སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ལི་ཐོ།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
ནང་འཇུག
སྒྲིག་འཇུག...
དྲ་གྲོགས།
སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
སྒྲིག་འཇུག...
གསེར་རྩ་ཡ་མ་མཚམས་ཆེན་རིན་པོ་ཆེ། | 2016/5/17 10:35:00
ཚ་ནེ་རི་ཁྲོད་ཀྱི་ལོ་རྒྱུས་ལ། དང་པོ་གནས་འདིར་ཨ་ལོང་མཚམས་པ་ཞེས་ཞུ་བ་ཞིག་བཞུགས་ནས། མཚམས་བསྙེན་སྒྲུབ་ཉམས་ལེན་གནང་བ་དང་། དེ་རྗེས་མེ་ལོང་མཚམས་པ་ཞུ་བ་བཞུགས་པ་དང་། དེ་རྗེས་ས་གསོལ་མཁའ་འགྲོ་ཞུ་བ་ཞིག་བཞུགས་པ་དང་། དེ་རྗེས་མཚམས་པ་རིན་ཆེན་རྒྱལ་མཚན་ཞུ་བ་བཞུགས་པ་དང་། དེ་རྗེས་རྒྱལ་རོང་མཚམས་པ་ཞུ་བ་ཞིག་བཅས། རི་ཁྲོད་འདི་དང་ཉེ་བསྐོར་དུ། མཚམས་པ་སྔ་ཕྱི་ལྔ་དྲུག་ཙམ་བཞུགས་མྱོང་བའི་ངག་རྒྱུད་ཡོད་པ་རེད། དེ་ནས་དངོས་སུ་རི་ཁྲོད་ཕྱག་འདེབས་མཁན་ནི། ཆ་ས་མཚམས་པ་ཡིན་ལ། དེ་དུས་གྲུབ་རྗེ་སྨོན་ལམ་རྒྱལ་མཚན་གྱིས་ས་སློང་མཛད། ཆོ་ག་བཅུ་གཉིས་དང་། གནས་རྟེན་བཅུ་དྲུག་ལོ་ལྟར་འཚོགས་དགོས་པའི་བཀའ་གནང་སྟེ། འཚོགས་རྒྱུན་བརྟན་རྩ་གནང་། དེ་ནས་ཆ་ས་མཚམས་པའི་འགན་ཁུར། ཡ་མ་སྨོན་ལམ་གྱི་སྦྱིན་བདག་མཛད་དེ། རི་ཁྲོད་རྨིངས་གཏེངས། འཚོགས་དུས་མཆོད་ཆད་མེད་འཚོགས། དེ་མཚམས་ཡ་མ་གཡུང་དྲུང་གིས་འགན་ཁུར་དང་། སྦྱིན་བདག་མཛད་དེ། འཚོགས་དུས་མཆོད་ཆད་མེད་བྱས། དེ་ནས་དཀར་རུ་དཀར་ལེགས་དགོན་ནས་བྱོན་པས། མཚམས་པ་གཡུང་དྲུང་རྣམ་དག་ཞུ་བ་བཞུགས་སྐབས། བོན་ཆེན་ཚང་དང་། ལྕགས་རྩེ་ཚང་གཉིས་ཀྱིས་སྦྱིན་བདག་བྱས་ཏེ། སྔར་སྲོལ་ལྟར་འཚོགས་འདུ་བ་ཆད་མེད་ཐོག་དབྱར་ཀ། རྣམ་རྒྱལ་སྟོང་མཆོད་འཚོགས་རྒྱུ་དང་། མང་ཚོགས་འདུས་ནས་བསྙེན་བསྙུངས་ཆ་བརྒྱ་རེ་ལོ་ལྟར། འཚོགས་རྒྱུན་གྱི་རྟེན་རྩ་བཞག་མ་ཚད་ཐག་རིང་ནས་རྡོ་བཀལ་ཏེ། རྡོ་འབུམ་ཆེན་པོ་བཞེངས་བ་སོགས། དར་རྒྱས་ཆེན་པོ་བྱུང་། དེ་སྐབས་ཨ་དཀར་མཚམས་པ་ཞུ་བ་ཞིག་འགགས་རྩ་ལ་བཞུགས་ཡོད་པ་རེད། དེ་རྗེས་དཀར་ལེགས་དགོན་ནས། བོན་སྐྱོབ་རིན་པོ་ཆེ་འདིར་བྱོན་ཏེ་བཞུགས། དེ་སྐབས་ཡ་མ་བདུད་འདུལ་བསྟན་འཛིན་ཀྱང་འདིར། བཞུགས་ནས་འགན་ཁུར་ཏེ། ལྷ་ཁང་གསར་དུ་བཞེངས་ནས། དེར་ལྷ་ཆེན་སོགས་བཞེངས། སྒར་ཁང་ནས་གང་ག་གྲགས་པ་རིན་པོ་ཆེ། རི་ཁྲོད་འདིར་གནང་རོགས་ཞུས་ཏེ། རི་ཁྲོད་འདིར་བཞུགས། དེ་སྐབས་གསེར་རྩའི་མཚམས་པ་གདུགས་དཀར་བླ་མ་བཀྲ་རྒྱལ་དང་། ཡ་མ་ཨ་སྦོ་སོགས་མཚམས་པ་འགའ་ཞིག་བཞུགས་ཡོད་པ་རེད། དེ་ནས་དམངས་གཙོ་བཅོས་བསྒྱུར་བྱས། དེ་མཚམས་༡༩༨༢་ལོར། ཡ་མ་བདུད་འདུལ་བསྟན་འཛིན་དང་། ཡ་མ་ཨ་སྦོ་གཉིས་ཀྱིས། ལྷ་ཁང་བཞེངས་ཏེ་བསྐྱར་གསོ་བྱས། རྗེས་སུ་རྒྱལ་ཁབ་ནས་རི་ཁྲོད་ཀྱི་ཆོག་མཆན་ཐོབ་པའི། འདིར་རི་ཁྲོད་དང་། ཕར་ཁར། དགོན་པ་གསར་དུ་རྒྱག་པ་རེད། དེ་ནས་ཡ་མ་མཚམས་ཆེན་རིན་པོ་ཆེ། ཕུན་ཚོགས་རྣམ་རྒྱལ། རང་ལོ་ཉི་ཤུ་ལོན་པའི། ༡༩༩༡་ལོའི་དབྱར་ཟླ་ལྔ་པའི་ཚེས་བརྒྱད་ཉིན། ཚ་ནེ་རི་ཁྲོད་དུ་བཞུགས་ཏེ། དུད་ནག་ནང་ལ་མི་འགྲོ་བའི་དམ་བཅའ་བཟོས་པས། དེ་ནས་ད་བར་རང་ཁྱིམ་སོགས། གྲོང་པའི་ཁྱིམ་ནང་རྩ་བ་ནས་འགྲོ་མྱོང་མེད། དེར་ཉམས་ལེན་རྐྱང་དེད་གཅིག་དྲིལ་བྱས། ཞོར་དུ་ཕུར་པ་ཡང་ཕྱུང་ནག་པོ་སྒྲུབ་སྟེ།་བསྙེན་པ་བྱེ་བ་བཅུ་གསུམ་ཙམ། ནམ་ཉིན་མཚན་ལྟོས་མེད་དུ་བཟླས། དེ་ནས་རང་ལོ་ཉེར་གཉིས་༡༩༩༣་ལོར། རྫོང་ཁྲོད་དུ། མཁན་བོན་དབྱིངས་རང་གྲོལ་མདུན་དུ་བཅར། དེ་སྐབས་རི་ཁྲོད་བླ་ཆུང་འཆི་མེད་རིན་པོ་ཆེ་དང་། མཐའ་ཞུ་བླ་མ་ཚུལ་ཁྲིམས་ཡེ་ཤེས་རིན་པོ་ཆེ། མཐའ་ཞུ་བླ་ཆུང་ཡེ་ཤེས། གཅེན་པོ་ཡ་མ་ཚེ་དབང་ཕུན་ཚོགས། སོགས་དང་ལྷན་དུ། དབྱིངས་རིག་མཛོད་ཀྱི་ཁྲིད་དང་། རྫོགས་ཆེན་དབང་བཞི། ཉམས་ཁྲིད་སྙིང་གི་རྒྱ་ཅན་ཁྲིད། སྲུང་མའི་རྗེས་གནང་བཅས་ཐོབ། དེར་ཡང་ཕྱི་ཡི་འཁོར་འདས་རི་ཤན་དང་། མ་རྒྱུད་ཀྱི་འཕོ་བ་སོགས་སྦྱོང་། དེ་ནས་ཡར་ཚ་ནེ་རི་ཁྲོད་དུ་ཕེབས་ཏེ། སྒྲིབ་སྦྱོང་མུན་སེལ་སྒྲོན་མའི་སྒྲུབ་པ་ལ་བཞུགས། ཞོར་དུ་མ་རྒྱུད་ཀྱི་འཕོ་བ་ཞག་བརྒྱ་ལ་སྦྱོང་། རྣལ་དབེབས་དང་སོར་ཞུགས་ཞག་མ་གཉིས་བརྒྱ་ལ་སྦྱོང་། སྟག་ལ་ལོ་གསུམ་སྒྲུབ་ཞོར་དུ། དགུན་ཁ་འཇམ་རླུང་སྦྱོང་། དེ་ནས་ཚེ་དབང་ཕུད་ཚོགས་དང་ལྷན་དུ། སྐུ་གསུམ་རང་ཤར་ལྟར་རྩ་རླུང་ཞག་བརྒྱ་ལ་སྦྱོང་། དེའི་སྐོར་ནས་གློ་ནད་སྙུང་བའི། ཁྱིམ་ཚང་གི་གཅེན་པོ་ཚོས་སྨན་ཁང་དུ་ཁུར་ནས་སྨན་བཅོས་ཟླ་ཤས་བྱས་ཀྱང་། སངས་དྲགས་མ་བྱུང་པར་ལོ་དྲུག་ཙམ་ལ། སྨན་ཟ་བཞིན་སྨན་བཅོས་ཞོར་དུ་དགེ་སྦྱོར་སྒྲུབ་པ་ཡིན་གསུང་། དེ་སྐོར་སྐུ་གསུམ་རང་ཤར་སྒྲུབ་ཞོར། ཕྱག་འབུམ་གཅིག་འཚལ། དེ་ནས་དེངས་སང་འཕྲུལ་ཆ་མོད་ནའང་། ཁོང་ཉིད་ཀོར་པོར་ཞབས་ཐང་དུ་ཕེབས་ཏེ། ལྷམ་མ་གྱོན་ནས་རྐང་རྗེན་མར་བོན་རིར་བསྐོར་བ་བཅོ་བརྒྱད་ཕུལ། དེ་ནས་བོན་རིའི་ནུབ་བྱ་སྟི་སྒྲུབ་ཕུག་ལ། མུན་མཚམས་ཞེ་དགུ་ཞིག་བཞུགས། ༼་་ནུབ་བྱ་སྟི་སྒྲུབ་ཕུག་ནི། ༡༩༩༡་ལོར་མཐའ་ཞུ་འོད་ཟེར་མཐའ་རྒྱས་ཀྱིས། བསྐྱར་གསོ་བྱས། དེ་ནས་ཁོང་བསྡད་རྒྱུ་མ་བྱུང་ཀྱང་། དེ་ནས་ད་བར་དགེ་བྱེད་པ་རྒྱུན་མ་ཆད་པར་བཞུགས་མཁན་བྱུང་འདུག་་༽དེ་གྲོལ་རྗེས་ཨ་དཀར་སྒྲིབ་སྦྱོང་འགོ་གཙུག་སྟེ། ཚུར་ཚ་ནེ་རི་ཁྲོད་དུ་བྱོན། དེར་ཡོངས་རྩེ་ཀློང་ཆེན་གྱི་རིགས་དྲུག་རང་སྦྱོང་ལྟར། ཨ་དཀར་སྒྲིབ་སྦྱོང་དུས་དྲུག་བཅད་པ། ཞེ་དགུ་གཅིག་བཞུགས་པ་དང་། དེ་ནས་ད་བར་སྔ་རྗེས་སུ། ཨ་དཀར་སྒྲིབ་སྦྱོང་ཞེ་དགུ་ཐེངས་མ། བཅུ་ཙམ་བཞུགས་པ་ཡིན་གསུང་། རི་ཁྲོད་དེར་ཁང་བརྩིགས་མཆོད་རྟེན་ཞིག་བཞེངས་ནས། ས་ཚྩ་ཁྲི་སྟོང་མང་པོ་གདབ་པ་དང་། ཆུ་གཏོར་འབུམ་ཐེར་མང་པོ་གཏོང་བཞིན་བཞུགས། དེ་ནས་ཡབ་རྒན་ཀྱང་རི་ཁྲོད་དེར་བྱུང་བས། དེ་གཡོག་ཞོར་དགེ་སྦྱོར་སྒྲུབ་བཞིན་བཞུགས་པ་ཡིན་གསུང་། དེར་ ཡབ་འདས་སོང་བའི་དེར་ཚ་ནེ་རི་ཁྲོད་དུ། ཡབ་ཀྱི་ཆེད་དུ་ཞེ་དགུ་གཅིག་བཞུགས། དེ་ནས་ཡབ་ཀྱི་རྗེས་འཇུགས་དགེ་བ་ཐོན་སོང་བ་དང་། ད་རུང་ཁོང་སྙུང་གཞི་མ་དྲག་པའི། མཚམས་ཁང་བཀྲ་ཤིས་སྒང་ཟེར་སར་སྤོས་ཏེ། གསར་དུ་ཕྱག་བཏབ། དེར་བཞུགས་ནས། ཞི་བ་ཨ་གསལ་དང་། དབལ་གསས། སྤྱི་འདུལ། དྲན་པ་ཡང་གསང་། དྲན་པ་ཡབ་སྲས། ཚེ་སྒྲུབ་བྱ་རི་མ། ཕུར་པ་ཡང་ཕྱུང་སོགས། བསྙན་སྒྲུབ་ལོ་མང་བྱས། ཞོར་དུ་ཕྲུ་གུ་བྱིས་པ་མང་པོ་ལ། འབྲི་ཀློག་བསླབས་ནས་ཡིག་རྨོངས་སེལ་བ་སྔ་ཕྱིར། ཕྲུ་གུ་ཕོ་མོ་སྟོང་ལས་བརྒལ།
- ཟིན་ཐོ་གོང་མ།གསེར་རྩ་ཡ་མ་མཚམས་ཆེན་རིན་པོ་ཆེ།
- ཟིན་ཐོ་འོག་མ།གསེར་རྩ་ཡ་མ་མཚམས་ཆེན་རིན་པོ་ཆེ།