གནམ་སྲས་གཟི་དམར།
སྤྱི་བསྒྲགས།
རུས་མིང་མཐའ་ཞུ་ཡེ་ཤེས་བསྟན་འཛིན། སེར་མིང་འོད་ཟེར་མཐར་རྒྱས་འབྲེལ་གཏུག་གློག་འཕྲིན་18708082885 ཡང་ན་༡༨༨༩༨༠༡༣༥༨༨འབྲེལ་གཏུག་གློག་མཐོང་QQ1656147408 རྒྱ་ཆེའི་དྲྭ་གྲོགས་ཚོས་སློབ་སྟོན་དང་རྒྱབ་སྐྱོར་རོག་རིམ་གང་མང་གནང་བའི་རེ་བ་ཆེའོ།། །།
ལི་ཐོ།
ཆེད་སྒྲིག་རྣམ་དབྱེ།
པར་མཛོད།
ཟིན་ཐོ་གསར་བ།
- ལུང་རིག་འཁོར་ལོ།
- སྨན་རིའི་ཡོངས་འཛིན
- སྙིང་པོ་རྣམ་གྱི་ཕན
- མ་རྒྱུད་ཐེག་པ་གང་ལ
- མི་སྣ་རིདས་ཕྱི་མ་ག
- བོད་ལ་མི་ཆོས་ཀྱི་ར
- རི་དམར་སྣའི་གྲུབ་ཐ
- སྒོ་བཞི་མཛོད་ལྔའི་
- སུག་བུ་ཆུང་གི་སྐོར
- སྔགས་ཆས།
- གྲོང་ཆོག་སྐོར་གྱི་
- སྔགས་འཆང་བ།
- གནའ་རྫས་རི་མོའི་བོ
- ལོ་རྒྱུས་མི་སྣ་དང་
- རྗེ་མཉམ་མེད་པའི་རྣ
- རྗེ་མཉམ་མེད་པའི་སྐ
- མིའི་བུ་མོ་དང་ཀླུ་
- ངའི་ཕུག་བསམ་གཉིས་ག
དཔྱད་གཏམ་གསར་བ།
- Re:རྒྱལ་ཤོད་ལ་བླ་ག
- Re:སྒོ་བཞི་མཛོད་ལྔ
- Re:ལུང་རིག་འཁོར་ལོ
- Re:མི་སྣ་རིདས་ཕྱི་
- Re:མི་སྣ་རིདས་ཕྱི་
- Re:མི་སྣ་རིདས་ཕྱི་
- Re:མི་སྣ་རིདས་ཕྱི་
- Re:གནའ་རྫས་རི་མོའི
- Re:བོད་ལ་མི་ཆོས་ཀྱ
- Re:བོད་ལ་མི་ཆོས་ཀྱ
- Re:རྗེ་མཉམ་མེད་པའི
- Re:ངའི་ཕུག་བསམ་གཉི
- Re:ངའི་ཕུག་བསམ་གཉི
- Re:བོད་དཔེ་བཀའ་གཏེ
- Re:སྟག་སླག་ཅན་ལ་ཟུ
- Re:2ཁྱུང་ནག་བསམ་གཏ
- Re:ཁྱུང་པོའི་བླ་ཆུ
- Re:ཁྱུང་པོའི་བླ་ཆུ
ཆེམས་གསར་བ།
ནང་འཇུག
དྲ་གྲོགས།
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
ལུང་པ་གང་སར་ནས་བོན་པོ་བན་ལ་འགྱུར་བཞིན་པ། | 2016/5/29 10:51:00
3
གྲོང་ཆོག་ཚད་ལྡན་བྱེད་མཁན་ཡང་དཀོན་པས་སོ། རྒྱུ་རྐྱེན་དེ་དག་ལ་རྟེན་ནས། ཚ་བ་རོང་འདི་ཕྱོགས་སུ་དུད་མང་པོ། ཆོས་ལུགས་གཞན་ལ་འགྱུར་ཟིན་པ་དང་། ད་རུང་དགོན་པ་གཉིས་ཡོད་ནའང་། བཞུགས་མཁན་ཉུང་བའི། རྗེས་སུ་བོན་འབང་འདི་ཚོའང་། ཆོས་ལུགས་གཞན་ལ་འགྱུར་འགྲོ་བའི་ཉེན་ཁ། ཤིན་ཏུ་ཆེན་པོ་འདུག་བསམ་སོང་། རྒྱུ་མཚན་ནི་འདི་ཕྱོགས་སུ་ཤི་གསོན་གཉིས་ཀར། རྩིས་རྒྱག་མཁན་བོན་པོ་མེད་པ་དང་། གསོན་པོའི་ལས་དཀའ་གལ་ཆེན་དང་། མི་ཕྱུག་ན་བ་དང་མི་ཤི་དུས་སོགས་སུ། སྐབས་རེ་བན་དེར་རྩིས་ཞུ་བ་དང་། སྐབས་རེ་དཔའ་བོ་དཔའ་མོར་ལུང་ཞུ་བཞིན་འདུག་ལ། དེ་ཚོས་རྩིས་བབས་དང་། ལུང་བསྟན་ཚང་མའི་ནང་། འདོན་རྒྱུ་སྒྲུབ་རྒྱུ་བན་དེ་ཅན་རྐྱང་ཡིན་པ་དང་། འདོན་མཁན་ཡང་བན་དེ་གདན་འདྲེན་བཞིན་པ་དང་། ཡང་ན་བན་དགོན་ཁག་ལ། ཕར་འབུལ་བ་སོགས་བྱེད་ཀྱིན་འདུག་པས་སོ། འདི་འདྲའི་གནས་ཚུལ་ཡོད་དུས། བོན་དགོན་ཁག་ནས། ལོ་ལྟར་ཐོན་དང་ཐོན་བཞིན་པའི། བཤད་སྒྲུབ་སློབ་ཐོན་ཁག་གི་ནང་ནས། གྲྭ་པ་ལྷག་བསམ་ཅན། དང་བླངས་པ་ཡོད་ན། ལོ་རེ་རེ་གཉིས་གཉིས་སམ། ཡང་ན་ལོ་མང་པོར་ཡུལ་ཕྱོགས་འདི་དག་ལ་ཕེབས་ནས། བྱ་བ་སྒྲུབ་དགོས་ས་འདུག་ལ། གལ་སྲིད་དང་བླངས་པ་མེད་ཀྱང་། ལོ་རེའི་བཤད་སྒྲུབ་སློབ་ཐོན་བྱས་པ་དེ་དག་ལས། གྲྭ་པ་རེ་རེ་གཉིས་གཉིས་ལ། དགོན་སྡེ་ཁག་གི་བཀོད་སྒྲིགས་གནང་ནས། ཉུང་མཐའ་ལོ་གཅིག་ཡན། ཡུལ་འདི་དག་ལ་ཕེབས་ནས་བཞུགས་དགོས་པས། ལས་འགན་གནང་དགོས་ས་འདུག་བསམ་སོང་། ཚ་བ་རོང་ལ་ཆགས་བཞག་ན། དགོན་པ་རེ་ལ་དོན་ངོ་མ། ཨ་ནེ་རེ་རེས། ཨུ་ཚུགས་རྒྱག་ནས་བསྟན་པ་འཛིན་ནས། བཞུགས་འདུག་ཀྱང་། གྲོང་ཆོག་ནི་རྒྱ་ཆེན་པོ་མི་ཤེས་པ་དང་། དེ་བཞིན་སློབ་གསོ་སྤེལ་དགོས་ཀྱང་། ཁག་པོ་ཞེ་དྲག་ཡོད་ས་འདུག་ ཕྲན་རང་ཉིད་ནི། ནག་རུ་དགོན་ལས་དོན་རྗེས་སུ། གྲུབ་ཆེན་རིན་པོ་ཆེས་བཀའ་ལྟར། ཡུལ་འདིར་ཡོང་བ་ཡིན་ལ། དེ་ཡང་གྲུབ་ཆེན་ནམ་མཁའ་རིན་པོ་ཆེས། སྟག་ལ་དགོན་པ་འདིར། དེ་སྔོན་སྒོར་ཁྲི་ལྔ་ལྷག་ཙམ་གནང་ཟིན་པ་དང་། ད་ཐེངས་ཡང་འཁོར་ཆུང་ཞིག་དགོན་པ་དེར་གནང་ནས། ཕྲན་དེར་འགྲོ་ནས་དང་པོ། གྲོང་པ་འགའ་ཞིག་ལ་གྲི་འདུར་བཅའ་འདོན་དང་། དེ་མཚམས་དགོན་པ་དེར་ཟླ་ཤས་སམ། ལོ་ཤས་འདུག་ནས། ཨ་དཀར་བུམ་སྒྲབ་སོགས་འཚོགས་ནས། སློབ་གསོ་སྤེལ་དགོས་གསུང་པ་ལྟར། འཁོར་ཆུང་གནང་བ་དེ་གཏོང་ནས་སོང་པ་ཡིན། གྲོང་ཚོ་འགའ་ཞིག་ལ་གང་ཤེས་ཀྱི། སྐྱོབ་འགྲོ་སོགས་བཤད་པས་ཁུལ་བྱས་པ་ཡིན་ལ། སྟག་ལ་དགོན་པས་སྒོར་སྟོང་བརྒྱད་ཀྱིས་ཉོས་པའི། བོད་སྨན་རྣམས་ཕྲན་གྱིས་ནད་པ་ཚོར་རིན་མེད་དུ། སྤྲད་དགོས་ཟེར་བ་ལྟར། ནད་བལྟ་བས་ཁུལ་བྱས་ཏེ་སྨན་དེ་ཚོ་སྤྲད་པ་ཡིན། ཕྲན་གྱིས་དེ་སྔོན་བོན་རིའི་སྨན་པ་ཨ་མཚོ་རྣམ་རྒྱལ་དྲུང་ནས། སྨན་ཟླ་བ་ཁ་ཤས་དང་། སྟེང་ཆེན་རྫོང་སྨན་ཁང་སྟག་ལ་དྲུང་ནས། བོད་སྨན་ལོ་ཤས་དང་། སྟེང་ཆེན་རྫོང་སྨན་པ་རིག་རྡོ་དྲུང་ནས། རྒྱ་སྨན་ཏོག་ཙམ་སྦྱོང་ནས། སྨན་ཉོས་སྨན་རྩ་འཐུས་ཏེ། བོད་སྨན་ལག་ལེན་ལོ་འགའ་ཙམ་བྱས་ཀྱང་། ནད་ངོ་མི་ཤེས་པའི་སྨན་སྐྱུར་བཞག་པ་ཡིན་ཏེ། ད་ཐེངས་ཡང་སྨན་པ་ཞིག་བྱས་པ་ཡིན། དེ་སྔོན་སྟེང་ཆེན་དགོན་པའི་དབུ་མཛད། ཆེན་མོ་འཆི་མེད་གཡུང་དྲུང་གི་མདུན་ནས། ནག་རྩིས་སྦྱོང་ནས་རྩིས་ཀྱང་འགའ་རྒྱག་མྱོང་བས། ད་ཐེངས་མི་འགའ་ཤས་ལ་རྩིས་ཀྱང་འགའ་རྒྱག་པ་ཡིན། རྗེས་སུ་འདི་ཕྱོགས་སུ་ཕེབས་མཁན་ཚོས་ཡིད་འཇོག་བྱེད་རྒྱུ་ལ། ཡུལ་འདི་ལ་རྐང་པ་གཙུག་དགོས་ན། ཡུལ་འདིར་བྲིན་ཤོས་སམ། དགའ་བསུ་ཐོབ་ཆེ་ཤོས་ནི། གྲོང་ཆོག་དང་སྨན་རྩིས་བཅས་རེད་འདུག་ལ། དེ་ཚོ་སྒྲུབ་ཤེས་ཤིང་སྒྲུབ་ཐུབ་མཁན་ཞིག་ཡིན་ན། ཡུལ་འདིར་ས་ངེས་རེད་འདུག་ དེར་སྨན་པ་མེད་པ་དང་། གྲོང་ཆོག་བྱེད་མཁན་མེད་པ། རྩིས་རྒྱག་མཁན་རྩ་བ་ནས་མེད་པ་བཅས་རེད་འདུག་་ ཕྲན་ནི་དེ་ལྟར་ཉིན་ནས་ཟླ་བ་དང་། ཟླ་བ་ལོ་ལ་བསྲིང་དགོས་ན། རྩ་བ་ནས་མོས་པ་མི་འདུག་ལ། སྒྲུབ་ཀྱང་ཐུབ་ས་མི་འདུག་པའི། དགོན་པའི་ཨ་རྒྱ་བླ་མ་དང་ཨ་ནེ་གཉིས་ཀའི་ལོ་ཤས་ཟླ་ཤས་སུ། དགོན་པར་སྡོད་རོགས་ཞེས། ཐེངས་མང་གསུང་བྱུང་ལ། གྲོང་ཚོའི་རྒན་རབས་ཚོ་དང་འགོ་ཁྲིད་ཚོས་ཀྱང་། ཡུལ་འདིར་བླ་གྲྭ་དཀོན་པའི་བཞུགས་རོགས་ཞེས། རེ་བ་བྱས་བྱུང་ལ། འདིར་སྡོད་ཆོག་པའང་ཁོ་ཚོས་བྱེད་འོང་ཟེར་ཀྱང་། འདི་ལྟའི་བྲེལ་བ་ཆེ་ལ་ཉིན་ལྟར་ཡུལ་མི་ཚོ་ལ་ཞབས་ཞུ་དང་། སློབ་གསོ་ནི་ཕྲན་གྱི་མི་འཇོན་པའི། གྲུབ་རྗེ་རིན་པོ་ཆེ་དང་། དགོན་པ། ཡུལ་མི་བཅས་ལ་དགོངས་པ་ཞུས་ཏེ། ཕྲན་གྱི་བོན་པོའི་དགོན་སྡེ་དང་བླ་སྤྲུལ་མཁན་སློབ། དགེ་བཤེས་གྲྭ་ཇོ་སོགས། གང་མང་མང་ལ་འདི་ལྟའི་གནས་ཚུལ་སྙན་ཞུ། འབུལ་འོང་ཞུས་པ་ལྟར་ཁྱུང་ཞུ་པས་བྲིས་པ་ཡིན།། ཞོར་དུ། ཡུལ་འདི་ཚོར་སྤྱིར་ནི་ཚ་བ་ཆེ་ཞིང་། ལོ་ཐེངས་གཉིས་ལ་འདེབས་པ་ཡིན་འདུག་། ཤིང་ཏོག་རིགས་མང་པོ་ཐོན་པ་དང་། སྟ་སྒ་ཐོན་འབོར་ཆེས་མང་བའི། དུད་ཁ་ཤས་ལ་ལོ་རེ་སྟ་སྒ་རྒྱ་མ་ལྔ་སྟོང་ཙམ་ཐོན་པ་རེད་ཟེར། སྤྱི་ལྔ་པའི་ཉི་ཤུ་ནང་ནས་བརྔ་བ་དང་། སྤྱི་ཟླ་བཅུ་པ་ཙམ་ནས། གྲོ་དང་མ་མོས་ལོ་ཐོག་བྲ་བོ་བཅས། བསྡུ་བ་རེད་ཟེར། ཡུལ་འདིར་བྲ་བོ་སྣ་གཉིས་ཐོན་ཞིང་། དེ་གཉིས་ཀའི་གཅིན་པ་མངར་འགྱུར་གྱི་ནད་ལ་ཕན་པའི། གཅིན་པ་མངར་འགྱུར་གྱི་ནད་ན་མཁན་མེད་པ་རེད་ཟེར། ཡུལ་འདིར་འབུ་རྐོ་རྒྱུ་མེད་ཀྱང་། ལས་ལ་བརྩོན་པས་དཔལ་འབྱོར་འཕེལ་རྒྱས་ཆེ་ཞིང་། འཚོ་བ་བབས་ཆགས་པ་དང་། ཟས་གོས་འཕྲུལ་འཁོར་ཤོག་དངུལ་གྱི་ཕྱུག་འདུག་ལ། དེ་བཞིན་ཞོ་འོ་མ་ཤིང་ཏོག་མར་ཕྱུར་བཅས་ནི། འབེལ་པོ་འདུག་ ཡུལ་འདིར་གཡག་དང་ནོར་ལུག་བཅས་ནི། འཚོ་མི་ཐུབ་ཅིང་། བ་དང་ར་རྟ་དྲིལ་མཛོ་ཕག་བཅས་ནི། མོད་པོ་འདུག་གོ།
རྩོམ་པ་པོ།:TXLM | བལྟ་ཀློག(822) | ལན་སློག(1) |གནད་དོན་ཡར་ཞུ | འདྲེན་བཀོལ་སྤྱི་བསྒྲགས(0) | རྩོམ་སྒྲིག
- ཟིན་ཐོ་གོང་མ།འཛམ་གླིང་བོན་པོའི་དགོན་གནས་སྒྲུབ་སྡེ་ཡོངས་ཀྱི་ལོ་རྒྱུས་
- ཟིན་ཐོ་འོག་མ།རྒྱལ་ཤོད་ལ་བླ་གྲྭ་ཕེབས་རོགས་ཞུ།
