།དེ་
ཙམ་ན་ཁྱིམ་ཡུལ་དུ་ཡོན་བདག་གི་སེར་བ་མར་དུ་སྲུང་ཙམ་ན།སེར་བ་བྱུང་ཙ་ན།བླ་མ་ཞུ་
ཆེན་གྱི་མཚན་ནས་བོས་ཅིང་ནམ་བཟའི་ཐུ་བ་འདེབས་པས་ཆོད་པ་བྱུང་སྐད།སྐབས་དེར་
ཁོད་ཀྱང་སྒོམ་ཆེན་ཅིག་བྱ་མནོ་བ་བདོག་པས་ཉིན་ཡུལ་དབུས་གཙོ་བོ་རྒད་པོ་གཅིག་ན་རེ།
ཇོ་སྲས་ལ་གྲོས་གཉིས་ལས་མེད་སྐད།གཉིས་པོ་གང་ཡིན།ཡང་ན་ཐམས་ཅད་སྤངས་ནས་
སྒོམ་ཆེན་བྱས་ནས།ཉམས་སུ་ལེན་པ་ ཡིན་ཟེར་བས་དེ་གཉིས་གང་བཟང་བྱས་པས།ཚེ་
འདིའི་བསོད་ནམས་འདོད་པ་དང་།འ་འུ་དང་དིང་ལ་དགའ་ན་སྟོན་ཆེན་བྱེད་དགོས།ཕྱི་མའི་བྱང་ཆུབ་སྒྲུབ་པ་དང་།ཚེ་འདི་ལ་སྐྱིད་པ་འདོད་ན་སྒོམ་ཆེན་བྱེད་དགོས་ཟེར་བས།ཁོང་
རང་དང་དགོངས་པ་མཐུན་པར་བྱུང་བས།དགོས་སྐད།ང་ཡི་ཕོ་རྒོད་ཀྱིས་སྟོན་ཆེན་མི་འོང་
སྒོམ་ཆེན་བྱེད་གསུང་། དེ་ནས་རྒུང་ལོ་བཅུ་བཞི་ན་སྲང་དུ་བོན་འཁོར་ཅིག་བྱུང་བ་ལ་
བཙན་པོ་ཀུན་གདན་འདྲེན་པ་ལ།བླ་མའི་ཐུགས་དགོངས་ལ་ང་ཁྲིད་ན་དགའ་བ་ལ་མནོ་
ཙམ་ན།ལྷ་རྗེ་ཇ་འཁོར་གྱི་ཞལ་ནས་ཨ་ཅོ་རང་ཡང་ད་རེས་འགྲོ་ན་ཆོས་གསུངས་ པས།ཤིན་
ཏུ་དགེ་ནས་ན་ཟ་དུག་པོ་རིང་པོ་ཅིག་ཡོད་པ་གཤམ་གྲགས་ནས་ཕྱིན་སྐད། དེར་སྲད་དུ་བླ་
མ་ཡང་ཤ་མར་གྷ་དང་།ར་རྡོག་བཅུ་ཙམ་དུ་འབུལ་བ་བྱུང་ནས། དེ་ནས་རྒྱགས་སུ་ཁྱེར་ནས་
སློབ་དཔོན་ཇོ་གཤེན་གྱི་དྲུང་དུ་སློབ་གཉེར་ལ་བྱོན་ནས། རྒུང་ལོ་ཉི་ཤུ་རྩ་བཞིའི་བར་དུ་
ཐོས་པ་མཛད་དེ། ཟོ་བོ་ཁྱུང་ལག་གི་ལྷ་ཁང་དུ་མང་དུ་བཞུགས།བླ་མ་དང་པོ་ནས་ཞིག་པོའི་སྤྱོད་
པར་བདོག་སྐད།ཀུན་བཟང་ལ་ཕྱག་འཚལ་ཆུ་ངན་གྱི་ཕྱེ་བྲུལ་གསོལ།དོར་ལ་རུ་ནས་སྐྱེད། དྲི་
ཆེན་བླངས་ཀྱིན་གསོལ། མི་དང་བློ་སྣ་བཏུན་དུ་མ་བཞེད།སྐབས་དེ་ཀུན་ན་འོ་རྒྱལ་བ་
འཕོངས་པ་བྱུང་སྐད།ཇོ་ལྕམ་དབང་སྐྱབས་ཀྱིས་ལོ་ཚོད་ཕོར་གང་དྲངས་པས་དེས་མ་ཟློག་
ནམ་ཀྱང་སྡུག་མནོ་ནས་འཕང་པས།ཀུན་སྣང་ཁྱབ་པ་ལ་ཕོག་པས། གཅེར་བུར་ཐོན་ནས་
ཀུན་བཟང་ལ་ཕྱག་འཚལ་ཞིང་ཕྱི་ཞིང་གདའོ།།ནང་མ་ཅིག་ལྷ་རྗེ་གཤེན་རྒྱལ་བྱོན་ནས།ཨ་ཇོ་
རྒྱག་མ་ཟད་དམ་བྱས་གསུངས་པས།བླ་མ་ན་རེ་བདུད་རྩི་འདྲ་ཟོས་པས་ཁ་ནས་མ་ཚུགས་
གསུང་།ཕུ་གུར་གཟིགས་པས་དྲི་ཆེན་གོང་པོ་གཉིས་གསུམ་འདུག་པས།དུས་དེར་ནས་ཁལ་བརྒྱད་ཙམ་གནང་སྐད། ནས་དེ་ལ་ཕྱེ་ཁལ་གཅིག་ཙམ་ཇོ་མོས་བྱས་ནས་གཏད་པས།གསོལ་བས་ཞིམ་ནས་མ་ཚུགས་གསུང་།ཁྲི་བ་བཅད་དེ་བྲག་ཁང་ཐམས་ཅད་དུ་གཏོར་སྐད། ཇོ་མོས་ཚོར་ནས་སློབ་དཔོན་ཇོ་གཤེན་སྦྲན་ནས་བྱོན་ཏེ། རྒྱགས་མེད་པ་ལ་ཕྱེ་གཏོར་བ་ཙུག་ཡིན་གསུང་པས།ཞིམ་གྲགས་པས་སྙིང་ན་ནས་མ་ཚུགས་པ་ཡིན་གསུང་ངོ་།།དེ་ཡི་དུས་ནི་
ནུབ་མོ་ཀུན་དགའ་ར་བར་ཀུན་བཟང་ལ་ཕྱག་འཚལ་སྐྱབས་ཡུལ་དུ་བཙལ་བ་དང་།གྲྭ་བ་ དེ་རྣམས་ན་རེ་ངེད་ཀྱི་བསམ་གནོའ་ལ་གནོད་པས་ཤོལ་ཟེར་བ་ལ་མ་ཉན་པར་བཙམ་སྐད།དེར་གྲྭ་པ་ཚོས་ཕྱག་དང་ཞབས་ནས་བཏེག་ནས་ཕྱིར་གཏོན་ནས། སྒོ་བཅད་པ་དང་ཡང་ནང་དུ་ཐར་ནས། ཕྱག་དི་རི་རི་བ་མཛད་དོ།།གྲྭ་པ་རྣམས་ཀྱིས་སྙན་ཁུང་གཡས་གཡོན་དུ་དུང་བུས་
དང་འཕྲོ་མ་བཅད་སྐད།ཀུན་ཏུ་བཟང་པོ་ལ་གདུང་བ་སྐྱེས་ནས་གླུ་དུ་མ་བྱ་བ་གསུངས།ཕྱིས་
གྲྭ་པ་ཀུན་ལ་ཡང་ང་ཡི་སྡུག་གླུ་ཡིན་ཏེ།ཁྱེད་ཀྱི་སྐྱིད་གླུ་གྱིས་གསུང་སྐད།སྐབས་ཤིག་ཏུ་སྔོ་ཕུག་བྲག་ལ་སློབ་དཔོན་ཇོ་མཁར་དང་།སྨན་སྒྲུབ་མཛད་པས་སྨན་ཕྱི་མ་ཡི་ནུབ་མོ་ཡར་འབྲོག་པའི་སློབ་མ་ཚན་གཅིག་སླེབ་ནས་ཞུས་པས།གཞན་གྱིས་མི་གནང་བླ་མའི་ཞལ་ནས་
ངས་རྟགས་ལ་ཡོང་གིས་གསུངས་པ་དང་།ནས་བྱོན་པས་དང་།མི་གཅིག་གི་རྐང་པ་ལ་དྲི་ ཆེན་དུམ་བུ་ཅིག་འབྱར་འདུག་པ། ལ་ཉེ་བཟང་གསུང་ནས་སྒྲུབ་ཕ་ལ་བཙུད་པ་དང་།སྨན་
ཉེས་མར་མེ་ལ་ལ་ཤི་ལ་ལ་མོགས་པས།བླ་མས་གཅེར་བུར་བཞེངས་ནས།བསོ་གར་དགའ་
སྟབས་བདེ་རང་དབང་ཐོབ་པའི་བདུད་རྩིར་བསྭོ་ཐ།མི་འོང་བ་ལ་དུངས་དུངས་བྱེད་ན་རི་
དྭགས་གསོན་པོ་ཡིན།ཅི་ཟ་ཟ་ཅི་འཐུང་འཐུང་ཡོང་བ་ཆོག་ཤེས་རྒྱ་མཚོར་འཁྱིལ་བའི་བདུད་
རྩི་རུ་བསྭོ་ཐ།སྐྱག་པ་སྐམ་པོ་སྟུག་པ་རློན་པའི་བདུད་རྩིར་བསྭོ་ཐ།གསུང་ནས།ཕོ་བྲང་ལ་
བསྐོར་ནས་བཀྲབས་པས།ཐམས་ཅད་རིག་པ་འུར་ནས་སྨན་ལེགས་སྐད།ཕྱིས་གཡུ་འཕྲེང་ལ་
ཐུགས་དམ་དུ་ མཛད་དོ།།དེ་ནས་སྔགས་སེམས་ཐམས་ཅད་སློབ་གཉེར་ཚར་ནས།རྒུང་ལོ་ཉི་ཤུ་རྩ་བཞི་ལ་བོ་དོང་དུ་ལྷ་རྗེ་ཇོ་ཀྲ་སྟོན་པར་འདོན་པ་ལ་བྱོན་ཏེ།མང་པོ་ཚོགས་པའི་ནང་གི་དབུ་མ་ལ།བླ་མས་བོན་ གསུངས་སྐད།དེར་བོན་ཐོན་པ་དང་།ལ་སྟོད་སྟག་ཚལ་གྱི་ཇོ་ལྕམ་
ཕྱག་མོ་བྱ་བ་ན་རེ།སློབ་དཔོན་མཆེད་ན་ངས་སྤྱན་མི་འདྲོངས།ཇོ་སྲས་འདི་ང་ཡི་མཆོད་གནས་ལ་སྤྱན་འདྲེན་ཟེར་ནས།ལ་སྟོད་དུ་བྱོན་ནས་སྟག་ཚལ་གི་རྩེ་སྨན་གྱི་རི་ལ་བཞུགས་
ནས།དགེ་སྦྱོར་མཛད་དེ་དེ་ནས་སྐབས་ཤིག་ན་ ཡུལ་དུ་བྱོན་པ་དང་།ལྷ་རྗེ་ཇོ་གཤེན་གྱི་ཞལ་ནས་ཨ་ཇོ་ཡུལ་དུ་སྡོད་ལ་ང་ཡི་གནས་ཅུང་ཞིག་བཟུང་དགོས།ཇོ་མོ་ཅིག་ཀྱང་བླང་དགོས་ ཡར་མ་འགྲོ་གསུང་ནས།བླ་མའི་ཐུགས་དགོངས་ལ་སློབ་དཔོན་གྱིས་ང་འཆིང་བར་འདུག་
གནོའ་ནས།སྔར་གྱི་དཔེ་ཆ་ཐམས་ཅད་དང་།ཡབ་ཀྱིས་ཕོག་པའི་ཞིང་ཁང་དང་།སེར་ཐོ་དང་ ཐམས་ཅད་སློབ་དཔོན་ལ་ཕུལ་ནས།ཡར་ལ་རིང་ཕུར་བྱོན་ནས་དགོན་པར་བཞུགས་སྐད།དུས་དེར་ཉ་མ་འདྲ་ཡང་བྱུང་།བོན་ཐུན་རེ་ཐུན་གཉིས་ཀྱང་བཤད་པས།སྐབས་ཅིག་ལ་
སེམས་གཞུང་བཤད་པའི་ཐོན་སྐྱེམས་ལ།ཉ་མ་ཁ་ཅིག་ན་རེ་ཨོཾ་ཏིག་པའི་གདམས་ངག་ཅིག་ཞུ་ཟེར་བས། བླ་མས་ཚིག་མང་དུ་གྲངས་ནས་ཏིག་གེ་བ་ད་རང་ལ་ཡང་ཆ་མེད་གསུང་ནས་
ཅིག་ན་རེའུ་ཆག་མེད་པས་སློབ་དཔོན་ལ་ཞུ།སློབ་དཔོན་ལ་ཡང་ཏིག་བ་མི་འདུག་ཟེར་
བས།བླ་མ་ལ་རེ་བདེན་མནོ་བ་དང་།ལོང་བས་ལོང་བ་ཁྲིད་པ་འདུག་མནོ་ནས།ཉམས་ལེན་
གྱི་བློ་གཏིང་ནས་སྐྱེས་སྐད།དེ་ནས་ཚིག་བོར་དོན་ལ་ཞུགས་ནས།ལོ་ལྔ་རུ་རྩེ་སྨན་རི་ལ་ཀུན་
བཟང་ལ་ཕྱག་བཙལ།ཀུན་ཏུ་བཟང་པོ་ཚད་མེད་འོད་ལྡན་ཞལ་མཇལ་བ་ལ།ང་དང་མི་
འཇལ་བ་ཇུག་གེར་སོང་དགོངས་ནས་མོས་གུས་དྲག་པོ་སྤྱན་ཆབ་ཉིལ་ལེ་མཛད།ཡེ་ཤེས་
གསལ་ཐོག་ལ་གསོལ་བ་རྒྱུན་ཆད་མེད་པར་བཏབ་ཅིང་།ཆུ་རྒྱུན་སྐབས་མེད་དང་།ཐུགས་རྗེ་
ཆར་འབེབས་ལ་སོགས་མཛད་པས།རླུང་ཁམས་སྐྱེས་ནས་ཤངས་ནས་རྣག་མང་པོ་བྱུང་བ་
ལ།རྣག་པས་ཁྲག་འཛག་ཀྱང་ཀུན་བཟང་ལ་ཕྱག་མི་འཚལ་ཁ་མེད་གསུང་ནས་རྒྱུན་དུ་
བཙལ་སྐད།སྐུ་ཡི་འཁྲུལ་འཁོར་ཕྱག་རྒྱ་མ་ཞིག་པ་ཡིན།དེ་ནས་རྒུང་ལོ་ལྔ་ན་རང་རིག་པའི་
ཡེ་ཤེས་ཀུན་ཏུ་བཟང་པོའི་ཞལ་མཐོང་དེ།དང་པོ་སྐྱུ་རུ་ར་ལག་འཐིལ་དུ་བཞག་པ་ལྟར་
གཟིགས།གཉིས་པ་ལ་ཕྱག་ནས་ཉི་མ་ཤར་བ་བཞིན་གཟིགས།གསུམ་པ་ལ་ཉམས་ཀྱི་གདམས་
ངག་ཀྱང་མང་དུ་བྱུང་།འཁྲུལ་པ་ཞིག་ཅིང་བདེན་པ་རྟོགས་སྐད་དོ།།དེ་ནས་ཆག་མོའི་སྒོམ་
མ་པད་མ་རྒྱན་བ་བྱ་རོལ་པ་མཛད་པས།བདེ་བ་ཐུན་མོང་མ་ཡིན་པ་སྐྱེས་སྐད།དེ་ནས་ཆག་
མོའི་སྒོ་མ་ར་མོ་བཀྲ་ཤིས་ཀྱིས་ཕྱག་རྒྱ་མོ་བགྱིས་ནས།རྒུང་ལོ་སུམ་ཅུ་སོ་བཞིའི་བར་དུ་ལ་
སྟོད་དུ་བཞུགས་སྐད།ཐུགས་ཀྱི་ཀློང་བརྡོལ་ནས་གདམས་ངག་མང་པོ་གསུངས་མགུར་
བཞེངས་པའི་གདམ་ངག་འདི་ཚོ་ཤོའུ་རྟ་སྟན་ཙམ་ལ་བྲིས་ལ།རི་བོའི་རྩེར་ཕྱིན་ལ་ཕྱོགས་
བཅུར་རླུང་ལ་སྐུར་ལ།སེམས་ཅན་རྣམས་ཀྱིས་མཐོང་ན་གྲོལ་བར་འགྱུར་རམ་སྙམ་པའི་
ཐུགས་བསྐྱེད་བདོག་སྐད།དང་པོ་ནས་ཆབ་རྟོག་ལ་མོས་གུས་མཛད་པས་མང་པོ་བཏང་
བས།ཉིན་གཅིག་གཤེན་ལྷ་བདུན་གྱི་ནམ་མཁའ་ལ་བླ་མས་སྒོམ་པས།ཉ་མ་གཅིག་གིས་
མཐོང་སྐད།དེ་ནས་སྐྱིན་མཁར་དུ་ཐ་མ་དང་ཇོ་མོ་སྒྲུབ་མར་ཡོད་པ་དང་།དཔོན་གཡོག་ འགའ་ཡུལ་དུ་བྱོན་པ་ལས།ཨ་ལྕོ་ལ་སྒོམ་མ་ཅིག་ཀྱང་འདུག་གེ་ཟེར་བ་འདུག་གམ་གསུང་པས་འདུག་གསུང་ལོ། ཕྲུ་གུ་ཡང་ཆེ་ཡིན་འདུག་མི་ཟེར་རམ་གསུང་པས། འདུག་གསུང་། ལྷ་རྗེ་རྡོ་ཐོག་གི་ཞལ་ནས།ཨ་
ཅོའི་ལུག་དེ་མིན།འདི་ན་བཙུན་མོ་དང་རྗེ་མོ་དང་ཕྱུགས་མོ་ལ་སོགས་པ་གང་
འདོད་པ་བླང་དུ་ཡོད་པ་ལ། ཐལ་མོ་ཅིག་ཁྲིད་ནས་དེ་ལ་ཕྲུ་གུ་བཏོན་ནས། ཕ་ཞུ་སྟོན་གྱི་
བླ་ཚོང་གསུང་ནས་བཀའ་བཀྱོན་མང་པོ་གསུངས་པས།བླ་མ་འགག་མེད་རོལ་པའི་མགུར་
བཞེངས་པས།ཨ་ཅོ་མི་རུ་མི་འདུག་གསུང་སྐད་དགེས་སོ།། དེ་ནས་ཚོགས་ཁང་དུ་
བཞུགས་ནས་སྣང་བ་བཏུལ་སྐུ་བསོད་སྐྱེས། སྒོམ་མ་དང་ཉ་མ་མང་དུ་འདུས་སྐད། དགེ་སྦྱོར་མང་པོ་མཛད།ཨ་དཀར་ས་ལེ་དེང་རྒྱངས་སུ་གྲགས་པས་སྒོམ་མ་དང་།ཉ་མ་གང་རངས་
པོ་རིག་པ་འུར་བས།ཇོ་ལྕམ་དབང་སྐྱབས་ན་རེ་ཨ་དཀར་མ་བཟླས་ཡིད་ལ་བརྗོད་པ་ལ་
འདི་འདྲ་བའི་འོ་དོད་དུ་སྒྲོགས་པ་འདྲེ་ཆེད་བྱུང་ཟེར།དེ་གོང་ན་ཨདཀར་བགྲང་བ་མེད་
དོ།།དེ་ནས་སྐབས་ཅིག་ལ་སྟོད་དུ་བྱོན་ནས།དེ་ནས་ཡང་མར་བྱོན་པ་དང་།འཛེད་ཀྱི་རམ་
སྟོངས་བྱ་བ་ན་མཁའ་འགྲོ་མ་ཇོ་མོ་ཉ་ཉ་བྱ་བ་ཡོད་ཟེར་བ་ནས་མོས་གུས་སྐྱེས་ནས་ཞལ་
ལྟར་བྱོན་པས།འབར་སྟོང་དུས་མཉམ་ཡིན་གསུང་།གདམས་པ་ཞུས་པས་ཞལ་བཙུམས་སྤྱན་
ནམ་མཁའ་ལ་བཏེགས།ཕྱག་ནམ་མཁའ་ཡུག་མཛད་པས།བླ་མས་སྐྱེ་མེད་བརྗོད་མེད་ཀྱི་རྡ་
རུ་གོ་སྐད།མངོན་ཤེས་གདའ་གསུང་།སྟོན་པ་དཔེ་འདས་རུ་གདའ། རྒྱུ་འཇམས་ནས་
གདའ་།དོན་ཐོག་ཏུ་ཕོབ་གསུངས་སྐད།དེ་ཡི་བྱིན་རླབས་ཞུགས་ནས་སྤྱོད་པ་ཡང་ ཁྲིགས་
མེད་ཞིག་པོར་ཐལ་ལོ།།ཕྱིས་མོས་གུས་དྲག་པོ་སྤྱན་ཆབ་ཉིལ་བ་མཛད།དེ་ནས་ལྷ་རྗེ་དབང་
ཆེན་གྲོངས་ཀར།གཡུང་དྲུང་དགེ་སྡེངས་ཀྱི་དགོན་པ་ཕུལ་ནས་བཞུགས།དེ་ནས་ཁམ་བུ་པ་
དུར་ དང་།སྲང་རྨད་དང་།བ་མོ་ཞུ་དང་།ཡོན་ཕན་དང་།ཅོག་རེ་ཕན་ལ་སོགས་པ་བྱོན་
ནས།སྣང་བ་བཏུལ་ཉ་མ་མང་པོ་ཚོགས་སྐུ་བསོད་སྐྱེས།ཨ་དཀར་གྱི་སྐད་དེང་ཆེར་སོང་
སྐད།གདམ་ངག་དང་མགུར་མང་པོ་གསུང་སྐད།མཛད་སྤྱོད་ཐམས་ཅད་གཟའ་གཏད་མེད་
པར་དགག་སྒྲུབ་མེད་པར་ བཞུགས་སྐད།འགྲོ་དོན་ལ་གཤེགས་དུས་མིན་པ་སྐུ་ཕྱག་རྒྱ་དང་
ཐུགས་དགོངས་དང་མི་འབྲལ་བ་གདའ་སྐད།གདམ་ངག་སྣ་པ་མི་གསུང་།སློབ་མ་རྣམས་ལ་
ཡང་ལོང་གཏམ་དང་།སློབ་གཉེར་བྱ་རུ་མེད་ད་ལྟ་རང་ནས་སྒོམ་ཅིགད་ལྟའི་ཤེས་པ་ས་ལེ་
བ་ངོས་ཟུང་ཅིག་གསུང་ངོ་།།དེ་ནས་སྐབས་ཤིག་ཏུ་ཡོན་བདག་འཛི་བོན་པོ་ཅིག་ལ།བླ་མའི་
ཞལ་ནས་ང་ཡུལ་དུ་འགྲོ་མནོ་བ་མེད་པས་ཡུལ་དུ་ འཆི་དགོས་པ་འདུག གསུང་སྐད།དེ་ནས་
ལོ་གསུམ་ལོན་ཙམ་ན་རྒྱ་ཡི་ཟ་རང་དུ་བྱོན་ཙམ་ན།སློབ་མ་ཀུན་ལ་གདམ་ངག་ཉ་ལུག་ཆུ་
ལུག་ཏུ་འོང་ངོ་།།ཉི་ཟིན་སྦལ་ཟིལ་དུ་ཟུང་ཅིག་གསུང་།ང་ཤི་ཙ་ན་ཁ་ཆེམས་བཞག་རྒྱུ་མེད་
དོ།།ད་ལྟ་བཤད་པ་ལ་ཉན་པ་མེད་པ་ནན་ཏན་གྱིས་གསུང་།སྲས་ལྷ་འབུམ་ལ་གསུངས་པ།ང་
ཤི་ཙ་ན་མྱ་ངན་པ་རྣམས་ཀྱི་ཁར་ཐལ་དྲོན་སྤ་ར་རེ་ཐོབ་ཅིག་ང་ཡི་བླ་མ་བདེ་གནས་བདེ་བར་
འགྲོ་བ་ལ་་ང་ུ་མི་དགོས། ང་ུ་ན་ངན་སོང་གསུམ་དུ་སོང་གིས་དྭོགས་པ་ལ་ངུས་ འཁོར་བར་
འཁྱམས་ཀྱིས་དོགས་པ་ལ་ངུས་ཅིག་གསུང་། སློབ་དཔོན་མ་བོན་ཁོར་བྱོན་ཟེར་དུ་འོང་ངོ་
།།ངས་བོན་གྱི་འཁོར་ལོ་མང་པོ་སྐོར།སྒྲུབ་པ་མང་པོ་བྱས་ད་འཇག་མ་ལ་བཞོགས་ལ་ཀ་བ་
ལ་མ་རློན།སྒམ་སྒོམ་དང་ཡོན་བདག་ཕོ་མོ་ཁྲལ་མ་བཏབ།ང་ཡི་རོ་ལ་སྤང་མེ་རེ་རེ་བརྩེགས་ ལ་སྲེགས་རྟགས་མི་འོང་རྟགས་མ་རེ།དགེ་བཤེས་ཀྱི་བསྲེགས་ལུགས་མ་བྱེད་ལན་མང་དུ་གསུང་ངོ་།།དེ་ནས་འགའ་ཞིག་ནས་སྙུང་ནས་གཡར་གཅིག་ཙམ་སྙུང་ནས། སྲས་ལྷ་འབུམ་གྱི་ནོར་ངས་སོག་པ་མི་འོང་གསུང་ནས།ཐུགས་དམ་ཤེལ་ཕྲེང་གཅིག་བརྡའ་སྐད། ཞལ་ངོ་ཀུན་གྱིས་སྔོ་ཕུག་བྲག་ལ་བཏེག་པ་དང་གྲོངས་སྐད།བྲག་ལ་ཕོང་སྲེགས་བྱས་པས་དབུ་ཡི་ཐོང་རུས་ལ་ཡི་གེ་ཨ་ཤིན་ཏུ་གསལ་བ་ཅིག་བྱོན་སྐད།སྐྱེ་བ་མེད་པའི་བརྡའ་ཡིན་སྐད།རིང་སྲེལ་བཅྭོ་ལྔ་བཅུ་དྲུག་ཙམ་བྱོན་སྐད་དོ།།ཞལ་ངོ་རྣམས་དང་།སློབ་མས་བདུང་ཁང་གཡུང་དྲུང་ཁྲི་སྐོས་གི་བཟོ་ལུགས་ཅིག་གཤེགས་ནས།གདུང་ རུས་དང་ཨ་དང་རིང་སྲེལ་རྣམས་གནས་གཡུང་དྲུང་དགེ་སྟེངས་སུ་བཞུགས་སོ།། ཕྱིས་སེམས་ཅན་ལ་ཕན་པའི་སློབ་མ་མང་དུ་བྱོན།བོན་པོའི་རྣལ་འབྱོར་པའི་བསྟན་པ་ཚུགས་ཏེ།བོན་པོ་ཞེས་གྲགས་སོ།།རྟོག་ལྡན་དང་གྲུབ་རྟགས་ཅན་མང་པོ་བྱུང་ངོ་།།བླ་མ་ཞུ་སྒོམ་འཁྲུལ་ཞིག་གི་ལོ་རྒྱུས་རྒད་པོ་བླ་མ་ཆེན་པོ་དང་མཇལ་བ་འགྷ་ལ་ཐུག་ནས། ཞང་སྒོམ་རིན་ཆེན་རྒྱལ་བས་བཀོད་པ་རྫོགས་སོ།།འདི་བཀའ་བརྟེན་དཔེ་རྙིང་ཕྱོགས་སྒྲིགས་ནས་སྒྲིགས་པ་བཤུས་ཏེ། སོག་སྤྲུལ་རྟེན་འགྱུར་ལ་ལན་གཅིག་ཞུས་སོ།
- ཟིན་ཐོ་གོང་མ།སྲིད་པའི་བརྡ་དར་ཆེན་མོར་དཔྱད་པ།
- ཟིན་ཐོ་འོག་མ།ལུགས་གཉིས་ཀྱི་ཕུགས་འདུན་སྒྲུབ་ཚུལ་ཟུར་ཙམ་གླེང་བ་བཞུགས།།