སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
གསེར་རྩ་ཡ་མ་མཚམས་ཆེན་རིན་པོ་ཆེ། | 2016/5/17 10:30:00
གསེར་རྩ་ཡ་མ་མཚམས་ཆེན་རིན་པོ་ཆེ། བོད་ཆབ་མདོ། སྟེང་ཆེན་རྫོང་གསེར་རྩ་ཤང་། ཡ་མ་མཚམས་ཆེན། ཕུན་ཚོགས་རྣམ་རྒྱལ་རིན་པོ་ཆེའི་མཛད་རྣམ་མདོར་བསྡུས། དེ་ཡང་ཁོང་འཁྲུངས་ས་ནི། ཁྱུང་སེར་རྒྱལ་པོའི་མངའ་ཁོངས། གསེར་རྩ་རི་ཧ་ཉིན་ཐ་ཞེས་སར། མི་ཐོག་སྔོན་མ་སྔོན་མ་ཞིག་ནས་སྔགས་རྫོགས་ཀྱི་རྣལ་འབྱོར་པ། རྒྱུན་མ་ཆད་པར་ཚར་མྱོང་བའི་དུད། ཡ་མ་ཚང་ཅེས་པར་སྐུ་འཁྲུངས། ཁོང་གི་མི་ཐོག་སྔོན་མ་རྣམས་ལས། སྐད་གྲགས་ཆེ་ཤོས་འགའ་ལས་ཤེས་ཚོད་ཙམ་ལ། དང་པོ། ཡ་མ་གྲུབ་སྨྱོན་ཞེས། མཚན་ལ་སྨོན་ལམ་ཞུ་བའི་རྫོགས་ཆེན་རྣལ་འབྱོར་པ་ཞིག་འཁྲུངས་པ་དང་། དེ་རྗེས་ཡ་མ་སྔགས་རྒན་ཞེས། མཚན་ལ་གཡུང་དྲུང་ཞུ་བའི་གསང་སྔགས་བསྙེན་སྒྲུབ་ཀྱི། གྲུབ་པའི་གོ་འཕངས་མཐོ་པོར་གཤེགས་པས། གསང་སྔགས་པ་ཞིག་འཁྲུངས་པ་དང་། དེའི་སྲས་ཡ་མ་ཨ་སྦོ་ཞེས་པ་ཞིག་དང་། གསང་སྔགས་བདུད་འདུལ་བསྟན་འཛིན་ཞུ་བ་གཉིས་འཁྲུངས། དེ་གཉིས་ཀ། གསང་སྔགས་ཟབ་མོའི་དབང་ལུང་ཁྲིད་གསུམ་ལྡན་ཞིང་། བསྙེན་སྒྲུབ་ཉམས་ལེན་ལོ་ཟླ་མང་པོར་གནང་མཁན་གྱི། བོན་སྔགས་ཡིན་འདུག་ དེའི་སྲས་ཡ་མ་འོད་གསལ་ཀྱང་། སྔགས་རྫོགས་ཀྱི་ཉམས་ལེན་གནང་མཁན་ཞིག་ཡིན་འདུག་ལ། འདི་དག་སོགས་མི་ཐོག་མང་པོའི།  ས་གཏོ་སྨན་རྩིས་གསང་སྔགས་འདོན་ཆ་སྐོར་སོགས་ལ་མཁས་པའི། ཡུལ་ལུང་ལ་ཕན་ཐོག་ཆེ་བའི་མི་སྣ་ཤ་སྟག་རེད་ཟེར་བ་ཐོས། ཁོང་གི་ཡབ་ཡུམ་ནི། ཡབ་ཡ་མ་འོད་གསལ་དང་། ཡུམ་སྦྱིན་ཕྲུག་བཟའ། སྐལ་བཟང་གཡང་མཚོ་གཉིས་ཀྱི་སྲས་སུ། ཆུ་བྱི་ལོར་འཁྲུངས། ལོ་བདུན་ཐོག་གཅེན་པོ་ཚེ་དབང་ཕུན་ཚོགས་ཀྱིས། འབྲི་ཀློག་བསླབས། ལོ་དགུ་སྐབས་བླ་མ་ཁྱུང་རྒྱལ་ཟེར་བ་བཀའ་རྒྱུད་བླ་མ་ཞིག་གསེར་རྩར་ཕེབས་པ་དེས། ཁོང་རྟ་རྣ་དགོན་པའི་སྤྲུལ་སྐུ། ཁྱུང་སྤྲུལ་རིན་པོ་ཆེའི་ཡང་སྲིད་དུ་ངོས་འཛིན་གནང་། དེ་རྗེས་བླ་མ་དེས་ཁོང་རྟ་རྣར་གདན་འདྲེན་ཞུ་རྩིས་བྱས་ཀྱང་། ཨ་མྱེས་དང་ཕ་རྒན་གྱིས། མ་གཏོང་བར་ལུས། དེ་མཚམས་ཨ་མྱེས་ཡ་མ་ཨ་སྦོ་དང་། ཡབ་རྒན་ཡ་མ་འོད་གསལ་གཉིས་ཀྱིས། གསང་སྔགས་སྐོར་འདོན་ཆ་བསླབས། ༡༩༨༢་ལོར་ཡ་མ་ཨ་སྦོ་དང་། ཡ་མ་བདུད་འདུལ་བསྟན་འཛིན་གྱིས། སྔོན་མའི་ཚ་ནེ་རི་ཁྲོད་ཡོད་ས་དེར། མཚམས་ཁང་བཞེངས་ནས་རི་ཁྲོད་བསྐྱར་གསོ་གནང་བས། དེར་རང་ལོ་བཅུ་གསུམ་༡༩༨༤་ལོར་ཡར་སོང་ནས་མུ་མཐུད་དེ། འབྲི་ཀློག་དང་འདོན་ཆ་སྐོར་སྦྱོང་བརྩོན་བྱས། དེ་ནས་༡༩༨༩་རང་ལོ་བཅོ་བརྒྱད་ཐོག་མེ་སྟོན་གདན་ས། རི་ཁྲོད་དགོན་དུ་སོང་ནས། དེ་ནས་གནམ་ལྷ་རིན་པོ་ཆེར་སྔོན་འགྲོ་ཞུས་པས། རིན་པོ་ཆེ་རྣམ་པ་དགོན་པ་བཞེངས་རྒྱུ་སོགས། ཐུགས་བྲེལ་ཆེ་བའི་ཡབ་སྲས་སྔོན་འགྲོའི་ལུང་གནང་ནས། སྔོན་འགྲོའི་ཁྲིད་ཀ་མཐའ་ཞུ་འོད་ཟེར་མཐར་རྒྱས་ལ་ཞུས་གསུངས་སོང་། དེར་ང་ལས་ལོ་གཅིག་གིས་ཆུང་བའི། མཐའ་ཞུ་བླ་ཆུང་ཡེ་ཤེས་དྲུང་དུ། རི་ཐ་མཐའ་མཚམས་པ། རག་ཤི་ཤེས་རབ་ཚུལ་ཁྲིམས་སོགས། སྔོན་འགྲོའི་ཁྲིད་ཞུ་མཁན་མང་པོ་འདུག་པ་རྣམས་དང་ལྷན་དུ། ཡབ་སྲས་སྔོན་འགྲོ་དང་། སྔོན་འགྲོ་བཀའ་ལུང་རྒྱ་མཚོའི་ཁྲིད་ལུང་ཐོབ། ཨ་འགའ་རྡོ་རྗེས་སྔོན་འགྲོ་སྐོར་ཏོག་ཙམ་ཁྲིད་རོགས་གནང་བྱུང་། ལོ་དེར་རི་ཁྲོད་དགོན་དུ་བོན་ཞུ་བ་རྣམས་དུ་ལྷན་དུ། སྔོན་འགྲོ་བསགས་སྦྱོང་འབུམ་བདུན་གྲུབ་རྗེས། མེ་སྟོན་བླ་ཆུང་འཆི་མེད་རིན་པོ་ཆེས་འཕོ་ལུང་ཁྲིད་ཀ་གནང་བས། ཞག་བདུན་འཕོ་ལུང་སྦྱོང་། དེ་མཚམས་མེ་སྟོན་གནས་ལྷ་རིན་པོ་ཆེས་ཨ་གཏད་གནང་ཞིང་། ཨ་ལ་ཞག་བདུན་བལྟས། དེ་རྗེས་རི་ཁྲོད་བླ་མ་རྣམ་པ་ཕྱོགས་སུ་ཕེབས་ཁར། སེམས་ངོ་རྒྱུགས་འབུལ་དང་། ངོ་སྤྲོད་སེམས་ཁྲིད་མཐའ་ཞུ་བླ་ཆུང་ཡེ་ཤེས་ལ་ཞུས། གསུང་པ་ལྟར། རི་ཐ་རག་ཤི་མཚམས་པ་ཤེས་རབ་ཚུལ་ཁྲིམས་ཁྲིམས་སོགས་དང་། ལྷན་དུ་མཐའ་ཞུ་བླ་ཆུང་ལ་སེམས་ཁྲིད་ཞུས་པས། ཁོང་གིས་དངོས་གཞི་སྐུ་གསུམ་རང་ཤར་ལྟར་སེམས་དོན། རྒྱུགས་ལེན་དང་། ངོ་སྤྲོད་སོགས་གནང་། རྩ་བླ་གནམ་ལྷ་རིན་པོ་ཆེ་ཐུགས་ནམ་ཁོམ་སྐབས་སུ། དངོས་གཞི་རྒྱུག་ལེན་པ་དང་། སེམས་ངོ་དམར་ཁྲིད་དང་ངོ་སྤྲོད་སོགས་བཀའ་དྲིན་བསྐྱངས། དེ་ནས་མཐའ་ཞུ་བླ་ཆུང་ཡེ་ཤེས་ཀྱིས། རི་ཁྲོད་དགོན་དུ། སེམས་ཁྲིད་སོགས་བོན་ཞུ་བ་ཀུན་ལ། ཀུན་བཟང་སྙིང་ཐིག་ལྟར་ཕྱི་ནང་འཁོར་འདས་རི་ཤན། བཅས་ཀྱི་ཁྲིད་ལུང་གནང་བ་དང་། ངེད་ཚོ་ལྷན་དུ་ཉམས་ལེན་བྱས་ཏེ་སྦྱོང་། རི་ཁྲོད་དགོན་དུ་ཁྱོན་ལོ་གཉིས་བསྡད་པ་ཡིན། དེ་སྐབས་ནས་མཐའ་ཞུ་བླ་ཆུང་ཡེ་ཤེས་ཁོང་ལ། ཚེ་གཅིག་རི་ལ་བསྡད་ནས། ཉམས་ལེན་སྐྱོང་རྒྱུའི་ཁས་ལེན་དམ་བཅའ། རི་ཐ་རག་ཤི་མཚམས་པ། ཤེས་རབ་ཚུལ་ཁྲིམས་དང་ལྷན་དུ་ཕུལ་བ་ཡིན། དེ་ནས་༡༩༩༠་ལོའི་ལོ་འཇུག་ཙམ་ལ། མཐའ་ཞུ་བླ་ཆུང་ཀོང་པོར་བྱོན་སོང་བ་དང་། རི་ཁྲོད་དགོན་པར་རྒྱུན་དུ་བླ་མ་བཞུགས་མི་ཁོམ་པའི། དེ་རྗེས་༡༩༩༡་ལོའི་དཔྱིད་ཀར་གཡུང་དྲུང་དཔལ་རིར་སོང་ནས། ག་ཡུ་ཕུན་གྲགས་དང་། འཆི་མེད་རིག་འཛིན་དྲུང་ནས། སྐྲ་ཕུད་ཕུལ་ཏེ། རབ་བྱུང་ཞུས། མིང་གཡུང་དྲུང་སྨོན་ལམ་གནང་། དེར་ཟླ་ཤས་བསྡད་དེ། སེམས་ངོ་རྒྱུག་འབུལ་དང་། ཉམས་ལེན་སྐྱོང་བ་སོགས་བྱས། དེ་ནས་རི་ཁྲོད་བླ་ཆུང་འཆི་མེད་རིན་པོ་ཆེར་ཁྲིམས་ཆེན་ཉིས་བརྒྱ་ལྔ་བཅུ་ཞུས། དེ་ནས་ལོ་དེའི་ལྔ་པར་རང་ཡུལ་ཚ་ནེ་རི་ཁྲོད
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.