སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
ཀ་རིན་པོ་ཆེ། | 2016/5/22 11:44:00
བོད་ཆབ་མདོ་སྟེང་ཆེན་རྫོང་གསེར་རྩ་ཤང་། རྨེ་ཚེ་མཚམས་པ་ཀུན་གསལ་རྒྱལ་མཚན་རིན་པོ་ཆེའམ། ཀ་རིན་མཆོག་གི་མཛད་རྣམ་མདོར་བསྡུས། ཁོང་ནི་རི་ཧ་ཉིན་ཐ་རྨེ་ཚེ་ཚང་དུ། ཡབ་རྨེ་ཚེ་རིང་དོན་འགྲུབ་དང་། ཡུམ་འབྲིང་བཟའ་འཛོམས་དགའ་གཉིས་ཀྱི་སྲས་སུ། ༡༩༧༡་ལོར་འཁྲུངས། ཆུང་ནས་ཨ་མྱེས་རྨེ་ཚེ་གཡུང་རྒྱལ་གྱིས་འབྲི་ཀློག་བསླབས། དེ་ནས་ཆེར་སྐྱེས་ནས་ཕུག་ལབ་མཚམས་པ། རྫོགས་ཆེན་རྣལ་འབྱོར། མི་ཤིག་གམ་ཚུལ་ཁྲིམས་མཐར་ཕྱིན་དྲུང་ནས། སྔོན་འགྲོ་བཀའ་ལུང་རྒྱ་མཚོའི་ཁྲིད་ཀ་ཞུས་ཏེ། འབུམ་དགུ་བསགས་སྦྱོང་བྱས། དེ་ནས་དངོས་གཞི་སྐུ་གསུམ་རང་ཤར་ལྟར།། དངོས་གཞིའི་ཁྲིད་ཀ་ཞུས། དེ་ནས་ཀོང་པོར་བྱོན་ཏེ། བསྐོར་བ་བསགས་པ་དང་། དགུན་ཁ་བོན་རིའི་ནུབ་བྱ་སྟི་སྒྲུབ་ཕུག་ཏུ། རྩ་རླུང་མུན་མཚམས་སོགས་སྦྱོང་ཏེ། ཉམས་ལེན་བསྐྱངས་ཏེ་ལོ་བདུན་ཙམ་བསྡད། ༼་་ནུབ་བྱ་སྟི་སྒྲུབ་ཕུག་ནི། ༡༩༩༡་ལོར་མཐའ་ཞུ་འོད་ཟེར་མཐར་རྒྱས་ཀྱིས་སྒྲུབ་ཕུག་བསྐྱར་གསོ་བྱས་ཏེ། ཁང་པ་བཞེངས་རྗེས། ཀ་རིན་པོ་ཆེ་སོགས་དགེ་བྱེད་པ་རྒྱུན་མ་ཆད་པར། ད་བར་བཞུགས་མཁན་བྱུང་འདུག་་༽དེའི་སྐོར་གངས་རི་པོ་ཆེར་བསྐོར་བ་བཅུ་གསུམ་ཕུལ་བ་དང་། དེ་ནས་མཚོ་མ་པང་སོགས་མཇལ་ཏེ། སླར་ཀོང་པོར་བཞུགས། ༡༩༩༧་ལོར་ཁྱུང་པོར་ཕྱིར་ཡོངས་ནས། སྟེང་ཆེན་དགོན་དུ་སྒྲུབ་གྲྭ་ལོ་བཞི་བཞུགས། དེ་ནས་༢༠༠༠་ལོ་ནས་༢༠༠༧་ལོ་བར། ལོ་བདུན་ལ། བྱ་ཟེ་ཡོངས་རྫོང་དགོན་དུ། སྟག་ལ་སྒྲུབ། ཞོར་དུ་གཞོན་ནུ་མང་པོར་འབྲི་ཀློག་བསླབས། ༢༠༠༧་ལོར་སྟག་ལའི་མཚམས་གྲོལ་ཏེ། ཚ་ནེ་རི་ཁྲོད་ཁོངས་གཏོགས། གཟུངས་སྒྲུབ་རི་ཁྲོད་བསྐྱར་གསོ་བྱས་ཏེ། མཚམས་ཁང་བཞེངས་ནས། ད་བར་བཞུགས་གནང་འདུག་གོ། འདིར་བཞུགས་རིང་ཁོང་གི་གཞོན་ནུ་ཕོ་མོ་རིས་མེད་ལ། འབྲི་ཀློག་སློབས་ཤིང་། གྲྭ་པ་ཨ་ནེ། བོན་སྔགས་བཅས་ལ། གསང་སྔགས་ཕྱི་ནང་གི་གྱེར་དབྱངས་བརྡུངས་གསུམ། སློབས་གནང་བ་དང་། སོ་སོའི་འདོད་མོས་ལྟར། སྔོན་འགྲོ་དངོས་གཞི། རྩ་རླུང་མུན་མཚམས་ཐོད་བརྒལ་སོགས། ཁྲིད་ལུང་གནང་བས། ལོ་ལྟར་གྲྭ་པ་ཨ་ནེ་བོན་སྔགས། གཞོན་ནུ་བཅས། དཔྱིད་དབྱར་སྟོན་གསུམ་ལ། བརྒྱ་ལྷག་དང་། དགུན་ཁ་མང་ན། ཉིས་བརྒྱ་ལྷག་དང་། ཉུང་མཐར་བརྒྱ་དང་ལྔ་བཅུ་སྐོར། རྒྱུན་མ་ཆད་པར་ཡོད་འདུག་ལ། ཁོང་ནི་གྲྭ་པ་གྲྭ་རྐྱང་གི་ཚུལ་མཛད་པ་ལས། བླ་མ་དང་མཁན་པོ་གྲུབ་ཐོབ་སོགས་ཀྱི། མིང་མཛད་གཉིས་ཀ་མི་སྐྱོང་ཞིང་། དམན་པའི་ས་ནས་རླབས་ཆེན་མཛད་པ་སྐྱོང་བཞིན་འདུག་ལ། ཁོང་ལ་བསྟེན་མཁན་ཐག་ཉེ་འགྱངས་དང་། ཕྱུག་དབུལ་མེད་པར། འཚོ་བ་གང་འབྱོར་ལས། ཚད་མེད་ཅིང་། ཐག་རིང་བ་རྣམས་ལ་འཚོ་བའང་གནང་གི་འདུག་ལ།  སློབ་ཡོན་ནི་ཁོང་ལ་རྩ་བ་ནས་མི་དགོས་པར། རི་ཁྲོད་འདིར་བསྡད་མཁན་ཡིན་ཚད། མཐོ་དམན་དང་ཕྱུག་དབུལ་མེད་པར། འཚོ་བ་གཅིག་འགྱུར་ཡིན་ཞིང་། ཐབ་ཚང་གཅིག་ནང་ཟ་མ་བཟོ་བ་དང་། མ་བྱན་ཆུ་ལེན་རེས་མོས་བྱེད་པ་དང་། རྒྱག་ཆས་ཀ་གང་ཡོད་མཉམ་སྤྱོད་བྱེད་པ་དང་། ཁོང་རྩར་རྒྱུན་བཞུགས་གྲྭ་དགེ་ཆེ་བ་ཁ་ཤས། དགེ་བསྐོས་དང་། དགེ་རྒན་བྱེད་བཞིན་འདུག་ལ། དེ་བཞིན་སྒྲིགས་ཁྲིམས་ཡང་ནན་མོ་བྱེད་པས། ཡི་གེ་འབྲི་ཀློག་དང་གསང་སྔགས་གྱེར་དབྱངས་སོགས། ལབ་རྩ་བ་ལ་སྐད་གྲགས་ཆོད་འདུག་ལ། སྐད་གྲགས་ཡོད་པ་ནང་བཞིན་ཁོང་གིས། སློབ་ཕྲུག་ལ་དོ་དམ་དང་། ནན་ཏན་ཆེན་པོའི། ཁོང་གི་མི་ཚེ་དགེ་ཕྲུག་གི་ཆེད་དུ། སྤྱོད་བཞིན་འདུག་གོ། ཁོང་གིས་འབྲི་ཀློག་སློབ་པ་སྔ་ཕྱིར་སྟོང་ཕྲག་ལས་བརྒལ་བ་དང་། དངོས་སུ་འབྲི་ཀློག་འདོན་གྱེར་མཐར་ཕྱིན་པ། དྲུག་བརྒྱ་ལྷག་བྱུང་འདུག་ལ། ད་རུང་ཁོང་སར་ལོ་ལྟར་ཡིག་རྨོངས་པ། གཞོན་ནུ་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་པ་ཐོས་ལ། དེ་བཞིན་མི་རྫི་སོང་གིས། ཁོང་ལ་བལྟ་སྐྱོང་གང་ལེགས་ནས་གང་ལེགས་བྱས་ཏེ། ཁོང་ལ་དཀའ་ཁག་འཕྲད་བཞིན་པ་བཅས་སོ། ཁྱུང་ཞུ་པས་བྲིས། 

དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.