སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
གསེར་རྩ་ཡ་མ་མཚམས་ཆེན་རིན་པོ་ཆེ། | 2016/5/17 10:45:00
སྔོན་འགྲོ་རྩ་རླུང་དང་། མུན་མཚམས་སྡོད་མཁན། ལོ་ལྟར་ཉིས་བརྒྱ་ལྷག་བསྐྱངས་བར་མཛད།  དུས་རྒྱུན་ཐོ་རང་སྔོན་འགྲོ་རྩ་རླུང་དང་ཐུན་གཅིག་བཞུགས། ཉི་ཤར་བསང་དང་ཆུ་གཏོར་ཚར་རྗེས་ཐུན་གཅིག་བཞུགས། སྔ་དྲོ་ཕྱི་དྲོ་བསྙེན་པ་བཟླས། ཕྱི་དྲོ་སྲུང་མ་བསྐུལ་ཞིང་། གསུར་གསུང་རྗེས་ཐུན་གཅིག་བཞུགས། དགོངས་མོ་ལུས་སྦྱིན་གཏོང་རྗེས། ཐུན་གཅིག་བཞུགས་པ་སོགས། དགེ་སྦྱོར་ཆུ་བོའི་རྒྱུན་ལྟར་བསྐྱངས་བར་མཛད་དོ། སྤྱིར་དཔྱིད་དབྱར་ལ་སྔོན་འགྲོ་དངོས་གཞི་གནང་བའམ། ཁོང་ཉིད་ཀྱིས་ཐོད་རྒལ་གཟིགས་མཛད་པ་དང་། སྟོན་དགུན་གཉིས་ལ་རྩ་རླུང་དང་མུན་མཚམས། ཁྲིད་ཀ་གནང་ཞིང་ཁོང་ཉིད་ཡང་། དུས་དུས་སུ་བཞུགས་པར་མཛད་དོ། སློབ་མ་ཡང་སྨད་ཚ་བ་སྒང་གི་ཡན་ཆོད་དང་། ཕར་ནང་ཆེན་སོགས་ཤིན་ཏུ་མང་པོ་བསྐྱངས་གནང་བ་རེད་ལ། དཀའ་སྤྱད་ཉམས་ལེན་སོགས་གང་ཐད་ནས་ཀྱང་། ཁོང་ནི་གྲུབ་ཆེན་ནང་གི་གྲུབ་ཆེན་རེད། ཅེས་རྒན་པོ་བཀྲ་དགའ་ནས་གསུང་བྱུང་ལ། ཁོང་ནི་དེངས་དུས་འཕྲུལ་ཆས་རིགས་ལ་རྨོངས་ནག་གྱུར་ཏེ། ཁ་པར་ཉན་པ་དང་གཏོང་ཤེས་ཙམ་ལས། སྐད་འཕྲིན་སོགས་ལ་ནི། རྩ་བ་ནས་མི་དགྱེས། ཁོང་གིས་ཉམས་ཆུང་འཁོས་ཞན་གྱི་རྒན་རྒོན་མང་པོར། ཟས་གོས་བོན་གསུམ་གྱི་གནང་སྦྱིན་མཛད་དེ། མཚམས་ཁང་ནང་ཉར་གནང་བས་མ་ཚད། ཕ་མེད་མ་མེད་དང་། མགོན་མེད་སྐྱོབ་མེད་ཀྱི། དྭ་ཕྲུག་ཚང་མ་ཁོང་གི་གསོ་སྐྱོང་གནང་གི་ཡིན་ཞེས། བསྒྲགས་མཛད་པ་ལྟར། ད་ལྟ་མགོན་མེད་དྭ་ཕུག་བཅུ་གྲངས་ཤིག་ཟས་གོས་ཡོན་ཏན། གྱི་གསོ་སྐྱོང་གནང་ནས་མཚམས་ཁང་ནང་ཉར་གནང་འདུག་ལ། དེ་ཚོར་ཀ་ཁ་ནས་འགོ་གཙུག་སྟེ། འབྲི་ཀློག་བསླབས་མཛད་པ་དང་། དེ་ནས་སྔོན་འགྲོ་དངོས་གཞི་རྩ་རླུང་མུན་མཚམས། སོགས་སྦྱོང་པའང་བྱེད་བཅུག་གནང་འདུག་ལ། མོས་པ་ཡོད་པ་རྣམས། གྲྭ་པ་ཨ་ནེ་བྱེད་བཅུག་པ་དང་། མོས་པ་མེད་ན། སོ་སོའི་མདུན་ལམ་ཐད། རོགས་མགོན་གནང་བཞིན་འདུག་གོ། ཁོང་ནི་ནད་གཅོད་གདོན་འདུལ་ཐད། སྐད་གྲགས་ཆེན་པོ་འདུག་ལ། སྐད་གྲགས་ཡོད་པ་ནང་བཞིན། དངོས་གནས་ཡུན་རིང་ནད་མནར་གྱི་ནད་པ་མང་པོ། ཁོང་ལ་བསྟེན་ནས་སངས་དྲག་ཕྱིན་པ་མང་པོ་འདུག་ལ། དེ་བཞིན་རྨ་སྲིན་སོགས་མི་ནད་དང་། ཕྱུག་ནད་རིགས་འདྲ་མིན་ཁོང་ལ། སྐྱོབས་འཇུག་ཞུས་པ་མང་པོ་དྲག་བསྐྱེད་བྱུང་བ་ནི། མངོན་སུམ་གྱི་མཐོང་ཐོས་ཡིན། ཨ་མྱེས་དང་ཡབ་ཀྱིས་ཁོང་ལ། ས་གཏོ་སྨན་རྩིས་སྦྱོང་དགོས་པའི་བཀའ་གནང་ཀྱང་། ཁོང་གིས་དང་ལེན་མ་བྱས་པས། ཁོང་གི་གཅེན་པོ་ཚེ་དབང་ཕུན་ཚོགས་ཀྱིས། ས་གཏོ་སྨན་རྩིས་སོགས་ཚང་མ། ཡབ་དང་ཨ་མྱེས་ས་ནས་སྦྱོང་གནང་འདུག་ལ། དེངས་སང་ཡང་ཕྱག་ལེན་གནང་བཞིན་པ་ཡིན་འདུག་ལ། ཚེ་དབང་ཕུན་ཚོགས་ཁོང་ནི། ཆུང་ནས་རབ་ཏུ་བྱུང་སྟེ། སྔ་ཕྱིར་རི་ཁྲོད་དགོན་སོགས། དགོན་སྡེ་མང་པོའི་བླ་མ་བསྟེན་ནས། སྦྱོང་པ་ཉམས་ལེན་མང་པོ་གནང་བ་དང་། དུས་རྒྱུན་ཚ་ནེ་རི་ཁྲོད་དུ་བཞུགས་པ་དང་། ཚ་ནེ་དགོན་པ་ལའང་གྲྭ་ཐོ་ཡོད་པ་ལྟར། སྒྲིགས་སྲུང་ཁྲིམས་སྲུང་གནང་བ་དང་། ཞོར་དུ་མང་ཚོགས་ལ་ས་གཏོ་སྨན་རྩིས་སོགས། གང་ལ་གང་དགོས་ཞབས་འདེགས་ཞུ་བཞིན་བཞུགས་འདུག་གོ། ཡ་མ་མཚམས་ཆེན་རིན་པོ་ཆེ། ཕུན་ཚོགས་རྣམ་རྒྱལ་ཁོང་གིས། དབུ་ཁྲིད་དེ། ཚ་ནེ་རི་ཁྲོད་ནས་རྩེ་དྲུག་བར་དུ། སྔ་ཕྱིར་བསྐྱངས་ཕྱག་ཐེངས་བཞི་བཙལ་བས། ཐེངས་དང་པོ་ཕྱག་འཚལ་བ་མི་དྲུག་ཅུ་ལྷག་དང་། ཐེངས་གཉིས་པ་དང་གསུམ་པ་བཞི་པ་བཅས་ལ། ཕྱག་འཚལ་མཁན། མི་བརྒྱ་ལྷག་བརྒལ་བ་ལྷན་དུ་བྱུང་སོང་། ཡང་རྟ་རྣ་ལ་བསྐོར་བ་ཐེངས་གཉིས་ཕེབས་པས། ཐེངས་དང་པོ་གནས་བསྐོར་བ། ལྔ་བཅུ་ཙམ་དང་ཐེངས་གཉིས་པ་ལ། དྲུག་ཅུ་ཙམ་དང་ལྷན་དུ་བསྐོར་བ་ཕེབས། ཡང་ཚ་ནེ་རི་ཁྲོད་ནས་ཕུག་ལབ་བར་དུ། བསྐྱངས་ཕྱག་ཐེངས་གཅིག་བཙལ་གནང་བས། ལྷན་དུ་ཕྱག་འཚལ་བ་མི་བརྒྱ་ལྷག་ཙམ་བྱུང་འདུག་ཁོང་ནི། དུད་ཚང་གི་ཁྱིམ་ནང་ཕེབས་མི་གནང་ཅིང་། འབུ་ལྡོམ་དངུལ་ལྡོམ་ཟེར་བ་ནི། ནམ་ཡང་བྱོན་མ་མྱོང་ནའང་། ཉེ་སྐོར་གྱི་མི་ན་བ་དང་། ཤི་བ་འདྲ་ཡིས་རེ་འདུན་ཞུས་ན། དུད་དེའི་སྒོར་རྩར་ཕེབས་ནས། གང་ལ་གང་འདུལ་གྱི་གསོན་པོ་ལ་ཚེ་དབང་དང་བཀའ་བགོ། གཤིན་པོ་ལ་འཕོ་བ་དང་བྱང་བུ་སོགས། བཞུ་མཛད་ཀྱི་འདུག་ལ། དེ་བཞིན་ཉིན་ལྟར་མཇལ་མཁན་ནི། བང་སྒྲིགས་ནས་འདུག་གོ། བྱ་བཏང་རི་ཁྲོད་དུ། བཀའ་འགྱུར་ལུང་ཞུ་བར་ཕེབས་སྐབས། དགོན་པ་དང་། བླ་མ་མང་པོར་སྒོར་ཁྲི་ལྷག་ཕུལ་གནང་བ་དང་། དེ་བཞིན་དགོན་སྡེ་མང་པོར། མར་ཕྱུར་དང་སྒོར་ཁྲི་སྟོང་མང་པོར་ཞལ་འདེབས་ཕུལ་བར་མཛད་འདུག་ལ། ཁོང་མཚམས་ཁང་གསར་པར་སྤོས་རྗེས། མཚམས་ཁང་རྙིང་པར་གྲྭ་པ། ཁ་ཤས་ལས་བཞུགས་མཁན་མེད་པར་གྱུར་ཀྱང་། རྗེས་སུ་༢༠༡༢་ལོར་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་རིན་པོ་ཆེ། དེར་བཞུགས་མཛད་པས། ཡ་མ་མཚམས་ཆེན་རིན་པོ་ཆེ་ཁོང་གིས། མཐུན་རྐྱེན་གང་མང་ཕུལ་བ་དང་། དེར་ནམ་མཁའ་རིན་པོ་ཆེས། འདུ་ཁང་ཆུང་ཆུང་ཞིག་བཞེངས་གནང་ལ། འགྲོ་སོང་ཡང་མཚམས་ཆེན་ཁོང་གིས་གཏོང་བ་དང་། གྲུབ་ཆེན་རིན་པོ་ཆེའི་མདུན་བཅར་མཁན། མང་བའི་ལྕགས་ཁང་ཡང་འགའ་ཞིག་ཕུལ། དེ་ནས་དེར་རྒྱུན་བཞུགས་ཨ་ནེ་ཉི་ཤུ་ཙམ་ཡོད་པ། གྲུབ་ཆེན་རིན་པོ་ཆེའི་སྒྲུབ་གྲྭ་གཙུག་སྟེ། མཁན་མོ་དྲི་མེད་བཟང་མོ་བསྐོ་བཞག་མཛད་པས། དེར་ལོ་བཞི་ལ་སྒྲུབ་གྲྭ་མ་རྣམས་དང་མཁན་མོ་བཅས་ལ། འཚོ་བ་དང་ལྕི་ཤིང་སོགས་ཀྱི་མཐུན་རྐྱེན་ཡང་། ཡ་མ་མཚམས་ཆེན་རིན་པོ་ཆེ་ནས་གནང་བར་མཛད་འདུག་ལ། ཁོང་གི་མཚམས་ཁང་གསར་པར། ཨ་ནེ་རྒན་རྒོན་བདུན་བརྒྱད་ཙམ་དང་། གྲྭ་ཆུང་ད་ཕྲུག་བཅུ་བདུན་ཙམ་ལའང་།  འཚོ་གོས་ཆ་ཚང་གནང་བཞིན་པ་ཡང་རེད་འདུག་ལ། མདོར་རི་ཁྲོད་འདིའི་མཚམས་ཁང་འདིར་བཞུགས་ཚང་མ། ཐབ་ཚང་གཅིག་ནང་ཟ་མ་བཟོས་ཏེ། གཅིག་འགྱུར་གྱི་ཟ་འཐུང་གནང་གི་ཡོད་འདུག་གོ། འདི་ལྟར་ཡ་མ་མཚམས་ཆེན་རིན་པོ་ཆེ། ཁོང་ལོ་མང་མཚམས་ཉམས་ལེན་རྐྱང་གནང་ནས། བཞུགས་གནང་བའི་མིག་ལྟོས་ལས། ཚ་ནེ་རི་ཁྲོད་ཀྱི་ཉེ་བསྐོར་དུའང་། ཀ་རིན་པོ་ཆེ་སོགས་མཚམས་པ་མང་པོ་ཞིག་ ཡ་མ་མཚམས་ཆེན་རིན་པོ་ཆེ་ནང་ལྟར། བཞུགས་མཁན་ཡང་བྱུང་འདུག་ཅེས་པ་འདི་ནི། ཡ་མ་མཚམས་ཆེན་རིན་པོ་ཆེའི་སློབ་མ། རྒན་པོ་བཀྲ་དགའ་ཡི་བཤད་པ་གཙོར་བཞག་ ཁོང་གི་གཅེན་པོ། ཡ་མ་རྟོགས་ལྡན་ཚེ་དབང་ཕུན་ཚོགས་སོགས་ལ་དྲིས། ཁོང་མཚམས་ཆེན་རིན་པོ་ཆེ་ལའང་བཀའ་འདྲི་ཞུས་ཏེ་བཀོད་པ་རེ་ཞིག་རྫོགས་སོ།  

དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.