སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
འཛམ་གླིང་བོན་པོའི་དགོན་གནས་སྒྲུབ་སྡེ་ཡོངས་ཀྱི་ལོ་རྒྱུས་ | 2016/5/26 13:28:00
འཛམ་གླིང་བོན་པོའི་དགོན་གནས་སྒྲུབ་སྡེ་ཡོངས་ཀྱི་ལོ་རྒྱུས་གསལ་བས། ༿་ཞང་བོད་གདན་རབས་༾ རྒྱལ་བ་སྨན་རི་བའི་བཀའ་རབས་འབྱམས་པ། དགེ་བའི་བཤེས་གཉེན་ཆེན་མོ། སྒོ་རིགས་ཤེས་རབས་གྲགས་པ། རིན་པོ་ཆེ་མཆོག་གིས། སྐྱབས་རྗེ་རྒྱལ་བ་སྨན་རི་བའི་མཁན་སློབ་རྣམ་པས་བཀའ་ལྟར། ལོ་བཅུ་ཕྲག་ལྷག་གི་རིང་། དཀའ་བ་ཁྱད་དུ་བསད་ངལ་བ་དང་དུ་བླངས། ལུས་སྲོག་འབན་དུ་གཙུག་སྟེ། མདོ་དབུས་ཁམས་གསུམ་གང་སར། བགྲོད་ལམ་བདེ་མིན་ལ་མ་ལྟོས་པར། རྐང་ཐང་ངམ་། རྟ་དང་འཕྲུལ་འཁོར་བཅས་ལ་བསྟེན་ནས། ལ་ལུང་རི་ཆུ་ཁྲི་སྟོང་བརྒལ་ཏེ།  དགོན་སྡེ་རི་ཁྲོད་གནས་ཡུལ་གྱི་ས་གནས་དངོས་ལ་ཕེབས་ནས། པར་བླངས་པ་དང་། གནས་ཚུལ་ཤེས་རྟོགས་མཛད་པ་སོགས། སྐུ་ཚེགས་འོ་རྒྱལ་གནང་འདུག་ལ། དེ་བཞིན་གོང་འོག་བར་གསུམ་གྱི་མི་སྣ། ཤིན་ཏུ་མང་པོ་ཞིག་ལ་འབྲེལ་བ་བཟོས་ཏེ། དགོན་སྡེ་རི་ཁྲོད་རེ་རེ་བཞིན་གྱི། ལོ་རྒྱུས་མ་ཟིན་བཙལ་གནང་བ་དང་། དེ་ནས་དགོན་སྡེ་རི་ཁྲོད་སོ་སོའི་ལོ་རྒྱུས་དེ་དང་མ་འགལ་བར། ལོ་རྒྱུས་མདོར་བསྡུས་རེ་བཏུས་རྩོམ་མཛད། དེར་དགོན་སྡེ་དང་བླ་གྲྭ་ཨ་ནེ་དགེ་བྱེད་པ་སོགས་ཀྱི། པར་རིས་དང་། གནས་ཡུལ་ས་ཁྲ་ལམ་ཐག་སྤྱི་ལེ་སོགས། གསལ་པོར་དགོད་གནང་འདུག་ལ། འདི་ལྟའི་གཡུང་དྲུང་བོན་གྱི་བསྟན་པར། བྱ་བ་རླབས་ཆེན་འདི་ལྟ་བུར། རིན་པོ་ཁོང་གིས། འབྱོར་བ་དང་ཤེས་ཡོན། འཇོན་ཐང་། སེམས་ཤུགས། ནུས་སྟོབས། སོགས་གང་ས་ཅི་ཐད་ནས། འབད་པ་བརྒྱ་ཕྲག་དང་བརྩོན་པ་ཁྲི་ཕྲག་གནང་ནས། སྐུ་ལས་སྐྱོན་གནང་ནས་གྲུབ་པ་ཞིག་ལོས་ཡིན། མ་ཚད་ད་རུང་བྱ་བའི་གོ་རིམ་ནང་། རྟ་དང་འཕྲུལ་འཁོར་བཅས་ཀྱི་བདལ་གླ་དང་། འགྲུལ་ཁང་གླ་ཆ་སོགས། འགྲོ་གྲོན་མང་པོ་དང་། དེ་ནས་ཡིག་བཏགས། སྒྲིག་བཀོད་པར་གདབ་སོགས། མི་གཅིག་གི་སྒྲུབ་ཐབས་མེད་དུས།  ལས་མི་དང་། དཔལ་འབྱོར་བཅས་ཀྱི་དཀའ་ངལ་ཤིན་ཏུ་མང་པོ་འཕྲད་ཡོད་པ་ནི་གོར་མ་ཆགས།་དེ་འདྲ་ཡིན་དུས། འདི་ལྟའི་བྱ་བ། སྒྲུབ་ཕོད་མཁན་དང་། སྒྲུབ་ཐུབ་མཁན་ནི། རིན་པོ་ཆེ་ཁོང་ལྟ་བུ་ཞིག་ལས་དཀའ་བར་དྲན། ཁོང་གིས་གང་ས་ཅི་ཐད་ཀྱི་དཀའ་ངལ་ཡོད་ཚད་ལ། གདོང་བླངས་ལམ་ཁ་བཤང་གནང་བ་སོགས།  མཐར་ཐུག་དཀའ་བ་སྤྱད། ཐབས་ཤེས་མཛད་གནང་བ་ལས། ཆེས་ཧ་ལས་དགོས་པའི་དེབ་ཆེན།༿ཞང་བོད་གདན་རབས།༾འདི་ལེགས་གྲུབ་བྱུང་འདུག་པ་ལ། ང་ཚོ་བོན་པོ་ཙམ་མ་ཚད། འཛམ་གླིང་ཡོངས་ཀྱི་བོད་དང་བོན་ལ་དོ་སྣང་ཡོད་མཁན་ཚང་མས། དཀའ་དྲིན་ཆེ། ཐུགས་རྗེ་ཞུ་འོས་སྙམ། རྒྱུ་མཚན་ནི། དེབ་འདིར་མདོ་དབུས་ཁམས་གསུམ་གྱི་དགོན་སྡེ་རི་ཁྲོད་སྒྲུབ་ཕུག་མཚོ་གླིང་ནག་ཚལ་དབེན་ཁྲོད་ཚང་མའི་ལོ་རྒྱུས་དང་སྤར་རིས། དེ་བཞིན་རྒྱ་ནག་རྒྱ་གར་བལ་ཡུལ་ཞང་ཀང་སོག་པོ་བཅས་ཀྱི། བོན་པོའི་སྒོམ་སྒྲུབ་གནས་གཞི་དང་ཚོགས་སྡེ་ཁག་ དེ་བཞིན་ཨ་རི་སོགས་འཛམ་གླིང་ཡོངས་ཀྱི་བོན་པོའི་སྒྲུབ་སྡེ་ཡོད་ཚད་ཀྱི་ལོ་རྒྱུས་འཁོད་པའི་དཔྱད་གཞི་དཔེ་ཆ་ཆེས་རིན་ཐང་ལྡན་པ་ཞིག་ལགས་པས་སོ། དེབ་འདི་ད་ལམ་སྤར་ཐེངས་དང་པོ་བཀྲམས་ཟིན་ནས། ད་ལྟ་རྒྱ་ཡིག་ཐོག་བསྒྱུར་ནས་པར་སྐྲུན་ལ་ཉེ་བ་དང་། མ་འོང་པར་དབྱིན་ཡིག་སོགས་ལ་འགྱུར་འཆར་གྱི་གནས་ཚུལ་ཡོད་འདུག་པ་བཅས་སོ།། སྤྱིར་བོན་པོའི་དགོན་སྡེ་ཡོོངས་ཀྱི་ལོ་རྒྱུས་འཁོད་པའི་དེབ། དེ་སྔོན་ཐོན་མ་མྱོང་པ་དང་། ལྷག་པར་དུ་འཛམ་གླིང་ཡོངས་བོན་པོའི་དགོན་པ་དང་རི་ཁྲོད་སྒྲུབ་སྡེ་དང་ཚོགས་པ་ཚང་མའི། ལོ་རྒྱུས་འཁོད་པའི་དེབ་འདི་འདྲ་ནི། སྲིད་ན་དཀོན་པ་ཞིག་རེད་འདུག་སྙམ་མོ།
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.